Watch FIFA World Cup 2026™

LIVE, FREE and EXCLUSIVE starting June 12 2026

ཚད་རིམས་ཀྱི་ནམ་དུས་ལ་གདོང་ལེན་བྱེད་རྒྱུར་གྲ་སྒྲིག་ཇི་ལྟར་བྱེད་དགོས་པའི་སྐོར། Australia Explained

Australia Explained - Flu

གཉན་ཚད་ཀྱིས་ལོ་རེར་ཨོ་སི་ཊེ་ལི་ཡར་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་སྟོང་ཕྲག་མང་པོ་སྨན་ཁང་དུ་ཉལ་དགོས་པར་བྱེད་ཀྱི་ཡོད། Credit: གྷི་ཊི་པར་རིས།

མི་མང་ཆེ་བ་གཉན་ཚད་དམ་ Influenza ལས་རང་འགུལ་གྱིས་དྲག་སྐྱེད་ཡོང་གི་ཡོད་ཀྱང་། ཚད་རིམས་ཀྱི་ནད་དུག་ནི་ལོ་ལྟར་ཨོ་སི་ཊེ་ལི་ཡར་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། སྟོང་ཕྲག་མང་པོ་སྨན་ཁང་དུ་བསྟེན་དགོས་པར་འགྱུར་གྱི་ཡོད། པར་ཁུངས། གྷི་ཏི་པར་རིས། ཚད་རིམས་ནི་འགོས་ནད་ཚབས་ཆེན་ཞིག་ཡིན། ཨོ་སི་ཊེ་ལི་ཡར་ཚད་རིམས་ཁྱབ་བཞིན་པའི་སྐབས་འདིར། རང་ཉིད་དང་། ནང་མི། སྤྱི་ཚོགས་ནང་གི་ཉམ་ཐག་སོགས་སྲུང་སྐྱོབ་བྱེད་ཐབས་སུ་ཁྱེད་ཀྱིས་ཤེས་དགོས་པའི་གནས་ཚུལ་ཁག


Published

Updated

By Zoe Thomaidou

Presented by Domnyershar Dadon

Source: SBS




Share this with family and friends


མི་མང་ཆེ་བ་གཉན་ཚད་དམ་ Influenza ལས་རང་འགུལ་གྱིས་དྲག་སྐྱེད་ཡོང་གི་ཡོད་ཀྱང་། ཚད་རིམས་ཀྱི་ནད་དུག་ནི་ལོ་ལྟར་ཨོ་སི་ཊེ་ལི་ཡར་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། སྟོང་ཕྲག་མང་པོ་སྨན་ཁང་དུ་བསྟེན་དགོས་པར་འགྱུར་གྱི་ཡོད། པར་ཁུངས། གྷི་ཏི་པར་རིས། ཚད་རིམས་ནི་འགོས་ནད་ཚབས་ཆེན་ཞིག་ཡིན། ཨོ་སི་ཊེ་ལི་ཡར་ཚད་རིམས་ཁྱབ་བཞིན་པའི་སྐབས་འདིར། རང་ཉིད་དང་། ནང་མི། སྤྱི་ཚོགས་ནང་གི་ཉམ་ཐག་སོགས་སྲུང་སྐྱོབ་བྱེད་ཐབས་སུ་ཁྱེད་ཀྱིས་ཤེས་དགོས་པའི་གནས་ཚུལ་ཁག


གཙོ་གནད།

  • ཚད་རིམས་ཀྱིས་ནད་གཞི་ཡང་བ་ནས་ཚབས་ཆེན་དང་ཐ་ན་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད་པ་ཡང་ཡོད།
  • ལོ་ལྟར་ཟླ་བ་དྲུག་ལོན་པ་ཡན་ཆད་ཀྱི་མི་ཚང་མར་ཚད་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད།
  • ཨོ་སི་ཊེ་ལི་ཡའི་ནང་བྱིས་པ་ཚོར་ཁབ་མ་ཡིན་པར་སྣ་ཁུང་ནང་གཏོང་བའི་ཚད་རིམས་སྔོན་འགོག་གི་སྨན་ཐོབ་ཀྱི་ཡོད།
  • ཚད་རིམས་སྔོན་འགོག་གི་སྨན་ཁབ་ནི་བདེ་འཇགས་དང་ནུས་པ་ལྡན་པ་ཞིག་ཡིན་པས། གལ་ཏེ་ཁྱེད་ལ་དྲི་བ་དང་སེམས་འཚབ་ཡོད་ན་ཁྱེད་ཀྱི་སྨན་པར་བཀའ་འདྲི་ཞུ་དགོས།

