Watch FIFA World Cup 2026™

LIVE, FREE and EXCLUSIVE

ཧྥི་ཧྥ་རྩེད་འགྲན་གྱི་ཉིན་རེའི་གསར་འགྱུར་གནད་བསྡུས། ༼མེ་སི་དང་། བྷ་པེ། ཧ་ལན་བཅས་ཀྱིས་ཉིན་དྲུག་པའི་རྩེད་འགྲན་འོད་སྣང་གིས་ཁྱབ་པར་བྱས།༽

Argentina v Algeria - FIFA World Cup 2026

ལི་ཡོ་ནལ་མེ་སི་ཡིས་བསྟུན་མར་སྤོ་ལོ་གསུམ་བླུགས་ཏེ་རང་ཉིད་འཛམ་གླིང་རྐང་རྩེད་སྤོ་ལོའི་ནང་ཐེངས་དྲུག་ཞུགས་མཁན་གཅིག་ཤོས་དེ་ཡིན་པའི་དགའ་སྟོན་བྱས་པ། Source: SIPA USA / Alexandra Fechete/SPP/Alexandra Fechete/SPP/Sipa USA

འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་དྲུག་པའི་སྐབས་སུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་ཕུལ་བྱུང་རྩེད་འགྲན་པ་ཚོས་མཚན་སྙན་ཡོད་པ་བཞིན་བྱས་རྗེས་ཆེན་པོ་བཞག་ཡོད། ལི་ཡོ་ནལ་མེ་སི་ཡིས་བསྟུན་མར་སྤོ་ལོ་གསུམ་བླུགས་ཏེ་རང་ཉིད་འཛམ་གླིང་རྐང་རྩེད་སྤོ་ལོའི་ནང་ཐེངས་དྲུག་ཞུགས་མཁན་གཅིག་ཤོས་དེ་ཡིན་པའི་དགའ་སྟོན་བྱས་པ་དང་ལྷན་། ཀི་ལི་ཡན་བྷ་པེ་དང་། ཨར་ལིང་ཧ་ལན་གཉིས་ཀྱིས་ཚར་གཉིས་རེ་བླུགས་ཏེ་ངོ་མཚར་ཆེ་བའི་རྒྱལ་ཁ་བླངས། གསན་མཁན་རྣམས་པ་ཨེ་སི་བྷི་ཨེ་སི་དམིགས་བསལ་ལས་རིམ་སྙན་སྒྲོན་ཞབས་ཞུ་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་ཉིན་རེའི་གསར་འགྱུར་གནད་བསྡུས་རྒྱང་སྒྲོག་ལ་འཚམས་འདྲི་ཞུ། གུས་མོ་འབྲོམ་གཉེར་ཤར་ཟླ་སྒྲོན་ཡིན།


Published

Updated

By Kate Onomichi

Presented by Domnyershar Dadon

Source: SBS



Share this with family and friends


འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་དྲུག་པའི་སྐབས་སུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་ཕུལ་བྱུང་རྩེད་འགྲན་པ་ཚོས་མཚན་སྙན་ཡོད་པ་བཞིན་བྱས་རྗེས་ཆེན་པོ་བཞག་ཡོད། ལི་ཡོ་ནལ་མེ་སི་ཡིས་བསྟུན་མར་སྤོ་ལོ་གསུམ་བླུགས་ཏེ་རང་ཉིད་འཛམ་གླིང་རྐང་རྩེད་སྤོ་ལོའི་ནང་ཐེངས་དྲུག་ཞུགས་མཁན་གཅིག་ཤོས་དེ་ཡིན་པའི་དགའ་སྟོན་བྱས་པ་དང་ལྷན་། ཀི་ལི་ཡན་བྷ་པེ་དང་། ཨར་ལིང་ཧ་ལན་གཉིས་ཀྱིས་ཚར་གཉིས་རེ་བླུགས་ཏེ་ངོ་མཚར་ཆེ་བའི་རྒྱལ་ཁ་བླངས། གསན་མཁན་རྣམས་པ་ཨེ་སི་བྷི་ཨེ་སི་དམིགས་བསལ་ལས་རིམ་སྙན་སྒྲོན་ཞབས་ཞུ་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་ཉིན་རེའི་གསར་འགྱུར་གནད་བསྡུས་རྒྱང་སྒྲོག་ལ་འཚམས་འདྲི་ཞུ། གུས་མོ་འབྲོམ་གཉེར་ཤར་ཟླ་སྒྲོན་ཡིན།


འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་དྲུག་པའི་སྐབས་སུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད་པ་དང་ཕུལ་བྱུང་རྩེད་འགྲན་པ་ཚོས་མཚན་སྙན་བཞིན་བྱས་རྗེས་ཆེན་པོ་བཞག་ཡོད། ལི་ཡོ་ནལ་མེ་སི་ཡིས་བསྟུན་མར་སྤོ་ལོ་གསུམ་བླུགས་ཏེ་རང་ཉིད་འཛམ་གླིང་རྐང་རྩེད་སྤོ་ལོའི་ནང་ཐེངས་དྲུག་ཞུགས་མཁན་གཅིག་ཤོས་དེ་ཡིན་པའི་དགའ་སྟོན་བྱས་པ་དང་ལྷན་། ཀི་ལི་ཡན་བྷ་པེ་དང་། ཨར་ལིང་ཧ་ལན་གཉིས་ཀྱིས་ཚར་གཉིས་རེ་བླུགས་ཏེ་ངོ་མཚར་ཆེ་བའི་རྒྱལ་ཁ་བླངས། གསན་མཁན་རྣམས་པ་ཨེ་སི་བྷི་ཨེ་སི་དམིགས་བསལ་ལས་རིམ་སྙན་སྒྲོན་ཞབས་ཞུ་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་ཉིན་རེའི་གསར་འགྱུར་གནད་བསྡུས་རྒྱང་སྒྲོག་ལ་འཚམས་འདྲི་ཞུ། གུས་མོ་འབྲོམ་གཉེར་ཤར་ཟླ་སྒྲོན་ཡིན།

ཞོགས་པ་ཉིའུ་ཡོག་ཏུ་ཧྥ་རན་སི་ཡིས་སེ་ནེ་གྷལ་དང་འགྲན་བསྡུར་བྱས་ཏེ་རུ་ཁག་པ་ཡི་འགྲན་བསྡུར་མགོ་བཙུགས།

སུ་ལ་ཡང་རྒྱལ་ཁ་མེད་པའི་རྩེད་ཡུན་ཐོག་མའི་སྐར་མ་ ༦༦ ལ་སླེབས་སྐབས་ཀི་ལི་ཡན་བྷ་པེ་ཡིས་སྒོ་ང་བཅག་པ་དང་དེའི་རྗེས་བྷེ་རེ་ཌི་ལི་བྷར་ཁོ་ལ་ཡིས་གཉིས་ལྡབ་བཟོས་སོང་།

སེ་ནེ་གྷལ་གྱིས་འགོག་རྒོལ་བྱེད་ཐུབ་པ་བྱུང་ཡང་། བྷ་པེ་ཡིས་བསྐྱར་དུ་རྒྱལ་ཁ་ཐོབ་སྟེ་ཧྥ་རན་སིའི་ནང་སློ་ལོ་མང་ཤོས་བླུགས་མཁན་དུ་གྱུར།

དེ་དང་དུས་མཚུངས་སུ། མ་སེ་ཆུ་སེ་ཊི་སི་ནང་དུ་ཨོ་སི་ཊེ་ལི་ཡའི་སྤོ་ལོའི་དགེ་རྒན་གྷི་རམ་ཨར་ནོལ་ཌི་ཡིས་སྦྱོང་བརྡར་སྤྲད་པའི་ཨི་རག་གི་རུ་ཁག་དང་ནོར་ཝེ་གཉིས་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་དུ་ཡུན་རིང་རྗེས་ཕྱིར་ལོག་བྱས།

ཕུལ་བྱུང་རྩེད་འགྲན་པ་ཨར་ལིང་ཧ་ལན་གྱིས་ཁ་གྲངས་ ༤-༡ ཡི་ལྷག་པར་རྒྱལ་བར་བྱས་ནས་དུས་ཚོད་ཕྱེད་ཀ་མ་ཟིན་གོང་ནོར་ཝེ་ལ་མངོན་པར་བསྟོད་འོས་ཀྱི་རྒྱལ་ཁ་བླངས།

གྲུབ་འབྲས་ཇི་བྱུང་ལ་མ་ལྟོས་པར། ཨར་ནོལ་ཌི་ཡིས་ཨི་རག་གི་འགྲན་བསྡུར་ནང་མདུན་སྐྱོད་བྱེད་པའི་རེ་བ་བཅངས་བཞིན་ཡོད་པ་རེད།

