ཕྱི་ལོ་ ༢༠༢༦ ལོའི་མི་འབོར་ཞིབ་བཤེར་དེ་རེས་གཟའ་མིག་དམར་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ཡིན་པ་དང་། ཉིན་དེའི་མཚན་མོར་ཨོ་སི་ཊེ་ལི་ཡའི་ནང་གནས་སྡོད་བྱེད་བཞིན་པའི་མི་ཚང་མ་རྩིས་བཤེར་བྱེད་དགོས། མི་འབོར་ཞིབ་བཤེར་གྱི་གནས་ཚུལ་དེ་མི་རྣམས་གང་དུ་གནས་སྡོད་བྱེད་ཀྱི་ཡོད་མེད་དང་། ཁྱིམ་ནང་སྤྱོད་བཞིན་པའི་སྐད་ཡིག (ལག་བརྡ་ཡང་ཚུད་ཡོད) སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་རྒྱབ་སྐྱོར་གྱི་རིགས། དེ་བཞིན་ཨོ་སི་ཊེ་ལི་ཡ་རྒྱལ་ཁབ་ཀྱི་འགྱུར་བ་ཇི་ལྟར་འགྲོ་བཞིན་ཡོད་མེད་བཅས་ཤེས་རྟོགས་བྱེད་པར་བེད་སྤྱོད་གཏོང་གི་ཡོད། རང་ཉིད་དང་རང་ཉིད་ཀྱི་ཚོགས་སྡེ་ཁག་རྩིས་བཤེར་བྱས་པ་ཡིན་ན། རང་ཉིད་ཀྱི་སྤྱི་ཚོགས་དང་རིག་གཞུང་མཚོན་ཐུབ་པར་ཕན་ཐོགས་ཡོད། གཤམ་དུ་ཁྱེད་རང་དང་ཁྱེད་རང་གི་ཁྱིམ་ཚང་མི་འབོར་ཞིབ་བཤེར་ནང་རྩིས་བཤེར་ཡོང་བར་དགོས་ངེས་ཀྱི་ཤེས་བྱ་རྣམས་འཁོད་ཡོད།
གཙོ་གནད།
- ཕྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་ ༨ ཚེས་ ༡༡ ཉིན་གྱི་མཚན་མོར་ཨོ་སི་ཊེ་ལི་ཡར་ཡོད་པའི་མི་ཚང་མའི་རྩིས་ཐོ་བླངས་ནས་རྒྱལ་ཁབ་ཀྱི་མི་འབོར་ཞིབ་བཤེར་བྱེད་ཀྱི་ཡོད།
- ཁྱེད་རང་གི་ལན་འདེབས་ཀྱིས་གཞུང་སོགས་ཀྱི་རོགས་རམ་མཁོ་སྤྲོད་པ་ཚོར་ད་ལྟའི་དགོས་མཁོ་དང་མ་འོངས་པར་དགོས་མཁོ་ཇི་ལྟར་འགྱུར་སྲིད་མིན་ཤེས་རྟོགས་བྱེད་པར་རམ་འདེགས་བྱེད་ཀྱི་ཡོད།
- ཁྱེད་རང་གིས་མཁོ་སྤྲོད་བྱས་པའི་སྒེར་གྱི་གནས་ཚུལ་ཚང་མ་བདེ་འཇགས་ངང་ཉར་ཚགས་བྱེད་ཀྱི་ཡོད་ལ། ཁྱེད་རང་ངོས་འཛིན་བྱེད་པར་བེད་སྤྱོད་བྱེད་མི་ཐུབ།
- མི་འབོར་ཞིབ་བཤེར་གྱི་ཐོ་གཞུང་གིས་ཁྱེད་རང་གི་སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་ཞབས་ཞུ་དང་རྒྱབ་སྐྱོར་སྐོར་གྱི་ཐག་གཅོད་ལ་རོགས་རམ་བྱེད་ཀྱི་ཡོད།
- མི་འབོར་ཞིབ་བཤེར་ནི་མི་གྲངས་རྩིས་རྒྱག་རྒྱུ་ཁོ་ན་ཡིན་ནམ།
- མི་འབོར་ཞིབ་བཤེར་གྱི་དགེངས་ཤོག་དེ་སུས་སྐོང་དགོས།
