Watch FIFA World Cup 2026™

LIVE, FREE and EXCLUSIVE

ཆུ་གཙང་འཐུང་མཁན་སྲོག་ཆགས་བརྒྱ་ཆ་ ༢༥ ཙམ་རྩ་མེད་དུ་འགྲོ་ཉེན་ཡོད་འདུག

ROYAL EASTER SHOW

Sydney, April 6, 2001. First day of the Royal Easter Show In the Aquaculture stall. Farmed Freshwater Yabbies and Silver Perch share a tank. AAP Image/Laura Friezer (NO ARCHIVING) Credit: AAPIMAGE

ཉེ་ཆར་རྒྱལ་སྤྱིའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་མཐུན་ཚོགས་ I-U-C-N ཀྱིས་སྤེལ་བའི་སྙན་ཐོ་གསར་པ་ཞིག་གི་རྒྱལ་སྤྱིའི་ཚན་རིག་པ་ ༨༠ ལྷག་ཙམ་གྱིས་སེམས་ཅན་སྲོག་ཆགས ༢༣༠༠༠ ཙམ་ལ་ཞིབ་འཇུག་བྱས་པ་བརྒྱུད། འཛམ་གླིང་ཕྱོན་ཡོངས་སུ་ཆུ་གཙང་མ་གཏུང་མཁན་གྱི་སྲོག་ཆགས་བཞི་ཆ་ ༡ ཙམ་རིང་མིན་རྩ་སྟོང་འགྲོ་ཉེན་ཡོད་སྐོར་སྙན་ཐོ་བཏོན་འདུག་པ་དང་། ཚོགས་པ་དེས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གི་གནས་ཚུལ་དེའི་ཐད་ཐབས་ལམ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་འདུག


Published

Source: SBS


Share this with family and friends


ཉེ་ཆར་རྒྱལ་སྤྱིའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་མཐུན་ཚོགས་ I-U-C-N ཀྱིས་སྤེལ་བའི་སྙན་ཐོ་གསར་པ་ཞིག་གི་རྒྱལ་སྤྱིའི་ཚན་རིག་པ་ ༨༠ ལྷག་ཙམ་གྱིས་སེམས་ཅན་སྲོག་ཆགས ༢༣༠༠༠ ཙམ་ལ་ཞིབ་འཇུག་བྱས་པ་བརྒྱུད། འཛམ་གླིང་ཕྱོན་ཡོངས་སུ་ཆུ་གཙང་མ་གཏུང་མཁན་གྱི་སྲོག་ཆགས་བཞི་ཆ་ ༡ ཙམ་རིང་མིན་རྩ་སྟོང་འགྲོ་ཉེན་ཡོད་སྐོར་སྙན་ཐོ་བཏོན་འདུག་པ་དང་། ཚོགས་པ་དེས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གི་གནས་ཚུལ་དེའི་ཐད་ཐབས་ལམ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་འདུག


ཆུ་འབུ་ཡབ་པི་དང་། ཕྱེ་མ་ལེབ། སྦལ་བ། ཨོ་སི་ཊོ་ལི་ཡའི་ཉ་དམར། ཉ་རིགས་སོགས།

སེམས་ཅན་འདི་དག་ནི་གཙང་ཆུ་དང་མཚེའུ་ལྟ་བུའི་མཚོ་ཆུ་གསར་པའི་ནང་གནས་པའི་སྲོག་ཆགས་ཀྱི་རིགས་ཡིན།

འོན་ཀྱང་སྙན་ཐོ་གསར་པ་དེའི་ནང་འཛམ་གླིང་གི་མཚོ་ཆུ་གསར་པར་གནས་པའི་སྲོག་ཆགས་ཀྱི་བཞི་ཆའི་གཅིག་ཙམ་རྩ་མེད་དུ་འགྲོ་བའི་ཉེན་ཁའི་ནང་དུ་ལྷུང་ཡོད་འདུག

སྙན་ཐོ་དེ་ནི་འཛམ་གླིང་ཡོངས་ཀྱི་ཚན་རིག་པ་༨༠ ལྷག་གིས་མཉམ་དུ་བྲིས་པ་ཞིག་ཡིན་འདུག

ཁོང་ཚོས་རྒྱལ་སྤྱིའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཐོ་གཞུང་དམར་པོའི་ནང་ཡོད་པའི་ཆུ་གཙང་དང་མཚོ་ཆུ་གསར་པའི་ནང་གནས་པའི་སྲོག་ཆགས་༢༣༠༠༠ ལྷག་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་ཞིག་ཆགས་ཀྱི་ཡོད་འདུག 