གཉད་ཚད་དམ་ཚད་རིམས་ Influenza ནི་ལོ་གཅིག་ཧྲིལ་པོར་ཁྱབ་པའི་ནད་དུག་ཅིག་ཡིན་པས། དུས་ནམ་ཡིན་ལ་འགོས་སྲིད། ཨོ་སི་ཊེ་ལི་ཡར་ཚད་རིམས་ཀྱི་ནད་གཞི་སྟོན་དུས་སུ་ཇེ་མང་དུ་འགྲོ་བ་དང་། ཟླ་བ་དྲུག་པ་ནས་དགུ་པ་བར་ནད་གཞི་ཁྱབ་པའི་དུས་ཚོད་ཡིན།

ཚད་རིམས་ཇི་ཙམ་ཚབས་ཆེན་ཡིན་ནམ།

ཚད་རིམས་ཀྱི་ནད་རྟགས་ནི་རིམས་ནད་གཞན་ལས་ཛ་དྲག་ཆེ་བ་དང་ཡུན་རིང་བ་ཡོད། དེ་ཡང་ཚ་བ་མཐོ་པོ་འཕར་བ་དང་། ཤ་གནད་དང་ཚིགས་གནད་ན་ཟུག་གཏོང་བ། མགོ་ན་བ། གྲེ་བ་ན་བ་བཅས་ཚུད་ཡོད།

Australia Explained - Flu
གཉན་ཚད་ནི་ཨོ་སི་ཊེ་ལི་ཡའི་ནང་སྔོན་འགོག་སྨན་གྱིས་སྲུང་སྐྱོབ་ཐུབ་པའི་ཆེད་རྒྱུན་གཏན་གྱི་ནད་རིམས་ཞིག་ཡིན། Source: Moment RF / Halfpoint Images/Getty Images

ཚད་རིམས་གོས་པའི་མི་མང་ཆེ་བ་ཉིན་ཤས་ནང་དྲག་སྐྱེད་འབྱུང་གི་ཡོད། འོན་ཀྱང་ནད་པ་འགའ་ཞིག་ལ་ནད་གཞི་ཚབས་ཆེན་དང་དཀའ་རྙོག་ཆེ་རུ་འགྲོ་བའི་ཉེན་ཁ་ཆེ་བ་ཡོད།

ཕྱི་ལོ་ ༢༠༢༥ ལོར་ཨོ་སི་ཊེ་ལི་ཡར་ཚད་རིམས་ཚབས་ཆེ་ཤོས་ཁྱབ་ཡོད་པ་དེའི་རྐྱེན་གྱིས་མི་གྲངས་ ༡༧༠༠ ལྷག་གི་ཚེ་སྲོག་ཤོར་ཡོད།“ང་ཚོ་མང་པོ་ཞིག་གིས་དེ་ནི་ཆམ་ནད་སྤྱིར་བཏང་བ་ཞིག་ཡིན་པར་བསམ་གྱི་ཡོད་ཀྱང་། དེས་ཨོ་སི་ཊེ་ལི་ཡའི་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་གཅོད་ཀྱི་ཡོད།” སི་ཌི་ནི་ཡི་རྒྱལ་ཡོངས་སྤྱི་མཚན་སྨན་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྨན་པ་མེ་ཁལ་ར་ཡིརི་ཊེ་ཡིས་བརྗོད་དོན།

“ཨོ་སི་ཊེ་ལི་ཡའི་མི་སྟོང་ཕྲག་མང་པོ་ཚད་རིམས་ཀྱི་རྐྱེན་གྱིས་སྨན་ཁང་དུ་འགྲོ་དགོས་བྱེད་ཀྱི་ཡོད་པ་ནི་དེ་ནད་གཞི་ཚབས་ཆེན་ཞིག་ཡིན་པའི་རྒྱུ་མཚན་ཡིན།”

