SKIP TO MAIN CONTENT

ཁྱེད་རང་གི་ཕྲུ་གུར་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་སྐོར་སློབ་ཚུལ། Australia Explained

Learning about Australia’s First Nations is a process involving both child and parent
ཡིད་དུ་འོང་བའི་ཨེ་ཤ་ཡའི་བུ་མོ་ཆུང་ཆུང་ཞིག་རང་ཁྱིམ་དུ་འབོལ་སྟེགས་ཐོག་རང་གི་ཨ་མའི་པང་དུ་བསྡད་དེ་སྒྲུང་ཀློག་པའི་དུས་ལོངས་སུ་སྤྱོད་བཞིན་ཁྱིམ་ཚང་གི་དགའ་ཞིང་བརྩེ་བའི་རྣམ་པ་མཚོན་པ། Source: Moment RF / Oscarཔར་ཁུངས། གྷི་ཊི་པར་རིས། Wong/Getty Images

ཨོ་སི་ཊེ་ལི་ཡའི་ནང་དུ་ཁྱེད་ཀྱི་ཕྲུ་གུ་གསོ་སྐྱོང་བྱེད་སྐབས། འཛམ་གླིང་གི་འཚོ་གནས་བྱེད་བཞིན་པའི་རིག་གཞུང་རྙིང་ཤོས་དང་འབྲེལ་བ་བཙུགས་རྒྱུ་ནི་ཁྱེད་ཀྱིས་སྤྲོད་ཐུབ་པའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན། འོན་ཀྱང་། གལ་ཏེ་ཁྱེད་རང་རྒྱལ་ཁབ་འདིར་གསར་དུ་འབྱོར་ཡོད་ན། ག་ནས་འགོ་འཛུགས་དགོས་མིན་ཐད་ལ་ངེས་པ་མེད་པ་ཡོང་སྲིད། འདིར་ཁྱེད་རང་དང་ཁྱེད་ཀྱི་ཕྲུ་གུ་གཉིས་ཀྱིས་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་དམངས་དང་། རིག་གཞུང་། ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་པར་རོགས་རམ་དང་བསམ་འཆར་འགའ་ཤས་ཡོད།


Published

By Zoe Thomaidou

Presented by Nikyah Hutchings, Domnyershar Dadon

Source: SBS



Skip to podcast episode content

ཨོ་སི་ཊེ་ལི་ཡའི་ནང་དུ་ཁྱེད་ཀྱི་ཕྲུ་གུ་གསོ་སྐྱོང་བྱེད་སྐབས། འཛམ་གླིང་གི་འཚོ་གནས་བྱེད་བཞིན་པའི་རིག་གཞུང་རྙིང་ཤོས་དང་འབྲེལ་བ་བཙུགས་རྒྱུ་ནི་ཁྱེད་ཀྱིས་སྤྲོད་ཐུབ་པའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན། འོན་ཀྱང་། གལ་ཏེ་ཁྱེད་རང་རྒྱལ་ཁབ་འདིར་གསར་དུ་འབྱོར་ཡོད་ན། ག་ནས་འགོ་འཛུགས་དགོས་མིན་ཐད་ལ་ངེས་པ་མེད་པ་ཡོང་སྲིད། འདིར་ཁྱེད་རང་དང་ཁྱེད་ཀྱི་ཕྲུ་གུ་གཉིས་ཀྱིས་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་དམངས་དང་། རིག་གཞུང་། ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་པར་རོགས་རམ་དང་བསམ་འཆར་འགའ་ཤས་ཡོད།