ཚན་རིག་པ་དེ་ཚོས་སེམས་དེ་དག་ནང་ཉུང་མཐར་སེམས་ཅན་རིགས་ ༤༢༠༠ཙམ་ནི་རྩ་མེད་དུ་འགྲོ་ཉེན་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེས་ཆུ་གཙང་མར་གནས་པའི་སྲོག་ཆགས་རིགས་ཀྱི་བརྒྱ་ཆ་ ༢༤ ཟིན་གྱི་ཡོད་པ་རེད།

ཨན་ཧེ་རེ་སོན་ Ian Harrison ལགས་ནི་སྙན་ཐོ་དེ་འབྲི་མཁན་གྲས་ཤིག་དང་། རྒྱལ་སྤྱིའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་མཐུན་ཚོགས་ I-U-C-N ཀྱི་ཆུ་གཙང་མའི་སྲུང་སྐྱོབ་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཡིན་པ་རེད།

ཁོང་གིས་བརྒྱ་ཆ་ ༢༤ ནི་ཧ་ཅང་མང་པོ་ཞིག་རེད་ཅེས་བརྗོད་འདུག

 

ཁོང་གིས་ཆུ་གཙང་ཆུ་གནས་སྲོག་ཆགས་ནི་རྒྱ་མཚོ་དང་སྐམ་སའི་སྲོག་ཆགས་ལས་མང་བ་ཞིག་ཉམས་ཆག་འགྲོ་བའི་བཞིན་ཡོད་པ་ཡུན་རིང་ནས་ཤེས་རྟོགས་བྱུང་ཡོད། དེ་ནི་ཉེན་ཁ་འཕྲད་པའི་ཚད་གཞི་དང་ཉེན་ཁ་དེ་དག་ནི་གཙང་ཆུའི་རྒྱུན་དེ་དག་ཡར་མར་འཕེལ་འགྲིབ་བྱེད་བཞིན་ཡོད་པའི་རྒྱུ་མཚན་གྱིས་ཀྱང་རེད་འདུག་ཅེས་འགྲེལ་བརྗོད་གནང་འདུག

ཆུ་གཙང་མའི་སྣོད་བཅུད་ཀྱི་ཁྱོན་ནི་སའི་གོ་ལའི་རྒྱ་ཁྱོན་གྱི་བརྒྱ་ཆ་.༠༡ ལས་ཉུང་བ་ཡིན ་ཡང་། དེས་སའི་གོ་ལའི་སྲོག་ཆགས་རིགས་ཀྱི་བརྒྱ་ཆ་ ༡༠ ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ཞིབ་འཇུག་སྙན་ཐོའི་ནང་། ཞིང་ལས་དང་ནགས་ལས་ཀྱི་འབག་བཙོག་སོགས་ཀྱིས་གཙང་ཆུའི་ནང་གནས་པའི་སྲོག་ཆགས་ཉམས་ཆག་འགྲོ་བཞིན་པ་རྣམས་ཀྱི་བརྒྱ་ཆ་ལྔ་བཅུ་ལྷག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ཆུ་རག་རྒྱག་པ་སོགས་ཀྱི་ལས་གཞིས་ཀྱང་གཙང་ཆུའི་སྐྱེ་ཁམས་རིམ་ལུགས་ལ་གནོད་སྐྱོན་བཟོ་བཞིན་ཡོད་སྐོར་བཀོད་ཡོད།

སློབ་དཔོན་ཆེན་མོ་ཧེ་རི་སིན་ Professor Harrison  གྱིས་ཁྱེད་ཀྱིས་ཆུ་རགས་ཤིག་བཙུགས་པ་ཡིན་ན། མངོན་གསལ་དོད་ཤོས་ནི་ཁྱེད་ཀྱིས་ཆུ་བོའི་རྒྱུན་ལ་གཏོར་བཤིག་གཏོང་གི་ཡོད་པ་དེ་རེད། དེའི་དོན་ནི་གཙང་པོའི་སྟེང་འོག་ལ་འགྲོ་བཞིན་པའི་སྲོག་ཆགས་གང་འདྲ་ཞིག་ཡིན་རུང་དེ་དག་འགྲོ་མི་ཐུབ་པ་ཆགས་ཀྱི་ཡོད། དེས་དཔེར་ན། འཁྱུག་ཉ་རིགས་རྣམས་ཁོང་ཚོའི་སྒོ་ང་གཏོང་སའི་གནས་ལ་འགྲོ་མི་ཐུབ་པ་ཆགས་ཀྱི་ཡོད། དེ་བཞིན་སྟེང་འོག་གི་སྲོག་ཆགས་རིགས་རྣམས་འདྲེས་སྦྱོར་ཡོང་གི་མེད་པ་ཆགས་ཀྱི་ཡོད། དེར་བརྟེན་གཙང་པོའི་སྟོད་སྨད་ཀྱི་སྲོག་ཆགས་རིགས་རྣམས་འདྲེས་སྦྱོར་བྱེད་མི་ཐུབ་པ་བཟོ་བཞིན་ཡོད་པ་རེད་ཅེས་གསུངས་འདུག 