- གལ་ཏེ་ཁྱེད་རང་མི་འབོར་ཞིབ་བཤེར་གྱི་མཚན་མོར་ཁྱིམ་དུ་མེད་ན་ཅི་བྱེད་དགོས།
- མི་འབོར་ཞིབ་བཤེར་གྱི་དགེངས་ཤོག་ནང་དྲེ་བ་ཅི་ཞིག་ཡོད་དམ།
- གལ་ཏེ་ཁྱེད་རང་སྒེར་གྱི་གནས་ཚུལ་བེད་སྤྱོད་བྱེད་སྟངས་ཐད་བློ་འཚབ་ཡོད་ན་ཅི་བྱེད་དགོས་སམ།
- མི་འབོར་ཞིབ་བཤེར་སྐབས་ལན་ཏག་ཏག་རྒྱག་དགོས་དོན་གང་ཡིན་ནམ།
- མི་འབོར་ཞིབ་བཤེར་གྱི་གྲངས་ཐོས་རིག་གཞུང་སྣ་མང་གི་ཚོགས་སྡེ་ཁག་ལ་རོགས་རམ་ཇི་ལྟར་བྱེད་ཀྱི་ཡོད་དམ།
- མི་འབོར་ཞིབ་བཤེར་གྱི་དགེངས་ཤོག་སྐོང་རྒྱུར་རོགས་རམ་ཡོད་དམ།
མི་འབོར་ཞིབ་བཤེར་ནི་མི་གྲངས་རྩིས་རྒྱག་རྒྱུ་ཁོ་ན་ཡིན་ནམ།
ལོ་ལྔ་རེའི་མཚམས་སུ་ཨོ་སི་ཊེ་ལི་ཡའི་གྲངས་ཐོ་ལས་ཁུངས་ཀྱིས་ (ABS) ཀྱིས་ཨོ་སི་ཊེ་ལི་ཡའི་ནང་གི་མི་དང་ཁྱིམ་ཚང་རེ་རེ་བཞིན་རྩིས་བཤེར་བྱེད་ཀྱི་ཡོད། འདི་ནི་མི་འབོར་དང་སྡོད་ཁང་གི་ཞིབ་བཤེར་ཡིན་པ་དང་། སྤྱིར་བཏང་མི་འབོར་ཞིབ་བཤེར་ཞེས་འབོད་ཀྱི་ཡོད།
མི་འབོར་ཞིབ་གཤེར་དེ་ནི་ཨོ་སི་ཊེ་ལི་ཡའི་ནང་མི་ག་ཚོད་གནས་སྡོད་བྱེད་ཀྱི་ཡོད་མེད་ཙམ་མ་ཡིན་པར།
ABS མི་འབོར་ཞིབ་བཤེར་གྱི་རྒྱལ་ཡོངས་མགྲིན་ཚབ་པ་ཨེ་མི་ལི་ཝལ་ཊར་གྱིས་བསྡུ་རུབ་བྱས་པའི་གནས་ཚུལ་དེ་ད་ལྟའི་དགོས་མཁོ་དང་མ་འོངས་པར་དགོས་མཁོ་ཇི་ལྟར་འགྱུར་སྲིད་མིན་ཤེས་རྟོགས་བྱེད་པར་ཕན་ཐོགས་ཡོད་ཅེས་འགྲེལ་བཤད་བྱས་ཡོད།
ཁོ་མོས་ “དགེངས་ཤོག་དེས་ང་རང་ཚོ་སུ་ཡིན་པ་ར་སྤྲོད་པའི་འདྲ་པར་ཞིག་དང་མཚུངས་པར་དུས་ཚོད་དང་ལྷན་དུ་ཨ་སི་ཊེ་ལི་ཡའི་འགྱུར་འགྲོས་སྟོན་གྱི་ཡོད།” ཅེས་གསུངས། “མི་འབོར་ཞིབ་བཤེར་གྱིས་འཕྲོད་བསྟེན་དང་། ཤེས་ཡོན། རིག་གཞུང་གི་རྒྱབ་ལྗོངས། ལས་ཀ་བཅས་ཀྱི་སྐོར་དྲི་བ་འདྲི་གི་ཡོད་ལ། དེ་དག་ཚང་མས་ཨོ་སི་ཊེ་ལི་ཡའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་གནས་སྟངས་ཀྱི་རྣམ་པ་རྒྱ་ཆེན་པོ་ཞིག་མཚོན་ཐུབ།”