ཚད་རིམས་ཀྱིས་གནོད་ཚབས་ཆེ་ཤོས་སུ་ཡིན།

ཚད་རིམས་ཀྱིས་བདེ་ཐང་ཅན་ཚོ་ཡང་ཧ་ཅང་ནད་པ་བཟོ་གི་ཡོད།ལྷག་པར་དུ་ལོ་ལྔ་མན་གྱི་བྱིས་པ་དང་། ལོ་དྲུག་ཅུ་རེ་ལྔ་ཡན་གྱི་རྒན་གྲས། གདོད་རིགས་མི་མང་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ། ནད་གཅོང་། དེ་བཞིན་སྦྲུམ་མ་བཅས་སུ་གཏོགས་པ་རྣམས་ཚ་ནད་ཀྱིས་ཚབས་ཆེར་མནར་ནས་སྨན་ཁང་དུ་བསྟེན་དགོས་པའི་ཉེན་ཁ་ཆེ་ཤོས་ཚོ་ཡིན།

ར་ཡི་ཊེ་ལགས་ཀྱིས་ “ཁོང་ཚོར་གློ་ནད་དང་། གློ་ཚད། སྨན་ཁང་དུ་འགྲོ་དགོས་པའི་ཉེན་ཁ་ཆེ་བ་ཡོད།” ཅེས་གསུངས།

ཚད་རིམས་ལས་སྲུང་སྐྱོབ་བྱེད་ཐབས།

ཚད་རིམས་ནི་ནད་དེས་མནར་བའི་ནད་པའི་མིད་པ་དང་སྣ་ཁུང་ནས་ཐོན་པའི་ཐིགས་ཁུ་ལས་ཁྱབ་ཀྱི་ཡོད།

Flu tips
ཚད་རིམས་འགོག་ཐབས་ལབ་སྟོན། Credit: Healthdirect

ཚད་རིམས་ནི་ནད་དེས་མནར་བའི་ནད་པའི་མིད་པ་དང་སྣ་ཁུང་ནས་ཐོན་པའི་ཐིགས་ཁུ་ལས་ཁྱབ་ཀྱི་ཡོད།རྒྱུན་པརལག་པ་འཁྲུ་བ་དང་། གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས་ཁ་དང་སྣ་ཁུང་ལ་བཀབ་པ་ལྟ་བུའི་གཙང་སྦྲ་ཡག་པོ་བྱས་ན་ཚད་རིམས་འགོ་བའི་ཉེན་ཁ་ཉུང་དུ་གཏོང་ཐུབ། འོན་ཀྱང་ཚད་རིམས་དང་དེའི་རྐྱེན་པའི་ནད་གཞི་ཚབས་ཆེན་འགོག་པའི་ཐབས་ལམ་ནུས་པ་ཆེ་ཤོས་ནི་ལོ་ལྟར་ཚད་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་དེ་ཡིན།

སྨན་པ་ར་ཡི་ཊེ་ཡིས་ “སྨན་ཁབ་རྒྱག་པའི་དགེ་མཚན་ནི་ཁྱེད་རང་ན་བའི་ཉེན་ཁ་ཉུང་དུ་གཏོང་ཐུབ་པ་དང་། ནད་གཞི་ཚབས་ཆེན་འགོས་རྒྱུ་ཧ་ཅང་ཉུང་དུ་འགྲོ་བར་ངེས་པར་ཕན་ཐོགས་ཡོད།” ཅེས་འགྲེལ་བརྗོད་གནང་།སྨན་ཁབ་བརྒྱབ་པའི་མི་རྣམས་གཞན་ལ་འགོ་བའི་ཉེན་ཁ་ཡང་ཆུང་བ་ཡོད།

སྨན་ཁབ་རྒྱག་རྒྱུ་ནི་རང་ཉིད་དང་། ཁྱིམ་ཚང་། དེ་བཞིན་རང་ཉིད་གནས་སའི་སྤྱི་ཚོགས་སྲུང་སྐྱོབ་བྱེད་པའི་བྱ་བ་ཡག་ཤོས་དེ་ཡིན།
སྨན་པ་ར་ཡི་ཊེ་ཡིས།

ཁྱེད་རང་ལ་ཚད་རིམས་སྔོན་འགོག་གི་སྨན་ཁབ་དགོས་མིན་དང་། དེའི་རིན་པ་སྤྲོད་དགོས་མིན།

ཚད་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ནི་མི་ཚང་མར་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་སྤྱི་ཚོགས་ནང་གི་ཉམ་ཐག་ཚོར་དེ་བས་གལ་ཆེན་ཡིན།