གཙོ་གནད།

  • ཨོ་སི་ཊེ་ལི་ཡའི་ཐོག་མའི་མི་རིགས་རྣམས་ལ་སློབ་སྦྱོང་བྱེད་པ་ནི་ཕྲུ་གུ་དང་ཕ་མ་གཉིས་ཀར་འབྲེལ་བ་ཡོད་པའི་བརྒྱུད་རིམ་ཞིག་ཡིན།
  • ཕྲུ་གུ་ཚོར་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་དང་འབྲེལ་བའི་སྐོར་ལ་སྦྱོང་རྒྱུར་རྒྱབ་སྐྱོར་བྱེད་པར་དྲ་ཐོག་ཏུ་ལོ་ཚད་དང་འཚམ་པའི་མཐུན་རྐྱེན་མང་པོ་ཡོད།
  • བྱེད་སྒོ་ཁག་ལ་མཛུལ་ཞུགས་བྱེད་པ་དང་ཡུལ་སྐོར་འགྲོ་དུས་དོ་སྣང་བྱེད་པ། ཞིབ་འཇུག་བྱེད་པ་བཅས་ནི་ཁྱེད་ཀྱི་ས་ཁུལ་དང་དེའི་ཕྱི་རོལ་གྱི་ཐོག་མའི་མི་རིགས་རྣམས་དང་འབྲེལ་བ་བྱེད་པའི་ཐབས་ལམ་ཡིན།
  • ནོར་འཁྲུལ་ཡོང་བ་ནི་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་གྱི་ཆ་ཤས་ཤིག་ཡིན་པས། རྒྱུན་དུ་དོ་སྣང་ཆེན་པོས་ གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་ཡུལ་སྲོལ་ལ་གོ་བ་ལེན་པར་རོགས་རམ་འཚོལ་དགོས།

གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་ཤུལ་བཞག་རིག་གཞུང་དང་དེང་རབས་ཀྱི་ཉམས་མྱོང་རྣམས་ལ་གོ་བ་ལེན་པ་དང་རིན་ཐང་སྤྲོད་པ་ནི་ཨོ་སི་ཊེ་ལི་ཡའི་ཐོག་མའི་མི་རིགས་རྣམས་དང་མི་དམངས་བྱིངས་ཀྱི་བར་གྱི་འབྲེལ་བ་སྲ་བརྟན་བཟོ་བའི་བརྒྱུད་རིམ་གྱི་ལྡེ་མིག་ཡིན།

དེའི་ཕྱིར། ཨོ་སི་ཊེ་ལི་ཡའི་ནང་དུ་ཁྱེད་ཀྱི་ཕྲུ་གུ་གསོ་སྐྱོང་བྱེད་སྐབས། འཛམ་གླིང་གི་འཚོ་གནས་བྱེད་བཞིན་པའི་རིག་གཞུང་རྙིང་ཤོས་དེ་ཉིད་དང་འབྲེལ་བ་བཙུགས་རྒྱུ་ནི་ཁྱེད་ཀྱིས་རང་ཉིད་ཀྱི་བྱིས་པར་བརྒྱུད་སྤྲོད་བྱེད་ཐུབ་པའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན།

ཁྱེད་རང་གིས་ཕྲུ་གུ་ལ་གདོད་རིགས་མི་དམངས་གྱི་རིག་གཞུང་དང་ལོ་རྒྱུས་ངོ་སྤྲོད་ཇི་ལྟར་བྱེད་དགོས་སམ།

ཨེ་ས་མ་ལི་ཝ་མོར་ནི་བྷི་གྷམ་བྷལ་རུས་རྒྱུད་བུད་ཀྱི་མེད་ཅིག་ཡིན་ཞིང་། མོ་རང་ཨོ་སི་ཊི་ལི་ཡའི་སྒྲིག་མཐུན་ཞེས་པའི་རྒྱལ་ཁབ་ཀྱི་ཆེད་མཐོའི་མི་རིགས་མཐུན་སྒྲིག་གི་ལས་ཁུངས་སུ་ལས་ཀ་བྱེད་བཞིན་ཡོད།

ཁོ་མོས་གདོད་རིགས་མི་དམངས་སྐོར་རྒྱུས་ལོན་བྱེད་པར་ཁྱིམ་ཚང་གི་རྣམ་པའི་ཐོག་ནས་སློབ་སྦྱོང་བྱེད་རྒྱུར་སྐུལ་མ་བྱེད་ཀྱི་ཡོད།