མི་འབོར་ཞིབ་བཤེར་གྱིས་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་དགོས་མཁོ་ཡོད་པའི་ཞབས་ཞུ་དང་རྨང་གཞིའི་དགོས་མཁོ་རྣམས་དུས་དང་འཚམ་པར་འོས་འབྱོར་ཡོང་བར་རོགས་རམ་བྱེད་ཀྱི་ཡོད། དེའི་ནང་དུ་སྐད་ཡིག་ཞབས་ཞུ་དང་། སློབ་གྲྭ། འཕྲོད་བསྟེན་ཞབས་ཞུ། སྤྱི་ཚོགས་ཀྱི་ལས་གཞི། མང་ཚོགས་སྐྱེལ་འདྲེན་དང་གཞིས་ཆགས་རྒྱབ་སྐྱོར་བཅས་ཚུད་ཡོད།
མི་འབོར་ཞིབ་བཤེར་གྱི་ལས་བྱེད་པ་ཚོས་གྲངས་ཐོ་ལས་ཁུངས་ཀྱི་ཆོག་མཆན་ཡོད་ཐོག་དགེངས་ཤོག་བསྐངས་མེད་པའི་ཁྱིམ་ཚང་ཁག་ལ་རྗེས་འདེད་ཀྱིས་རྩིས་ཐོའི་ཚུད་རྒྱུར་རོགས་རམ་བྱེད་ཀྱི་ཡོད།

མི་འབོར་ཞིབ་བཤེར་གྱི་དགེངས་ཤོག་དེ་སུས་སྐོང་དགོས།
ཕྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་ ༨ ཚེས་ ༡༡ ཉིན་གྱི་མཚན་མོར་ཨོ་སི་ཊེ་ལི་ཡར་ཡོད་པའི་མི་ཚང་མས་རྩིས་ཐོའི་འགེངས་ཤོག་སྐོང་དགོས།
མི་འབེར་ཞིབ་བཤེར་ནི་ཨོ་སི་ཊེ་ལི་ཡར་གནས་སྡོད་བྱེད་མཁན་ཚང་མས་ངེས་པར་དུ་མཛུལ་ཞུགས་བྱེད་དགོས་ཀྱི་ཡོད།
ཨིམ་ལི་ལགས་ཀྱིས་ “དེའི་ནང་དུ་རྒྱལ་སྤྱིའི་སློབ་ཕྲུག་དང་། ལྟ་སྐོར་བ། ཐོངས་མཆན་ལག་འཁྱེར་ཐོག་ཡོད་མཁན་བཅས་ཚང་མ་ཚུད་ཡོད། མི་འགའ་ཤས་ཀྱིས་དགེངས་ཤོག་ནང་ཕྲུ་གུ་ཆུང་ཆུང་རྣམས་ཐོ་འགོད་བྱེད་རྒྱུ་བརྗེད་འགྲོ་གི་ཡོད་པ་རེད།”ཅེས་གསུངས།
མི་འབོར་ཞིབ་བཤེར་གྱི་མཚན་མོར་ཁྱེད་རང་གི་ཁྱིམ་དུ་སྡོད་མཁན་ཚང་མ་ཐོ་གཞུང་ནང་ཚུད་དགོས།
གལ་ཏེ་ཁྱེད་རང་མི་འབོར་ཞིབ་བཤེར་གྱི་མཚན་མོར་ཁྱིམ་དུ་མེད་ན་ཅི་བྱེད་དགོས།
གལ་ཏེ་ཁྱེད་རང་འདི་ལོའི་ལོའི་ཟླ་ ༨ ཚེས་ ༡༡ ཉིན་ཕྱི་རྒྱལ་དུ་ཡོད་ན། ཨོ་སི་ཊེ་ལི་ཡའི་མི་འབོར་ཞིབ་བཤེར་གྱི་ཐོ་འགོད་ནང་ཞུགས་མི་དགོས།
འོན་ཀྱང་། གལ་ཏེ་ཁྱེད་རང་ཨོ་སི་ཊེ་ལི་ཡའི་ནང་དུ་འགྲུལ་བཞུད་བྱེད་བཞིན་པ་ཡིན་ནའང་འདྲ། སྒར་རྒྱག་བཞིན་པའང་ཡང་ན་གྲོགས་པོའི་ཁྱིམ་དུ་སྡོད་བཞིན་པ་ལྟ་བུ་གང་དུ་ཡོད་ནའང་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་བཀང་དགོས། མི་འབོར་ཞིབ་བཤེར་གྱི་ནང་དུ་ཁྱེད་རང་སྤྱིར་བཏང་དུ་གང་དུ་གནས་སྡོད་བྱེད་ཀྱི་ཡོད་མེད་སྐོར་གྱི་དྲི་བ་ཞིག་ཡོད།