“ང་ཚོས་ལོ་དྲུག་ལོན་པ་ཡན་ཚང་མར་ལོ་ལྟར་ཚད་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད།” ཅེས་སྨན་པ་སི་ཊེ་ཧྥན་ཝི་ལི་ཡམ་སི་ཡིས་གསུངས།

ཁོང་ནི་ཨོ་སི་ཊེ་ལི་ཡ་ནད་འགོག་ལྟེ་གནས་ཁང་གི་འགོས་ནད་སྡེ་ཚན་གྱི་འགན་འཛིན་ལས་རོགས་ཡིན།

ཨོ་སི་ཊེ་ལི་ཡ་རྒྱལ་ཡོང་ནད་འགོག་སྨན་ཁབ་ལས་འཆར་གྱི་འོག་སྨན་ཁབ་དེ་རིན་མེད་སྤྲོད་སའི་སྡེ་ཚན་འགའ་ཡོད་པ་ནི།

  • ལོ་དྲུག་ནས་ལྔ་བར་གྱི་བྱིས་པ།
  • ལོ་དྲུག་ཅུ་རེ་ལྔ་ཡན་གྱི་རྒན་གྲས།
  • སྦྲུམ་མ།
  • གདོད་རིགས་མི་མང་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་བྱི་པ་ལོ་དྲུག་ཡན་ཚང་མ།
  • ནད་གཞི་ངེས་ཅན་ཡོད་པའི་མི་བཅས་ཡིན།”
Senior man receiving prescription
ཚད་རིམས་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་དུས་ཚོད་ནི་དགུན་ཁ་མ་སླེབས་གོང་བརྒྱག་དགོས་པའི་སྔོན་འགོག་གཞན་དག་གི་སྐོར་འདྲི་བའི་གོ་སྐབས་ཡག་པོ་ཞིག་ཡིན། Credit: པར་ཁུངས། གྷི་ཊེ་པར་རིས།

གལ་ཏེ་ཁྱེད་རང་ཚད་རིམས་སྔོན་འགོག་གི་སྨན་ཁབ་རིན་མེད་དུ་ཐོབ་མཁན་མིན་ན། སྔོན་འགོག་སྨན་ཁབ་མཁོ་སྤྲོད་པ་ནས་ཉོ་ཐུབ།

“ཁྱེད་ཀྱིས་རང་གི་ས་གནས་སྨན་པ། ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་ཚད་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་སའི་ལྟེ་གནས། སྤྱི་པའི་འཕྲོད་བསྟེན་ལྟེ་གནས། གདོད་རིགས་མི་མང་གི་འཕྲོད་བསྟེན་ཞབས་ཞུ་ཁང་། ཨོ་སི་ཊེ་ལི་ཡའི་ནང་གི་སྨན་ཚོང་ཁང་འགའ་ཞིག་བཅས་ཀྱི་ནང་དུ་ཚད་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་ཐུབ།” ཅེས་སྨན་པ་ཝི་ལི་ཡམ་སི་ལགས་ཀྱིས་གསུངས་།

ཁྱེད་ཀྱི་མངའ་སྡེ་འམ་ས་ཁུལ་གཞུང་ངམ་ཁྱེད་ཀྱི་ལས་ཀ་བྱེད་ཡུལ་དུ་ཡང་རིན་མེད་ཀྱི་ཚད་རིམས་སྔོན་འགོག་སྨན་ཁབ་ཀྱི་ལས་རིམ་ཡོད་སྲིད།

ཨོ་སི་ཊེ་ལི་ཡར་ཁབ་མེད་པའི་ཚད་རིམས་སྔོན་འགོག་གི་སྨན་ཡོད་དམ།

ཕྱི་ལོ་ ༢༠༢༦ ལོར་ཨོ་སི་ཊེ་ལི་ཡར་ཁབ་མེད་པའི་སྣ་ཁུང་གི་ཚད་རིམས་སྔོན་འགོག་སྨན་གཏོར་ཆུའི་རྣམ་པ་ཅན་ཞིག་བཟོས་ཡོད།

