SKIP TO MAIN CONTENT

༄༅། །སན་ཊར་ལིང་ངམ་དབུས་འབྲེལ་ཐག་ཁང་གི་རོགས་དངུལ་གྱི་འཕར་ཆ། News

Picture1.jpg
བུ་ཕྲུག་དང་གཟའ་ཟླ་གང་ཡང་མེད་མཁན་ཚོར་བདུན་གཉིས་རེའི་ཐོབ་དངུལ་ཨོ་སྒོར་ ༡༦.༢༠ འཕར་ཡོད་པ་ཁྱོན་བསྡོམས་ཨོ་སྒོར་ ༨༣༣.༧༠ གྱུར་ཡོད། Credit: པར་ཁུངས། ཨེ་པི་པི་པར་རིས།

ཨོ་སི་ཊེ་ལི་ཡའི་གཞུང་གི་རོགས་དངུལ་ཐོབ་མཁན་ཡུལ་མི་ས་ཡ་མང་པོ་ཞིག་ལ་བདུན་གཉིས་རེའི་ཐོབ་ཆའི་ཚད་གཞི་ལ་འགྱུར་བ་འགྲོ་བཞིན་ཡོད།


Published

By Niv Sadrolodabaee

Presented by Domnyershar Dadon

Source: SBS


Skip to podcast episode content

ཨོ་སི་ཊེ་ལི་ཡའི་གཞུང་གི་རོགས་དངུལ་ཐོབ་མཁན་ཡུལ་མི་ས་ཡ་མང་པོ་ཞིག་ལ་བདུན་གཉིས་རེའི་ཐོབ་ཆའི་ཚད་གཞི་ལ་འགྱུར་བ་འགྲོ་བཞིན་ཡོད།


གནས་ཚུལ་སྙིང་བསྡུས།

  • འཚོ་དངུལ་གྱི་ཛ་ཐང་འཕར་བ་དང་བསྟུན་ནས་གཞུང་གི་རྒན་གསོ། ལས་ཀ་འཚོལ་མཁན། ན་གཞོན། ཕ་མ། སློབ་སྦྱོང་། ཁང་གླ་སོགས་ཀྱི་རོགས་དངུལ་གྱི་ཚད་གཞི་འཕར་རྒྱུ་ཡིན་འདུག།
  • གཞུང་གིས་ད་དུང་བདེ་འཇགས་མ་དངུལ་ཐོབ་ཆའི་གཞི་འཛིན་ཚད་གཞི་དག་ཀྱང་སྤར་ཡོད།

ཉེ་དུས་དངུལ་བབ་ཛ་ཐང་གྱི་ཚད་གཞི་དང་བསྟུན་ནས་བདུན་ཕྲག་ཁ་ཤས་ནང་ཨོ་སི་ཊེ་ལི་ཡའི་མི་ས་ཡ་ ༥.༣ ལྷག་ལ་བདེ་འཇགས་དངུལ་བབ་ཐོབ་ཆ་མཐོ་རུ་འགྲོ་གི་ཡོད།

ཐོབ་ཆ་གསར་པ་དེ་དག་ཟླ་ ༩ ཚེས་ ༢༠ ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་ལ། ཉིན་དེ་ནས་བཟུང་རྒན་གསོ་དང་། ལས་ཀ་འཚོལ་མཁན། ན་གཞོན། ཕ་མ། སློབ་སྦྱོང་། ཁང་གླ་བཅས་ཀྱི་རོགས་དངུལ་གྱི་ཚད་གཞི་འཕར་གྱི་ཡོད།

སྤྱི་ཚོགས་ཞབས་ཞུའི་བློན་ཆེན་ཊ་ནི་ཡ་ཧྥི་ལི་བར་སེག་གིས་བརྗོད་དོན། "ཉིན་དེ་ནས་བཟུང་འཚོ་བའི་འགྲོ་གྲོན་གྱི་རོགས་སྐྱོར་དངུལ་འཕར་མ་ས་ཡ་ ༤ ཙམ་ཨོ་སི་ཊེ་ལི་ཡའི་མི་ས་ཡ་ ༥.༣ ལ་འབྱོར་འགོ་ཚུགས་རྒྱུ་རེད།" ཅེས་དང་།

"དེ་དག་ནི་ཁང་གླ་དང་། ཟ་ཆས། ཉིན་རེའི་འགྲོ་གྲོན་སོགས་འདང་ངེས་ཡོང་བར་རོགས་སྐྱོར་བྱེད་རྒྱུའི་ཕྱིར་ཡིན།"