ཁྱེད་རང་གིས་དགེངས་ཤོག་དེ་ངེས་པར་མཚན་མོ་དེ་རང་ལ་བཀང་མི་དགོས་ཀྱང་། ཁྱེད་རང་གིས་མི་འབོར་ཞིབ་བཤེར་གྱི་མཚན་མོར་གང་དུ་ཡོད་མེད་མཚོན་པའི་ལན་འདེབས་བྱེད་དགོས། གལ་ཏེ་ཁྱེད་རང་གིས་མི་འབོར་ཞིབ་བཤེར་གྱི་མཚན་མོར་གང་དུ་ཡོད་མེད་ཤེས་ཀྱི་ཡོད་ན། གཞུང་གི་ལམ་སྟོན་འབྱོར་མ་ཐག་ཏུ་འགེངས་ཤོག་བཀང་ཆོག
མི་འབོར་ཞིབ་བཤེར་གྱི་དགེངས་ཤོག་ནང་དྲེ་བ་ཅི་ཞིག་ཡོད་དམ།
མི་འབོར་ཞིབ་བཤེར་གྱི་མཚན་མོའི་ཉིན་ཤས་སྔོན་ལ། ཁྱིམ་ཚང་མང་ཆེ་བར་འགེངས་ཤོག་དྲ་ཐོག་ནས་ཇི་ལྟར་བཀང་དགོས་མིན་འགྲེལ་བཤད་བྱས་པའི་ཡི་གེ་ཞིག་འབྱོར་གྱི་ཡོད། ཁྱིམ་ཚང་འགའ་ཤས་ལ་སྦྲག་ཐོག་ནས་འགེངས་ཤོག་འབྱོར་གྱི་ཡོད།

ཁྱེད་རང་གིས་མི་འབོར་ཞིབ་བཤེར་དྲ་ཐོག་གམ་སྦྲག་ཐོག་ཡང་ན་མི་འབོར་ཞིབ་བཤེར་གྱི་ལས་བྱེད་པ་ཚོའི་རོགས་རམ་སོགས་གང་རུང་བརྒྱུད་བཀང་ཆོག
ཨིམ་ལི་ཝལ་ཊར་ལགས་ཀྱིས་མི་འབོར་ཞིབ་བཤེར་གྱི་ནང་དུ་འཕྲོད་བསྟེན་དང་། ཤེས་ཡོན། ལས་ཀ་སོགས་ཀྱི་བརྗོད་གཞི་ཁག་གི་སྐོར་དྲི་བ་འདྲི་གི་ཡོད་ལ། དྲི་བ་དེ་དག་ཚང་མས་ཁྱིམ་ཚང་དང་སྤྱི་ཚོགས་ཤིག་གི་སྐོར་གྱི་གནས་བབས་རྒྱ་ཆེན་པོ་ཞིག་མཚོན་གྱི་ཡོད་ཅེས་གསུངས་ཡོད།
“མི་ཞིག་ཨོ་སི་ཊེ་ལི་ཡའི་གདོད་མའི་མི་རིགས་དངཋོ་རེ་སི་མཚོ་གླིང་གི་མི་རིགས་ཡིན་མིན་སྐོར་གྱི་དྲི་བ་དང་། ཁྱིམ་དུ་སྐད་ཡིག་གང་བེད་སྤྱོད་བྱེད་ཀྱི་ཡོད་མེད། སྐྱེས་ཡུལ་གང་ཡིན་དང་ཕ་མའི་སྐྱེས་ཡུལ་གང་ཡིན་སྐོར། མི་རིགས་ཀྱི་བྱུང་ཁུངས། ཆོས་ལུགས། ཨོ་སི་ཊེ་ལི་ཡར་འབྱོར་ལོ། སོགས་ཀྱི་བརྗོད་གཞི་ཁག་གི་སྐོར་ཡིན།”
གལ་ཏེ་ཁྱེད་རང་སྒེར་གྱི་གནས་ཚུལ་བེད་སྤྱོད་བྱེད་སྟངས་ཐད་བློ་འཚབ་ཡོད་ན་ཅི་བྱེད་དགོས་སམ།
ཁྱེད་རང་གི་གསང་དོན་སྲུང་སྐྱོབ་བྱེད་པར་བདེ་འཇགས་ཀྱི་བྱ་ཐབས་ཁག་ཡོད། མི་འབོར་ཞིབ་བཤེར་ནི་མི་སྒེར་གྱི་སྐོར་མིན་པར། མི་འབོར་ཡོངས་ཀྱི་གནས་ཚུལ་གྱི་སྐོར་ཡིན།