བཅོས་ཐབས་དངོས་ཟོག་སྟངས་འཛིན་ལས་ཁུངས་ཀྱིས་དེ་ནི་བདེ་འཇགས་དང་ནུས་པ་ལྡན་པ་ཡིན་པས་ལོ་ན་གཉིས་ནས་བཅུ་བདུན་བར་གྱི་བྱིས་པ་རྣམས་ལ་བཀོལ་སྤྱོད་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད།

Australia Explained - Flu
སྣ་ཁུང་གི་གཏོར་ཆུའི་ཚད་རིམས་སྔོན་འགོག་སྨན་དེ་ཨོ་སི་ཊེ་ལི་ཡ་ལས་གཞན་པའི་རྒྱལ་ཁབ་ཁག་ཏུ་ལོ་མང་རིང་བཀོལ་སྤྱོད་བྱས་ཡོད། Source: Moment RF / པར་ཁུངས། གྷི་ཊེ་པར་རིས།

གཏོར་ཆུའི་སྨན་དེ་ཨོ་སི་ཊེ་ལི་ཡའི་ཁུལ་ཡོང་སུ་ཉོ་རྒྱུ་ཡོད་པ་དང་མངའ་སྡེ་ཁ་ཤས་ཀྱིས་ལོ་གཉིས་ནས་ལྔ་བར་གྱི་བྱིས་པ་རྣམས་ལ་རིན་མེད་དུ་སྤྲོད་བཞིན་ཡོད།

སྨན་པ་ར་ཡི་ཊི་ཡིས་ “ང་ཚོས་ལོ་ཚད་དའི་བར་གྱི་བྱིས་པ་ཚོ་ཁབ་རྒྱག་རྒྱུར་དགའ་པོ་མེད་པ་མ་ཟད། ཕ་མ་ཚོས་ཀྱང་ཁོང་ཚོ་ཁྲིད་ཡོང་རྒྱུར་དགའ་པོ་མེད་པ་ཤེས་ཀྱི་ཡོད།” ཅེས་གསུངས།

རང་ཉིད་གནས་སའི་ས་ཁུལ་དུ་མངའ་སྡེ་ནས་སྣ་ཁུང་གི་ཚད་རིམས་སྔོན་འགོག་སྨན་གྱི་གཏོར་ཆུ་རིན་མེད་སྤྲོད་ཀྱི་ཡོད་མེད་སྒེར་གི་སྨན་པ་ལ་འདྲི་དགོས།

ཚད་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་པའི་དུས་ཚོད་ཡག་ཤོས་ག་དུས་ཡིན་ནམ།

ཕྱི་ཟླ་བཞི་པ་ནས་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་འགོ་བཙུགས་ན་ཨོ་སི་ཊེ་ལི་ཡའི་ཚད་རིམས་དར་ཁྱབ་ཆེ་ཤོས་ཀྱི་དུས་ཚོད་སྐབས་ཚད་ནད་ལས་སྲུང་སྐྱོབ་ཡག་ཤོས་བྱེད་ཐུབ། དེ་སྤྱིར་བཏང་ཕྱི་ཟླ་དྲུག་པ་ནས་དགུ་པའི་བར་ཡིན། སྨན་ཁབ་བརྒྱབ་རྗེས་ཟླ་བ་གསུམ་ནས་བཞིའི་རིང་སྲུང་སྐྱོབ་ཀྱི་ཚད་མཐོ་ཤོས་ཡོང་གི་ཡོད་པ་དང་། ནད་འགོག་ནུས་པ་ཤུགས་ཆེ་ཤོས་སོན་རྒྱུར་བདུན་ཕྲག་གཉིས་ནས་གསུམ་འགོར་གྱི་ཡོད།

སི་ཌི་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་འགོས་ནད་དང་འཛམ་གླིང་འཕྲོད་བསྟེན་ཞིབ་འཇུག་སློབ་དཔོན་ཆེན་མོ་མེ་རུ་ཤིལ་གྱིས་འགྲེལ་བཤད་གནང་དོན།

“དེར་བརྟེན་ང་ཚོས་མི་རྣམས་ལ་སྟོན་ཀ་ནས་དགུན་ཁའི་འགོ་སྟོད་ལ་ཚད་རིམས་སྔོན་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་མ་བྱེད་ཀྱི་ཡོད།