ཁན་ས་སི་སི་གྲོང་ཁྱེར་ནང་དུ་ཨར་ཇིན་ཊི་ནའི་ལི་ཡོ་ནལ་མེ་སི་ཡིས་སྤོ་ལོ་གསུམ་བླུགས་ཏེ་ཨལ་ཇི་རི་ཡ་ཕམ་པར་བྱས། རྩེད་འགྲན་དེའི་གྲུབ་འབྲས་ནི་ ༣-༠ ཡིན།

ལོ་ ༣༩ ཅན་གྱི་མེ་སི་ཡིས་ད་ཆ་མི་རོ་སི་ལ་ཝི་ཀོ་ལོ་སི་དང་ལྷན་དུ་ཁྱོན་སྤོ་ལོ་༡༦ བླུགས་ཏེ་འཛམ་གླིང་རྐང་རྩེད་སྤོ་ལོ་མང་ཤོས་བླུགས་མཁན་གྱི་སྙན་གྲངས་ལྡན་པར་གྱུར་ཡོད།

སྐབས་དེར་ཀ་ལི་ཧྥོར་ནི་ཡའི་ནང་དུ་ཨོ་སི་ཊེ་ར་ཡིས་འཛམ་གླིང་རྐང་རྩེད་སྤོ་ལོར་ཐེངས་དང་པོར་ཞུགས་པའི་ཇོར་ཌན་དང་འགྲན་བསྡུར་བྱས་ཏེ་རྒྱལ་ཁ་༣-༡ བླངས།

རོ་མེ་ནོ་ཤི་མི་ཌི་ ཡིས་ཨོ་སི་ཊི་རི་ཡའི་ཆེད་དུ་སྤོ་ལོ་གཅིག་བླུགས་ཀྱང་མགྱོགས་མྱུར་ཇོར་ཌན་གྱི་ཨ་ལི་ཨོལ་ཝན་གྱིས་ཐེངས་གཉིས་པའི་མགོ་སྟོད་དུ་འདྲ་མཉམ་བཟོས། འོན་ཀྱང་ཨོ་སི་ཊི་རི་ཡ་ཡིས་དེའི་ལན་དུ་སྤོ་ལོ་གཉིས་བླུགས།

ང་ཚོའི་རུ་ཁག་སོ་ཁར་རུ་སི་འགྲན་བསྡུར་རྗེས་མའི་ནང་མཉམ་ཞུགས་བྱེད་པར་ཉིན་གསུམ་ལས་མེད་པ་དང་། འགྲན་རྩེད་དེ་སི་ཡ་ཊལ་དུ་རྩེད་འགྲན་གོ་སྒྲིག་པ་ཨ་རི་དང་འགྲན་བསྡུར་བྱེད་རྒྱུ་ཡིན་པ་དང་། འགྲན་རྩེད་དེ་ཆུ་ཚོད་ལྔ་པར་ཐད་གཏོང་བྱེད་རྒྱུ་ཡིན། ཨོ་སི་ཊེ་ལི་ཡས་ཚེས་ ༢༦ ཉིན་པེ་ར་གྷུ་ཡེ་དང་འགྲན་བསྡུར་བྱེད་རྒྱུ་རེད།

རེ་འཟའ་པ་སངས་ཀྱི་འགྲན་རྩེད་ནང་ཆེས་རེ་སྒུག་ཆེ་ཤོས་བྱེད་སའི་སྡེ་ཚན་དབྱིན་ཇི་དང་ཁོ་རོ་ཤི་ཡ་གཉིས་ཐུག་རྒྱུ་རེད། ས་གནས་གཞན་དུ་པོར་ཅུ་གྷལ་གིས་ཀོང་ཁོ་དང་། གྷ་ན་ཡིས་པ་ན་མ། ཀོ་ལོམ་བྷི་ཡས་ཨུ་ཛི་བྷེ་ཁི་སི་ཐན་དང་ལྷན་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

ཁྱེད་རང་གིས་གསན་བཞིན་པ་ནི་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་དྲུག་པའི་ཉིན་རེའི་གསར་འགྱུར་གནད་བསྡུས་ཡིན། རྩེད་འགྲན་ཆེན་མོ་དེའི་སྐར་ཆ་རེ་རེའི་གནས་ཚུལ་ཆེད་ཨེ་སི་བྷི་ཨེ་སི་ཨོན་ཌི་མན་ཌི་ལ་གཟིགས་རོགས།།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now