"ང་ཚོས་མུ་མཐུད་དུ་ལམ་ལུགས་དེའི་ཐོག་དགོས་མཁོ་ཡོད་མཁན་ཚོར་རྒྱབ་སྐྱོར་བྱེད་ཐུབ་པ་བཟོ་རྒྱུ་ཡིན་ལ། དེ་ལྟར་མི་ཚང་མ་འཚོ་བ་སྐྱེལ་ཐུབ་པ་དང་སུ་གཅིག་ཀྱང་རྗེས་སུ་མ་ལུས་པ་བྱེད་རྒྱུ་ཡིན།"

འོན་ཀྱང་། ཨོ་སི་ཊེ་ལི་ཡའི་སྤྱི་ཚོགས་ཞབས་ཞུ་ལྷན་ཚོགས་ཀྱི་འགན་འཛིན་ཁ་སན་ཌི་རཱ་གྷོལ་ཌི་ཡིས་"ཨོ་སྒོར་འཕར་མ་རེ་རེས་ཁྱད་པར་བཟོ་ངེས་ཀྱང་། རྒྱུན་ལྡན་གྱི་འཕར་ཚད་དེས་མི་རྣམས་དབུལ་ཕོངས་དང་བཀྲེས་ལྟོགས་ལས་སྐྱོབ་ཐུབ་ཀྱི་མེད།"

ཁོ་མོས་ཨེ་སི་བྷི་ཨེ་སི་གསར་ཁང་ལ་ "ལས་ཀ་འཚོལ་མཁན་གྱི་ཐོབ་ཆ་ལ་བརྟེན་མཁན་ཚོས་ཉིན་རེའི་ཟས་ཐུན་གསུམ་དང་མགོ་བོོ་ལ་ཐོག་ཁེབ་ཅིག་འདང་ངེས་ཐུབ་ཀྱི་མེད།" ཅེས་དང་།

"གཞུང་གིས་ལས་ཀ་འཚོལ་མཁན་དང་། ན་གཞོན། ཕ་མ་བཅས་དང་འབྲེལ་ཡོད་ཀྱི་རོགས་དངུལ་ལ་དོན་དངོས་ཀྱི་འཕར་ཆ་ཆེན་པོ་ཞིག་སྤྲད་ཐུབ་ན་མི་རྣམས་ལ་མེད་དུ་མི་རུང་བའི་དངོས་པོ་དག་འདང་ངེས་ཡོང་ཐུབ" ཅེས་གསུངས།

སྤྱི་ཚོགས་བདེ་འཇགས་ཀྱི་ཐོབ་ཆ་དག་ནི་སྤྱིར་བཏང་ལོ་ཕྱེད་རེར་ཐེངས་གཉིས་རེ་འཕར་བ་དང་། དེ་ནི་འཚོ་བའི་འགྲོ་གྲོན་གྱི་འགྱུར་བ་དང་ཆ་སྙོམས་གླ་ཕོགས་དང་མཐུན་པ་ཡོང་ཆེད་ཡིན།

གཤམ་དུ་ད་ཐེངས་ཀྱི་ཐོབ་ཆའི་འཕར་ཚད་རྣམས་བཀོད་ཡོད།

རྒན་གསོའི་རོགས་དངུལ་ཇི་ཙམ་འཕར་གྱི་ཡོད་དམ།

རྒན་གསོའི་རོགས་དངུལ་གྱི་ཚད་གཞི་མཐོ་ཤོས་དེ་ཁེར་རྐྱང་བ་ཚོར་བདུན་གཉིས་རེར་ཨོ་སྒོར་ ༡,༢༣༧.༧༠ སྟེ། སྒོར་ ༣༦.༨༠ འཕར་རྒྱུ་ཡིན་པ་དང་། ཁྱོ་ཤུག་གཉིས་ལ་སྒོར་ ༥༥.༦༠ འཕར་བས་ཁྱོན་བདུན་གཉིས་རེའི་ནང་ཨོ་སྒོར་ ༡༨༦༦,༠༠ ཐོབ་ཀྱི་ཡོད།

གཞུང་ཁང་ནང་མེད་མཁན་གྱི་རྒན་གསོ་དངུལ་ཐོབ་མཁན་ཁེར་རྐྱང་བ་ཚོར་ཨོ་སྒོར་ ༥ དང་། ཁྱོ་ཤུག་གཉིས་ལ་སྒོར་ ༡.༧༠ རེ་འཕར་རྒྱུ་རེད།