གནམ་གཤིས་འགྱུར་ལྡོག་དང་ཆུ་བེད་སྤྱོད་ཚད་མེད་གཏོང་བ་སོགས་ནི་ཉེན་ཁའི་ནང་དུ་ལྷུང་བའི་ཆུ་གནས་སྲོག་ཆགས་རིགས་རྣམས་རྩ་མེད་དུ་འགྲོ་ཉེན་གྱི་རྒྱུ་རྐྱེན་གཞན་ཞིག་ཡིན།

སློབ་དཔོན་ཆེན་མོ་ཧེ་རི་སོན་གྱིས་དཀའ་ངལ་དེ་སྙན་ཐོའི་ནང་དུ་བཀོད་པ་ལས་ལྷག་པ་ཞིག་དངོས་སུ་ཡོང་རྒྱུ་ཡིན་སྐོར་གསུངས་འདུག

ང་ཚོར་སེམས་ཅན་དེ་དག་ལ་ཉེན་ཁ་ག་ཚོད་ཅིག་ཡོད་མེད་གནས་ཚུལ་ཆ་ཚང་ཞིག་རག་ཐུབ་ཀྱི་མི་འདུག་ཀྱང་སེམས་ཅན་མང་པོ་ཞིག་ལ་ཉེན་ཁ་ཆེན་པོ་རེད་འདུག ང་ཚོར་རག་པའི་གནས་ཚུལ་གཞན་དག་ལ་གཞིར་བཞག་ནས། གལ་སྲིད་ང་ཚོས་ཤེས་རྟོགས་ཡོད་པའི་སྲོག་ཆགས་རིགས་ཀྱི་བརྒྱ་ཆ་༢༥ ལ་ཉེན་ཁ་ཡོད་ན། དེ་ནས་ང་ཚོས་གནས་ཚུལ་མ་འདང་བ་ཡོད་པའི་སྲོག་ཆགས་རིགས་བཞི་ཆ་གཅིག་ཙམ་ཡང་ཉེན་ཁའི་ནང་ལྷུང་ཡོད་པ་བཤད་ཐུབ། དེར་བརྟེན་ཉེན་ཁའི་ནང་དུ་ལྷུང་བའི་སྲོག་ཆགས་རིགས་ཀྱི་གྲངས་ཀ་ནི་ང་ཚོས་དངོས་སུ་ཤེས་པ་ལས་ཀྱང་མང་བ་ཡོད་སྲིད་ཅེས་གསུངས་འདུག

 གཙུག་ལག་སློབ་དཔོན་པི་ཊོག་ Professor Pittock གིས་ཆུ་བོའི་མ་ལག་ལ་གྱོང་གུན་ཕོག་པ་དེས་ཨོ་སི་ཁྲུ་ལི་ཡའི་སྲོག་ཆགས་རིགས་འདི་དག་ལ་ཉེན་ཁ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཅེས་གསུངས་འདུག 

ཡང་ཁོང་གིས་དཔེར་ན་ཉའི་ཐེམ་སྐས་བཟོ་རྒྱུ་ལྟར་བུར་གཞུང་ལ་ཨོ་སི་ཁྲུ་ལི་ཡའི་ཆུ་ལམ་གྱི་བདེ་འཇགས་སླར་གསོ་བྱེད་པའི་ལས་དོན་ལ་མ་དངུལ་སྤྲོད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

གཙུག་ལག་སློབ་དཔོན་པི་ཊོག་གིས་ད་ལྟ་ཨོ་སི་ཁྲུ་ལི་ཡའི་ཆུ་བོ་རིང་ཤོས་དེ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གསར་པ་བཏོན་པའི་དུས་ཚོད་ཡག་ཤོས་ཤིག་ཡིན་སྐོར་བརྗོད་འདུག 

ཁོང་གིས་ཨོ་སི་ཁྲུ་ལི་ཡའི་གཞུང་གིས་ལོ་གཉིས་སྔོན་ལ་གཙང་ཆུར་གནས་པའི་སྲོག་ཆགས་རིགས་མང་པོ་རྩ་མེད་འགྲོ་བར་བཀག་འགོག་བྱ་རྒྱུའི་ཁས་ལེན་བྱས་ཡོད། ད་ལྟ་སྤྱི་མཐུན་གཞུང་གིས་དེ་ལ་མ་དངུལ་མང་བ་གཏང་ནས་རྒྱབ་སྐྱོར་བྱེད་དགོས་པའི་དུས་ཚོད་ཅིག་རེད་ཅེས་གསུངས་འདུག


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now