མི་འབོར་ཞིབ་བཤེར་ལ་ཁྱེད་རང་གི་མིང་དང་ཁ་བྱང་དགོས་ཀྱི་ཡོད། དེས་ཐོ་གཞུང་གི་སྤུས་ཚད་ཡང་དག་པ་ཡོང་བར་རོགས་རམ་བྱེད་རྒྱུའི་ཆེད་ཡིན། དེའི་ནང་དུ་ས་ཁུལ་འདྲ་མིན་གྱི་གནས་ཚུལ་ཡང་དག་པ་ཡང་འགོད་དགོས་པ་ཚུད་ཡོད། དོ་དག་གི་མིང་རྣམས་གནས་ཚུལ་གཞན་རྣམས་ལས་སྔ་ས་ནས་ལོགས་སུ་ཕྱེ་ཡི་ཡོད
དོ་དག་གི་མིང་རྣམས་གནས་ཚུལ་གཞན་རྣམས་ལས་སྔ་ས་ནས་ལོགས་སུ་ཕྱེ་ཡི་ཡོད་པས་མི་འབོར་ཞིབ་བཤེར་གྱི་ཡོད་པས་ཐོ་གཞུང་བརྒྱུད་མི་སྒེར་སུ་ཞིག་ཀྱང་ངོས་འཛིན་བྱེད་མི་ཐུབ་ལ་དེ་ལྟར་བྱེད་རྒྱུར་ཁྲིམས་མཐུན་གྱི་དབང་ཆ་མེད།ཨིམ་ལི་ཝལ་ཊར།
ཁྱེད་ཀྱིས་མཁོ་སྤྲོད་བྱས་པའི་གནས་ཚུལ་རྣམས་གསང་རྒྱ་དང་། བདེ་འཇགས་ངང་ཉར་ཚགས་བྱེད་ཀྱི་ཡོད། གཞུང་གི་སྡེ་ཚན་གཞན་དག་དང་། དཔེར་ན་ཨོ་སི་ཊེ་ལི་ཡའི་གྲངས་གཤེར་སྡེ་ཚན་མིན་པའི་སྒྲིག་འཛུགས་གཞན་དག་གིས་ཁྱེད་ཀྱིས་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ནང་བཅུག་པའི་མི་སྒེར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་མི་ཐུབ།
མི་འབོར་ཞིབ་བཤེར་གྱི་གནས་ཚུལ་ངོ་མ་བསྡུ་རུབ་བྱས་པ་དེ་ཚོགས་སྡེ་ཁག་དང་། ཁེ་མེད་ཚོགས་པ། ཚོང་ལས་ཁང་། དེ་བཞིན་གཞུང་བཅས་ཀྱིས་བེད་སྤྱོད་བྱེད་ཀྱི་ཡོད།
དཔེར་ན་ཨོ་སི་ཊེ་ལི་ཡར་དགའ་བསུ་ཞེས་པ་ནི་ཁེ་མེད་ཚོགས་པ་ཞིག་རེད། ཁོང་ཚོས་རྒྱལ་ཡོངས་ཀྱི་ས་གནས་གཞུང་དང་། ལུས་རྩལ་ཚོགས་པ། སློབ་གྲྭ་ཆེན་མོ། དེ་བཞིན་ལས་ཀ་བྱེད་སའི་ས་གནས་ཁག་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད།
ཨོ་སི་ཊེ་ལི་ཡར་དགའ་བསུའི་འགན་འཛིན་གཞོན་པ་ཨ་ལིམ་ཨ་ལིས་ཁྱེད་ཀྱི་མི་འབོར་ཞིབ་བཤེར་ལ་དྲང་་ལན་དྲང་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསལ་བཤད་བྱས་ཡོད།
“གལ་ཏེ་ཁྱེད་ཀྱིས་རང་གི་སྐད་ཡིག་དང་། ཆོས་དད། རིག་གཞུང་བཅས་མ་བཀོད་པ་ཡིན་ན། ཁྱེད་རང་དོན་དངོས་སུ་གནས་མེད་པའམ་མ་དངུལ་མཁོ་སྤྲོད་ཀྱི་ཐག་གཅོད་བྱེད་མཁན་ཚོར་མི་མངོན་པར་འགྱུར་བ་དང་གཅིག་མཚུངས་རེད།”

མི་འབོར་ཞིབ་བཤེར་སྐབས་ལན་ཏག་ཏག་རྒྱག་དགོས་དོན་གང་ཡིན་ནམ།