དེ་ལྟར་སློབ་གསོ་དང་སྤྲོ་སྐྱིད་གཉིས་ཀ་འཛོམས་པའི་བྱེད་སྒོ་ནས་འགོ་འཛུགས་དགོས། དཔེར་ན། བརྙན་འཕྲིན་གྱི་ལེ་ཚན་ལྟ་བུ།

NITVརྒྱལ་ཡོངས་གདོད་རིགས་བརྙན་འཕྲིན་ལྟ་བུས་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་མི་དམངས་ཀྱི་སྒྲུང་དང་། རིག་གཞུང་། ལོ་རྒྱུས། དེང་རབས་ཀྱི་ཉམས་མྱོང་བཅས་མཉམ་སྤྱོད་བྱེད་པའི་ལེ་ཚན་མང་པོ་རྒྱུད་སྤྲོད་བྱེད་ཀྱི་ཡོད།

གལ་ཏེ་ཁྱེད་རང་རྒྱུན་རིང་པོར་བརྙན་འཕྲིན་ལྟ་རྒྱུར་དགའ་མཁན་ཞིག་ཡིན་ན། ཨེ་སི་བྷི་ཨེས་ཨོན་ཌི་མན་ཌི་ཞེས་པའི་ནང་གདོད་རིགས་མི་དམངས་དང་འབྲེལ་བའི་གནད་དོན་མང་པོ་ཞིག་རིན་མེད་ངང་ལྟ་ཐུབ། དེའི་ནང་དུ་བརྙན་རིས་ཅན་གྱི་ཕྲུ་གུའི་ལེ་ཚན་དང་། ལོ་རྒྱུས་བརྙན་ཐུང་། གློག་བརྙན་བཅས་ཚུད་ཡོད།

“ཁྱེད་ཀྱིས་ཕྲུ་གུ་ཆུང་བ་ཚོའི་ཆེད་དུ་འོས་འཚམ་ཡིན་པ་ཞིག་འཚོལ་དགོས། དེའི་ནང་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་རིག་གཞུང་གི་སྣ་མང་རང་བཞིན་ལ་བལྟ་བའི་ལོ་ཚད་དང་འཚམ་པའི་ནང་དོན་སྣ་ཚོགས་ཤིག་ཡོད།

“དེ་ནི་རྒྱལ་ཁབ་འདིའི་ཐོག་མའི་མི་རིགས་རྣམས་སུ་ཡིན་མིན་སྐོར་ལ་སློབ་སྦྱོང་བྱེད་པའི་གོམ་པ་དང་པོ་དེ་རེད།

Little J & Big Cuz
ཨེ་སི་བྷི་ཨེ་སི་ཨོན་ཌི་མན་ཌི་ཞེས་པའི་ནང་རྒྱུན་རིང་ལྟ་རྒྱུ་ཡོད་པའི་ཕྲུ་གུའི་ལེ་ཚན་གཅིག་ནི་ཇྷེ་ཆུང་ཆུང་དང་ཁུ་ཛི་ཆེན་པོ་ཞེས་པའི་ལིའུ་ཅན་གྱི་བྱིས་པའི་གློག་བརྙན་དེ་རེད། དེས་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་གྱི་རིག་གཞུང་རྣམས་ལ་དགའ་བསུ་བྱེད་ཀྱི་ཡོད། Source: SBS / པར་ཁུངས། གདོད་རིགས་བརྙན་འཕྲིན་ཚན་པ།

གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་རིག་གཞུང་ལ་དགའ་སྟོན་བྱེད་པའི་བྱེད་སྒོ་རྣམས་ཇི་ལྟར་འཚོལ་དགོས་སམ།