ལས་ཀ་འཚོལ་བཞིན་པ་ཚོའི་ཐོབ་ཆ་ཇི་ཙམ་འཕར་ཡོད་དམ།

ཕྲུ་གུ་མེད་པའི་ཁེར་རྐྱང་བ་ཚོར་ཨོ་སྒོར་ ༡༦.༢༠ རེ་འཕར་ནས་བདུན་གཉིས་རེར་ཁྱོན་ ༨༣༣.༧༠ ཐོབ་རྒྱུ་དང་། ཕྲུ་གུ་ཡོད་པའི་ཕ་མ་ཁེར་རྐྱང་བ་ཚོར་སྒོར་ ༡༧.༣༠ སྟེ་ཁྱོན་བསྡོམས་བདུན་གཉིས་རེའི་ཐོབ་ཆ་དེ་སྒོར་ ༨༩༢.༨༠ ལ་འཕར་རྒྱུ་རེད།

ཁྱོ་ཤུག་གཉིས་ལ་སྒོར་ ༡༤.༨༠ རེ་འཕར་རྒྱུ་ཡིན་ལ། བདུན་གཉིས་རེའི་ཐོབ་ཆ་དེ་མི་རེ་ལ་སྒོར་ ༧༦༣ ཆགས་གི་ཡོད།

ཕ་མའི་རོགས་དངུལ་ཚད་གཞི་ལ་འགྱུར་བ་ཅི་ཞིག་འགྲོ་གི་ཡོད་དམ།

བྱིས་པ་གསོ་སྐྱོང་གི་རོགས་དངུལ་ཐོབ་མཁན་ཚོར་ཡང་འཚོ་འདོད་འཕར་རྒྱུ་ཡིན་པ་ལྟར། ཕ་མ་གཅིག་ཁོ་ན་ཡིན་པ་ཚོར་བདུན་གཉིས་རེར་ཨོ་སྒོར་ ༡༠༨༧.༢༠ སྟེ་སྒོར་ ༢༠.༩༠ དང་། ཁྱོ་ཤུག་གཉིས་ལ་སྒོར་ ༧༦༣ སྟེ་ ༡༤.༨༠ འཕར་རྒྱུ་ཡིན་པ་རེད།

ཁང་གླའི་རོགས་དངུལ་འཕར་གྱི་ཡོད་དམ།

ཁང་པ་གླ་མཁན་ས་ཡ་གཅིག་ལྷག་ལ་ཁང་གླའི་རོགས་དངུལ་འཕར་རྒྱུ་རེད།

ཁང་གླའི་རོགས་དངུལ་མཐོ་ཤོས་དེ་ཕྲུ་གུ་མེད་པའི་ཁེར་རྐྱང་བ་ཚོར་བདུན་གཉིས་རེར་སྒོར་ ༢༢༣.༨༠ སྟེ་༤.༤༠ འཕར་གྱི་ཡོད་པ་དང་། ཕྲུ་གུ་གཅིག་གམ་གཉིས་ཡོད་མཁན་ཚོར་སྒོར་ ༥.༡༨ འཕར་ནས་ ༢༡༡ ཐོབ་རྒྱུ་དང་། ཕྲུ་གུ་གསུམ་མམ་དེ་ལས་མང་བ་ཡོད་མཁན་ཚོར་སྒོར་ ༥.༨༨ འཕར་ནས་སྒོར་ ༢༩༧.༣༦ ཐོབ་རྒྱུ་ཡིན་འདུག

ཁྱོ་ཤུག་གཉིས་ཀྱི་ཁང་གླའི་རོགས་དངུལ་མཐོ་ཤོས་དེ་ཁྱོན་ ༢༡༡ སྟེ་སྒོར་ ༤.༢༠ འཕར་རྒྱུ་རེད།

ཕྲུ་གུ་གཅིག་གམ་གཉིས་ཡོད་མཁན་ཚོར་སྒོར་ ༥.༡༨ འཕར་ནས་ཁྱོན་ ༢༦༣.༠༦ ཐོབ་རྒྱུ་རེད། ཕྲུ་གུ་གསུམ་མམ་དེ་ལས་མང་བ་ཡོད་མཁན་ཚོར་སྒོར་ ༥.༨༨ འཕར་ནས་ཁྱོན་བདུན་གཉིས་རེར་སྒོར་ ༢༩༧.༣༦ ཐོབ་ཀྱི་ཡོད།