སློབ་གྲྭ་དང་། སྤྱི་ཚོགས་ལྟེ་གནས། སྐད་ཡིག་གི་རྒྱབ་སྐྱོར། དེ་བཞིན་གལ་ཆེའི་ཞབས་ཞུ་གཞན་དག་བཅས་འཆར་འགོད་བྱེད་སྐབས་ཁྱེད་ཀྱི་སྐད་ཡིག་དང་ཁྱེད་ཀྱི་ཚོགས་སྡེ་ཆ་ཚང་ཚུད་པ་བྱེད་རྒྱུའི་འགན་འཁྲི་ཡོད་པས་མི་འབོར་ཞིབ་བཤེར་གྱི་དྲི་བ་ཁག་ལ་ལན་འདེབས་ཏག་ཏག་བྱེད་རྒྱུ་དེ་གལ་ཆེན་པོ་རེད།
ཨ་ལི་ལགས་ཀྱིས་མི་ཚང་མ་ལ་དྲང་པའི་དང་འགན་འཁུར་ལྡན་པའི་ཐོག་ལན་འདེབས་བྱེད་དགོས་པའི་སྐུལ་མ་བྱས་ཡོད།
གལ་ཏེ་ཁྱེད་ཀྱིས་རང་གི་སྐད་ཡིག་དང་། ཆོས་དད། རིག་གཞུང་བཅས་མ་བཀོད་པ་ཡིན་ན། ཁྱེད་རང་དོན་དངོས་སུ་གནས་མེད་པའམ་མ་དངུལ་མཁོ་སྤྲོད་ཀྱི་ཐག་གཅོད་བྱེད་མཁན་ཚོར་མི་མངོན་པར་འགྱུར་བ་དང་གཅིག་མཚུངས་རེད།ཨ་ལིམ་ཨ་ལི།
མཉམ་ཞུགས་བྱེད་རྒྱུ་ནི་རང་ཉིད་ཡུལ་འདིར་གནས་སྡོད་བྱེད་ཀྱི་ཡོད་པ་གསལ་སྟོན་བྱེད་པ་དང་། རང་རིགས་ཀྱི་སྡེ་ཚོགས་ལ་ཐོབ་འོས་པའི་མཐུན་རྐྱེན་རོགས་རམ་ཁག་ཞུ་རྒྱུར་ཕན་ཐོག་ཡོང་གི་ཡོད།
པི་ཊར་ཌོ་ཁ་སི་ནི་ཨོ་སི་ཊེ་ལི་ཡའི་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་རེད།
ཁོང་གིས་མི་རིགས་ཁག་གི་ལྷན་ཚོགས་འདྲ་བའི་ཚོགས་པ་ཁག་གིས་ཨོ་སི་ཊེ་ལི་ཡའི་གྲངས་ཐོ་ལས་ཁུངས་དང་མཉམ་དུ་མི་འབོར་ཞིབ་བཤེར་གྱི་གནས་ཚུལ་རང་སྐད་ནང་མཁོ་སྤྲོད་བྱེད་པ་དང་། དེ་བཞིན་སེམས་ཁྲལ་གང་ཡོད་པ་དེ་སེལ་ཆེད་ལས་ཀ་བྱེད་ཀྱི་ཡོད་པར་གསུངས་ཡོད།
“ཡིད་རྟོན་འཕེལ་བའི་གནས་ཚུལ་བསྡུ་རྒྱུ་དང་། མི་ཚོར་མི་འབོར་ཞིབ་བཤེར་ནི་ཨོ་སི་ཊེ་ལི་ཡའི་ནང་གི་མི་སེར་གྱི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་བྱེད་པར་རོགས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད།”
སྐུ་ཞབས་ཨ་ལིས་མི་འབོར་ཞིབ་བཤེར་གྱི་གནས་ཚུལ་དེ་ཨོ་སི་ཊེ་ལི་ཡར་དགའ་བསུའི་ཚོགས་པར་ལས་དོན་སྒྲུབ་རྒྱུར་ཕན་ཐོག་ཆེན་པོ་ཡོད་པར་གསུངས་ཡོད།
“… གང་ཡིན་ཟེར་ན། དེས་ང་ཚོས་རོགས་རམ་བྱེད་སའི་ཚོགས་པ་ཁག་ལ་སྙོབ་རྒྱུ་ལས་སླ་བ་དང་། ལྷག་པར་མི་འབོར་སྣ་ཚོགས་ཅན་གྱི་སྤྱི་ཚོགས་དང་མཉམ་དུ་དེ་བས་ཀྱང་ནུས་པ་ལྡན་པའི་སྒོ་ནས་ལས་ཀ་བྱེད་པར་ཕན་ཐོགས་ཡོང་གི་ཡོད།”