བརྙན་འཕྲིན་ལས་གཞན་ཁྱེད་ཀྱིས་རང་གི་ས་ཁུལ་གྱི་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་སྒྲིག་འཛུགས་ཁག་གིས་གོ་སྒྲིག་བྱས་པའི་བྱེད་སྒོ་ཁག་གི་ནང་ནང་མི་ཚང་མར་འཚམ་པའི་བྱེད་སྒོ་ཁག་འཚོལ་ཐུབ། རང་ཉིད་ཀྱི་ས་གནས་ལས་ཁུངས་ཀྱི་བྱེད་སྒོ་རྣམས་ལ་ཞིབ་བལྟ་བྱེད་པ་དང་། རང་ཉིད་ཀྱི་ས་ཁུལ་དུ་གདོད་རིགས་མི་མང་དང་འབྲེལ་བའི་བྱེད་སྒོ་གང་ཡོད་པ་ཤེས་རྟོགས་བྱེད་པར་ས་གནས་ཀྱི་གདོད་རིགས་མི་དམངས་ས་དབང་ལྷན་ཚོགས་ལ་འབྲེལ་བ་བྱེད་དགོས།

ལི་ཝར་མོར་གྱིས་གསུངས་གསལ་ལྟར་ལོ་ལྟར་གལ་ཆེ་བའི་དུས་ཆེན་གཉིས་སྲུང་བརྩི་བྱེད་ཀྱི་ཡོད་པ་ནི་ཡོད་པ་ནི་NAIDOC Week གདོད་རིགས་དང་མཚོ་གླིང་གི་བདུན་ཕྲག དང་། National Reconciliation Week རྒྱལ་ཡོངས་མཐུན་སྒྲིག་གི་བདུན་ཕྲག་གཉིས་ཏེ་ཟླ་བ་བདུན་པའི་བདུན་ཕྲག་དང་པོ་དང་། ཟླ་བ་ལྔ་པའི་ཉི་ཤུ་བདུན་ནས་ཟླ་བ་དྲུག་པའི་གསུམ་བར་ཡིན།

ལི་ཝ་མོར་ལགས་ཀྱིས་ “དེ་ནི་རྒྱལ་ཁབ་འདིར་འབྱོར་བའི་མི་མང་པོ་ཞིག་ལ་གདོད་རིགས་མི་དམངས་ཀྱི་ལྟ་ཚུལ་དང་། སྒྱུ་རྩལ། ས་ཆ། མི་དམངས། རིག་གཞུང་བཅས་ཤེས་རྟོགས་བྱེད་སའི་བརྒྱུད་ལམ་ཞིག་ཡིན་”ཞེས་གསུངས།

སྐབས་དེའི་བྱེད་སྒོ་ཁག་གི་ནང་ས་གནས་ཀྱི་མི་དམངས་གཞན་ལ་དགའ་བསུ་ཞུ་བའི་གོ་སྐབས་སྤྲོད་སྲིད་པ་དང་། ས་གནས་ཀྱི་མི་རིགས་ལ་དགའ་བསུ་ཞུ་བ་དང་ཁོང་ཚོའི་བདག་དབང་ལ་ངོས་འཛིན་བྱེད་པ་གཉིས་ཀྱི་ཁྱད་པར་ཤེས་རྟོགས་བྱེད་པར་རོགས་རམ་བྱེད་ཐུབ།

upporting your child’s connection with the world’s oldest continuing living culture is one of the greatest gifts you can offer them while raising them in Australia.
ཨོ་སི་ཊེ་ལི་ཡའི་ཐོག་མའི་མི་རིགས་རྣམས་དང་འབྲེལ་བ་བཙུགས་རྒྱུ་ནི་ཁྱེད་ཀྱི་ཕྲུ་གུ་ལ་མཆོག་ཏུ་གྱུར་པའི་ལེགས་སྐྱེས་ཤིག་ཡིན། Credit: པར་ཁུངས། གྷི་ཊི་པར་རིས།

ཕྲུ་གུ་ཚོའི་ཆེད་དུ་དམིགས་པའི་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་སྐོར་གྱི་ཤེས་བྱ་དྲ་ཐོག་ཏུ་འཚོལ་རྒྱུ་ཡོད་དམ།