ན་གཞོན་ཚོར་ལག་དངུལ་གྱི་འཕར་ཆ།

ལོ་ ༡༨ ནས་ ༢༤ བར་གྱི་ན་གཞོན་ཚོར་ཟླ་ ༩ ཚེས་ ༢༠ ཉིན་ནས་ན་གཞོན་གྱི་ལག་དངུལ་རོགས་སྐྱོར་དེ་ ༢༠.༩༠ འཕར་ནས་ཁྱོན་སྒོར་ ༡,༠༨༧.༢༠ ཆགས་རྒྱུ་རེད།

སློབ་ཡོན་གྱི་རོགས་སྐྱོར་གྱི་འཕར་ཆ།

ལོ་ ༢༢ ཡན་གྱི་ཁེར་རྐྱང་བ་སློབ་ཡོན་གྱི་དོད་རོགས་རམ་ཐོབ་མཁན་ཚོར་བདུན་གཉིས་རེའི་ཐོབ་ཆ་དེ་སྒོར་ ༡༦.༢༠ འཕར་ནས་ཁྱོན་ ༨༣༣.༧༠ ཆགས་རྒྱུ་རེད། ཕྲུ་གུ་ཡོད་མཁན་ཚོར་སྒོར་ ༡༧.༣༠ འཕར་རྒྱུ་ཡིན་ལ། དེས་བདུན་གཉིས་རེར་སྒོར་ ༨༩༢.༨༠ ཐོབ་རྒྱུ་རེད།

ལོ་ ༥༥ ཡན་གྱི་ཁེར་རྐྱང་བ་ཚོར་སློབ་སྦྱོང་གི་དོད་བདུན་གཉིས་རེར་སྒོར་ ༨༩༩.༨༠ ཐོབ་ཀྱི་ཡོད་པ་དེ་ནི་སྒོར་ ༡༧.༣༠ འཕར་ལས་བྱུང་ཡོད།

ལོ་ ༢༢ ཡན་གྱི་ཁྱོ་ཤུག་གཉིས་ཀྱི་སློབ་སྦྱོང་གི་ཐོབ་ཆ་དེ་ཕྲུ་གུ་ཡོད་མེད་ལ་མ་ལྟོས་པར་བདུན་གཉིས་རེར་སྒོར་ ༧༦༣ སྟེ་ ༡༤.༨༠ འཕར་བ་ལས་བྱུང་ཡོད།

འགྱུར་བ་གཞན་ཅི་ཞིག་བྱུང་ཡོད་དམ།

འཕར་ཚད་འདི་དག་གི་ཐོག བདེ་འཇགས་མ་དངུལ་ཐོབ་ཆའི་གཞི་འཛིན་ཚད་གཞི་དག་ཀྱང་སྤར་ཡོད། ཚད་གཞི་དེ་དག་ནི་དོ་དག་གི་དངུལ་རྩའི་རྒྱུ་ནོར་ལས་ཡོང་འབབ་ཇི་ཡོད་རྩིས་རྒྱག་པ་དང་དེ་དག་ལ་གཞིགས་ནས་གཞུང་གི་ཐོབ་ཆ་ཐོབ་པར་འོས་བབ་འཇལ་ཆེད་བེད་སྤྱོད་བྱེད་ཀྱི་ཡོད།

ཟླ་༩ ཚེས་ ༢༠ ཉིན་ནས་དངུལ་རྩའི་རྒྱུ་ནོར་སྒོར་ ༦༦,༨༠༠ ལ་སླེབས་མཁན་གྱི་ཁེར་རྐྱང་བ་ཚོ་དང་སྒོར་༡༡༠,༦༠༠ ལ་སླེབས་མཁན་ཁྱོ་ཤུག་གཉིས་གྱི་བདེ་འཇགས་མ་དངུལ་ཐོབ་ཆའི་གཞི་འཛིན་ཚད་གཞི་དེ་བརྒྱ་ཆ་ ༡.༢༥% ནས་བརྒྱ་ཆ་ ༡.༧༥% ལ་བར་འཕར་རྒྱུ་རེད།

ཚད་གཞི་དེ་ལས་བརྒལ་བའི་དངུལ་རྩའི་རྒྱུ་ནོར་ཡོངས་ལ་གཞི་འཛིན་ཚད་གཞི་བརྒྱ་ཆ་ ༠.༥% ༣.༧༥% བར་འཕར་རྒྱུ་ཡིན་པ་རེད།

 

བོད་སྐད་ནང་འཛམ་གླིང་གི་གསར་འགྱུར་དང་ཨོ་སི་ཊེ་ལི་ཡའི་ནང་འཚོ་བ་སྐྱེལ་སྟངས་སྐོར་གྱི་གནས་ཚུལ་གཞན་ལ་རྗེས་འབྲངས་གནོངས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now