མི་འབོར་ཞིབ་བཤེར་གྱི་གྲངས་ཐོས་རིག་གཞུང་སྣ་མང་གི་ཚོགས་སྡེ་ཁག་ལ་རོགས་རམ་ཇི་ལྟར་བྱེད་ཀྱི་ཡོད་དམ།
མི་འབོར་ཞིབ་བཤེར་སྐབས་བསྡུ་རུབ་བྱས་པའི་གནས་ཚུལ་གྱིས་མི་རྣམས་ལ་དངོས་ཡོད་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད།
ཁྱེད་ཀྱིས་མཁོ་སྤྲོད་བྱས་པའི་གནས་ཚུལ་དེས་ཚོགས་པ་ཁག་དང་། ཚོང་ལས་ཁང་། དེ་བཞིན་གཞུང་བཅས་ཀྱིས་ཁྱེད་ཀྱི་ཚིགས་སྡེ་ལ་ཞབས་ཞུ་དང་རྒྱབ་སྐྱོར་གྱི་རིགས་གང་ཐོབ་པའི་ཐག་གཅོད་ཡང་དག་པ་བྱེད་པར་རོགས་པ་བྱེད་ཀྱི་ཡོད།
སྐུ་ཞབས་ཨ་ལིས་མི་འབོར་ཞིབ་བཤེར་གྱི་གནས་ཚུལ་དེ་ང་ཚོ་རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་མཚོན་པའི་ས་ཁྲ་ཞིག་ཏུ་རྩི་ཆོག་པར་གསུངས་ཡོད།
“དཔེར་ན། ས་གནས་ངེས་ཅན་ཞིག་ལ་དབྱིན་ཇིའི་སྐད་ཡིག་གི་ནུས་པ་ཞན་པ་ཡོད་པའི་མི་མང་པོ་ཡོད་པ་དེ་མཐོང་ན། དཔང་རྟགས་དེ་དག་གིས་ས་གནས་དེ་གའི་སྨན་ཁང་ཁག་ཏུ་རང་སྐད་ནང་འཕྲོད་བསྟེན་ཞབས་ཞུ་དང་། ཡིག་སྒྱུར་ཞབས་ཞུ་འདྲ་བའི་ལས་དོན་ཁག་ལ་རྒྱབ་སྐྱོར་བྱེད་པར་བེད་སྤྱོད་བྱེད་ཐུབ། དེས་ང་ཚོས་རྒྱུན་གཏན་གྱི་གྲོས་བསྡུར་དང་མ་དངུལ་ནང་མ་བརྩིས་པའི་ཚོགས་སྡེ་ཁག་ངོས་འཛིན་བྱེད་པར་ཡང་རོགས་པ་བྱེད་ཀྱི་ཡོད།”
སྐུ་ཞབས་ཌོ་ཁ་སིས་དེ་ལྟར་རྒྱ་ཆེ་ས་ནས་བལྟས་ན་ཁྱེད་ཀྱིས་ཨོ་སི་ཊེ་ལི་ཡའི་མང་ཚོགས་ནི་སྣ་མང་རང་བཞིན་ཅན་ཞིག་ཡིན་པ་དང་དེ་དག་ཚང་མ་ཚུད་ཐུབ་པ་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ཤེས་ཐུབ།
“དཔེར་ན། ཚོགས་སྡེ་གསར་པ་ཁག་ལ་རྒན་རྒོན་ལ་རྒྱབ་སྐྱོར་བྱེད་པའི་དགོས་མཁོ་ཐུན་མོང་མ་ཡིན་པ་ཡོད་སྲིད་པ་དང་། གསར་དུ་འབྱོར་བ་ཁག་ལ་སྐད་ཡིག་གི་རྒྱབ་སྐྱོར་རམ་ཐ་ན་གཞིས་ཆགས་པ་དང་སློབ་གྲྭ་འདྲ་བའི་གཞི་རྩའི་དགོས་འདྲ་བ་ཡོད་སྲིད།” ཅེས་གསུངས་ཡོད།

མི་འབོར་ཞིབ་བཤེར་གྱི་དགེངས་ཤོག་སྐོང་རྒྱུར་རོགས་རམ་ཡོད་དམ།