ཐོག་མའི་མི་རིགས་རྣམས་ཀྱི་ལོ་རྒྱུས་དང་། རིག་གཞུང་། ལྟ་ཚུལ་བཅས་ལ་ཁྱེད་ཀྱི་ཕྲུ་གུས་སློབ་སྦྱོང་བྱེད་པར་རོགས་རམ་བྱེད་པའི་ཆེད་དུ། དྲ་ཐོག་ཏུ་ཤེས་ཡོན་གྱི་མཐུན་རྐྱེན་མང་པོ་ཞིག་ལས་སླ་པོས་འཚོལ་ཐུབ།

ཨོ་སི་ཊེ་ལི་ཡའི་སློབ་ཚན་གྱི་ནང་དུ་དམིགས་སུ་དེའི་ཕྱིར་བཟོས་པའི་ནང་དོན་མང་པོ་ཞིག་ཡོད་པ་དང་། དེ་དག་ནི་ཨེ་སི་བྷི་ཨེ་སི་སློབ་གསོ་ཞེས་པའི་ནང་བྱིས་པ་མ་འབྱར་ནས་ལོ་བཅུ་གཉིས་ཙམ་བར་ལ་རན་པའི་ནང་དོན་དུ་མ་ཡོད་པ་རྣམས་ཁྱིམ་ཚང་དུ་ཞིབ་འཚོལ་བྱེད་ཆོག

ལི་ཝ་མོར་ལགས་ནི་ཨོ་སི་ཊེ་ལི་ཡའི་མཐུན་སྒྲིག་ལྷན་ཚོགས་ནང་དུ་ནེ་ར་གྷུན་ན་ཝ་ལི་འམ་སློབ་གསོའི་ནང་མཐུན་སྒྲིག་སྐོར་གྱི་ཤེས་ཡོན་ལས་འཆར་གྱི་འགན་འཛིན་ཡིན།"

ཁོང་གིས་ “ལས་གཞི་དེས་ཁྱེད་ལ་མི་རིགས་ནང་ཁུལ་འབྲེལ་བ་འཛུགས་ཐབས་ཀྱི་བྱེད་སྒོ་འམ་བསམ་འཆར་འགའ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། དེ་ལྟར་སློབ་གྲྭའི་རྒྱལ་སྒོ་བརྒལ་ནས་སྤྱི་ཚོགས་ནང་དངོས་སུ་ལམ་འཁྱེར་བྱེད་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་ཡོད་'ཅེས་གསུངས།

“It actually gives you some activities or ideas of how to build relationships and that's going beyond the school gates and out into communities,” Ms Livermore explains.

ནང་མི་ལྷན་འཛོམས་ཀྱིས་ཡུལ་སྐོར་ལ་འགྲོ་དུས་གདོད་རིགས་མི་དམངས་ཀྱི་རིག་གཞུང་སྐོར་ལ་ཇི་ལྟར་ཤེས་རྟོགས་བྱེད་ཐུབ་བམ།

རང་གི་ཕྲུ་གུ་དང་མཉམ་དུ་འགྲུལ་བཞུད་བྱེད་པ་དེས་ཨོ་སི་ཊེ་ལི་ཡའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་སྐོར་ལ་མང་ཙམ་ཤེས་རྟོགས་བྱེད་པའི་གོ་སྐབས་གཞན་ཞིག་མཁོ་སྤྲོད་བྱེད་སྲིད།

ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གི་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་གྱི་ས་ཁྲ་བེད་སྤྱོད་བྱས་ནས་ཁྱེད་ཀྱིས་བསྐོར་བསྐྱོད་བྱེད་སའི་ས་ཁུལ་དེའི་སྐད་ཡིག་དང་། སྤྱི་ཚོགས་ཡང་ན་ཚོ་ཁག་དང་འབྲེལ་བ་ཡོད་པའི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ།