“སྨན་ཁབ་དེ་དག་ཕྱི་ཟླ་བཞི་པ་དང་ལྔ་པར་ཁྲོམ་རར་འབྱོར་སྐབས་དང་ལས་ཀ་བྱེད་ཡུལ་དུ་ཐོབ་རྒྱུ་ཡོད་པའི་སྐབས་དེ་ནི་སྨན་ཁབ་རྒྱག་པའི་དུས་ཚོད་ཡག་ཤོས་ཡིན།”

Australia Explained - Flu
ཁྱེད་ཀྱི་འགྲུལ་བཞུད་མ་བྱས་གོང་ཉུང་མཐར་བདུན་ཕྲག་གཉིས་ནས་གསུམ་གྱི་སྔོན་ལ་སྨན་ཁབ་རྒྱོབ། པར་ཁུངས། གྷི་ཊི་པར་རིས། Source: Moment RF / པར་ཁུངས། གྷི་ཊི་པར་རིས།

ཚད་རིམས་སྔོན་འགོག་སྨན་ཁབ་ཀྱི་ཞོར་འབྲས་ལ་སེམས་ཁྲལ་བྱེད་དགོས་སམ།

སྨན་ཁབ་བརྒྱབ་རྗེས་མི་ཁ་ཤས་ལ་ཉིན་ཤས་རིང་རྒྱུན་ལྡན་གྱི་ནད་རྟགས་ཕྲན་བུ་འབྱུང་སྲིད།“སྨན་ཁབ་ཚང་མར་ན་ཟུག་དང་སྐྲངས་པ། དམར་པོར་འགྱུར་བ། ཚ་བ་ཕྲན་བུ་ལྟ་བུའི་ཞོར་འབྲས་སྤྱིར་བཏང་བ་འདྲ་མཚུངས་ཡོང་གི་ཡོད།” ཅེས་སློབ་དཔོན་ཤིལ་གྱིས་གསུངས།“ཚད་རིམས་སྔོན་འགོག་སྨན་ཁབ་དེ་བདེ་འཇགས་དང་ནུས་ལྡན་ཡིན་པ་དང་ཞོར་འབྲས་མང་ཆེ་བ་རང་སར་ཞི་འགྲོ་གི་རེད།”

སྨན་ཁབ་ཀྱིས་འཕྲོད་མ་འགྲིག་པའི་ཉེན་ཁ་ཆུང་ཆུང་རེད།

ཁྱེད་ཀྱིས་སྨན་ཁབ་རྒྱག་དུས་སྨན་པ་འམ་སྨན་སྤྲོད་པས་ཁྱེད་རང་སྐར་མ་བཅོ་ལྔ་ནས་ཉི་ཤུའི་རིང་སྒུག་རྒྱུའི་སྐུལ་མ་བྱེད་ཀྱི་རེད། གང་ཡིན་ཟེར་ན་གལ་སྲིད་འཕྲོད་མ་འགྲིག་པ་ཡོང་གི་ཡོད་ན་དེའི་རིང་ཡོང་སྲིད།
སློབ་དཔོན་མེ་རུ་ཤིལ།

མཐའ་དོན་དུ་ཁོད་གིས་སྨན་པས་ཁྱེད་ཀྱི་ལོ་ཚད་དང་འཕྲོད་བསྟེན་གནས་སྟངས་ལ་གཞིགས་ནས་ཚད་རིམས་སྔོན་འགོག་སྨན་ཁབ་འོས་འཚམ་ཞིག་འཚོལ་རོགས་བྱེད་པ་མ་ཟད། ཁྱེད་ལ་དྲི་བ་ཡོད་ན་དེ་དག་ལ་ལན་འདེབས་བྱེད་ཀྱི་རེད་ཅེས་གསུངས།

“གལ་ཏེ་ཁྱེད་ལ་སེམས་ཁྲལ་ལམ་སྨན་ཁབ་རྒྱག་འདོད་མེད་པའི་རྒྱུ་མཚན་ཡོད་ན་ཁྱེད་ཀྱི་སྤྱི་མཚན་སྨན་པས་སྨན་ཁབ་དེ་ཁྱེད་ལ་འོས་འཚམ་ཡིན་མིན་འགྲེལ་བཤད་རྒྱག་ཐུབ།”

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now