མི་འབོར་ཞིབ་བཤེར་གྱི་ཉིན་མོ་སླེབས་ཉེ་བའི་སྐབས། ཨོ་སི་ཊེ་ལི་ཡའི་གྲངས་ཐོ་ལས་ཁུངས་ཀྱིས་ཨོ་སི་ཊེ་ལི་ཡའི་ནང་གི་ཚོགས་པ་ཁག་དང་། ཚོང་ལས་ཁང་། སྡེ་ཁག་བཅས་དང་མཉམ་དུ་ལས་ཀ་བྱས་ཏེ་མི་ཚོས་ས་གནས་གང་སར་མི་འབོར་ཞིབ་བཤེར་བཀང་ཐུབ་པ་བྱེད་ཀྱི་ཡོད། འདི་ནི་གྲོང་ཁྱེར་དང་། ས་གནས་ཁུལ། དེ་བཞིན་རྒྱང་ཐག་རིང་བའི་ས་ཁུལ་ཁག་ཚང་མར་ཁྱབ་པ་དང་། དཔེར་ན་མགྲོན་ཁང་དང་། སྨན་ཁང་། སྒར་ས། དེ་བཞིན་སྦྲ་གུར་ནང་སྡོད་མཁན་ཚོ་ལའང་རྒྱབ་སྐྱོར་བྱེད་ཀྱི་ཡོད།
སྐུ་ཞབས་ཨ་ལིས་ཨོ་སི་ཊེ་ལི་ཡའི་གྲངས་ཐོ་ལས་ཁུངས་ཀྱིས་སྐད་ཡིག་སྣ་ཚོགས་ནང་གི་འགྲེམས་ཤོག་དང་། སྒྲ་ཐག་གི་ལམ་སྟོན། དེ་བཞིན་བརྙན་ཐུང་གི་ལམ་སྟོན་བཅས་མཁོ་སྤྲོད་བྱེད་རྒྱུ་ཡིན་པར་གསུངས་ཡོད།
“ཁྱེད་རང་དངོས་གཞིའི་མི་འབོར་ཞིབ་བཤེར་གྱི་གནས་ཚུལ་ལྟེ་གནས་ཤིག་ལ་སྒེར་གྱི་རོགས་རམ་འཚོལ་བར་འགྲོ་ཐུབ་པ་དང་། དེ་བཞིན་མི་འབོར་ཞིབ་བཤེར་གྱི་འབྲེལ་གཏུག་ལྟེ་གནས་བརྒྱུད་ཁ་པར་རྒྱབ་སྐྱོར་ཡང་ཡོད། གལ་ཏེ་ཁྱེད་ལ་སྐད་སྒྱུར་བ་ཞིག་དགོས་ན། ཁྱེད་ཀྱིས་རྒྱལ་ཡོངས་སྐད་སྒྱུར་ཞབས་ཞུ་དེ་བེད་སྤྱོད་བྱེད་ཐུབ།”
དྲན་དགོས་པ་ཞིག་ལ་མི་འབོར་ཞིབ་བཤེར་ནི་ཕྱི་ཟླ་ ༨ ཚེས་ ༡༡ རེས་གཟའ་མིག་དམར་གྱི་དགོང་མོ་རེད། གལ་ཏེ་ཁྱེད་རང་མི་འབོར་ཞིབ་བཤེར་གྱི་དགོང་མོ་དེར་ཨོ་སི་ཊེ་ལི་ཡར་ཡོད་པ་ཡིན་ན། ཁྱེད་རང་གྲངས་ཀའི་ནང་ཚུད་པ་བྱེད་དགོས།
དེ་བཀང་རྒྱུར་དུས་ཚོད་ཐུང་ཐུང་ཞིག་མ་གཏོགས་འགོར་གྱི་མེད་ཀྱང་། ཁྱེད་ཀྱིས་མཁོ་སྤྲོད་བྱས་པའི་གནས་ཚུལ་དེས་ཁྱེད་ཀྱི་ཚོགས་སྡེ་ལ་ལོ་མང་པོའི་རིང་ཞབས་ཞུ་དང་རྒྱབ་སྐྱོར་འཆར་འགོད་བྱེད་པར་རོགས་པ་བྱེད་ཐུབ།
མི་འབོར་ཞིབ་བཤེར་སྐོར་གྱི་གནས་ཚུལ་མང་བ་ཤེས་འདོད་ན། མི་འབོར་ཞིབ་བཤེར་གྱི་དྲ་ཚིགས་ལ་གཟིགས་རོགས། རང་གི་སྐད་ཡིག་ནང་གི་གནས་ཚུལ་ལམ་རྒྱབ་སྐྱོར་འཚོལ་གྱི་ཡོད་ན། སྐད་ཡིག་རྒྱབ་སྐྱོར་ཤོག་ངོས་ལ་གཟིགས་རོགས།
ནང་དོན་འདི་ནི་ཨོ་སི་ཊེ་ལི་ཡའི་གྲངས་ཐོ་ལས་ཁུངས་དང་ལྷན་དུ་མཉམ་སྒྲིག་བྱས་པ་ཞིག་ཡིན།