དེ་ནས་ཁྱེད་ཀྱིས་གལ་ཆེའི་ལྟ་སྐོར་བྱེད་སའི་ས་ཆ་འཚོལ་ཞིབ་བྱེད་པ་དང་། དེར་གནས་སྡོད་བྱེད་པའི་སྲོལ་རྒྱུན་གྱི་བདག་པོ་ཚོའི་རིག་གཞུང་སྐོར་ལ་སློབ་སྦྱོང་འགོ་འཛུགས་ཐུབ།

“གལ་ཏེ་ཁྱེད་རང་ས་ཆ་ཞིག་ལ་འགྲུལ་བཞུད་བྱེད་ཀྱི་ཡོད་ན། ཕལ་ཆེར་གུ་གྷལ་ལ་འཚོལ་ཞིབ་བྱས་ནས་ས་ཁུལ་གལ་ཆེན་འགའ་ཤས་གང་ཡིན་བལྟ་རྒྱུ་དེ་གལ་ཆེན་པོ་ཡིན། དེ་ལྟར་དེའི་ཁུལ་གྱི་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་ཀྱི་བྱེད་སྒོ་གང་དག་ཡོད་མེད་ཤེས་ཐུབ།” ཅེས་ལི་ཝར་མོར་གྱིས་གསུངས།

How can I introduce my child to Indigenous culture and history?
རང་ཉིད་ཀྱི་ཕྲུ་གུར་གདོད་རིགས་མི་དམངས་ཀྱི་རིག་གཞུང་དང་ལོ་རྒྱུས་ཇི་ལྟར་ངོ་སྤྲོད་བྱེད་ཐུབ། Source: iStockphoto / པར་ཁུངས། གྷི་ཊི་པར་རིས།

གལ་ཏེ་ཁྱེད་རང་གི་སྐད་ཆ་འམ་བྱ་སྤྱོད་ལ་ནོར་འཇོལ་བྱུང་ཚེ་ཅི་ཞིག་བྱ་དགོས།

ལི་ཝར་མོར་ལགས་ཀྱིས་གསུངས་པ་ལྟར་གདོད་རིགས་མི་དམངས་ཀྱི་རིག་གཞུང་དང་མི་རིགས་ལ་འབྲེལ་བ་བྱེད་སྐབས་ནོར་འཁྲུལ་ཤོར་རྒྱུའི་འཛིགས་སྣང་ཡོང་བ་དེ་རྒྱུན་སྡན་དང་བསམ་ཤེས་བྱེད་ཐུབ་པ་ཞིག་ཡིན།

“འོན་ཀྱང་འབད་བརྩོན་བྱེད་པ་ནི་གང་ཡང་མ་བྱས་པ་ལས་བཟང་བ་ཡོད།”

ནོར་འཁྲུལ་བཟོ་བ་དེ་སློབ་སྦྱོང་གི་བརྒྱུད་རིམ་ཞིག་རེད། གལ་ཏེ་གདོད་རིགས་མི་དམངས་ཀྱི་བྱེད་སྒོ་ཞིག་གི་སྐབས་སུ་ཁྱེད་ཀྱིས་ནོར་འཁྲུལ་ཞིག་བཟོས་ན། གུས་ཞབས་ལྡན་པའི་ངང་ཁོ་ཚོར་སྐད་ཆ་འདྲི་ཆོག། དེ་དུས་ཁྱེད་རང་གིས་ཅི་ཞིག་ནོར་བ་དང་། ཁོང་ཚོས་ཁྱེད་ལ་དེ་བཅོས་རྒྱུར་རོགས་རམ་བྱི་ལྟར་བྱེད་ཐུབ་མིན་སོགས་གླེང་མོལ་བྱེད་དགོས། གཙོ་བོ་རང་གི་མ་ཤེས་པ་ཤེས་པ་བྱེད་རྒྱུ་དང་། ནོར་བ་བཟོ་བཅོས་བྱེད་རྒྱུ་སོགས་ལ་དམིགས་ནས་སྐད་ཆ་འགོ་འཛུགས་རྒྱུ་དེ་རེད་ཅེས་མཇུག་བསྡུ་གནང་།

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་  australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now