SKIP TO MAIN CONTENT

༄༅། །ཕྱི་ལོ་ ༢༠༢༦ ལོའི་མི་འབོར་ཞིབ་བཤེར་གྱི་ངོ་འབག་འོག་གཞུང་ཡིག་དང་། གློག་འཕྲིན། འཕྲིན་ཐུང་བཅས་གཡོ་རྫུན་གྱི་བྱ་སྤྱོད་རྣམས་ཇི་ལྟར་ངོས་འཛིན་བྱེད་དགོས་སྐོར། News

Census Scam.jpg

གལ་ཏེ་ཁྱེད་ལ་ཁ་པར་དང་། གློག་འཕྲིན། འཕྲིན་ཐུང་བཅས་གཞུང་ཡིག་ངོ་བོའི་ཐོག་ནས་འབྱོར་བ་དེ་ཉིད་དོན་དུ་གཞུང་ནས་བཏང་བ་ཡིན་མིན་ཐེ་ཚོམ་བྱུང་ན། དེ་དག་ལ་ལན་འདེབས་མ་བྱས་གོང་མགོ་སྐོར་མཁན་ཡིན་མིན་ཇི་ལྟར་ངོས་འཛིན་བྱེད་དགོས་མིན་གྱི་ཐབས་ཤེས་གཙོ་བོ་འགའ་ཤེས་རྟོགས་ཡོད་དགོས།


Published

By Yasmine Alwakal

Presented by Domnyershar Dadon

Source: SBS


Skip to podcast episode content

གལ་ཏེ་ཁྱེད་ལ་ཁ་པར་དང་། གློག་འཕྲིན། འཕྲིན་ཐུང་བཅས་གཞུང་ཡིག་ངོ་བོའི་ཐོག་ནས་འབྱོར་བ་དེ་ཉིད་དོན་དུ་གཞུང་ནས་བཏང་བ་ཡིན་མིན་ཐེ་ཚོམ་བྱུང་ན། དེ་དག་ལ་ལན་འདེབས་མ་བྱས་གོང་མགོ་སྐོར་མཁན་ཡིན་མིན་ཇི་ལྟར་ངོས་འཛིན་བྱེད་དགོས་མིན་གྱི་ཐབས་ཤེས་གཙོ་བོ་འགའ་ཤེས་རྟོགས་ཡོད་དགོས།


བསྡུས་དོན།

  • ཨོ་སི་ཊེ་ལི་ཡའི་གྲངས་ཐོ་ཚན་པས་དངུལ་ཁང་གི་ཞིབ་ཕྲའི་གནས་ཚུལ་ལྟ་བུ་སྒེར་གྱི་གསང་དོན་རྣམས་སྤྲོད་རྒྱུའི་རེ་སྐུལ་ཞུ་མི་སྲིད།
  • མི་མང་ཆེ་བར་མི་འབོར་ཞིབ་བཤེར་ནང་མཛུལ་ཞུགས་བྱེས་ཚུལ་སྐོར་གྱི་གཞུང་ཡིག་ཞིག་འབྱོར་རྒྱུ་ཡིན་མོད། འོན་ཀྱང་ས་ཁུལ་ལས་བྱེད་པས་དངོས་སུ་དགེངས་ཤོག་རྣམས་སྐྱེལ་གྱི་ཡོད།

མི་འབོར་ཞིབ་བཤེར་གྱི་མཚན་མོ་མགྱོགས་པོར་བསླེབ་ལ་ཉེ་བའི་སྐབས་འདིར། ཨོ་སི་ཊེ་ལི་ཡའི་མི་སེར་རྣམས་ལ་མགོ་སྐོར་གཡོ་ཐབས་ལ་དོགས་ཟོན་བྱེད་དགོས་པ་དང་། ཁ་གསལ་མེད་པ་དང་དོགས་གཞི་ཅན་གྱི་ཆ་འཕྲིན་གང་ཡོད་སྙན་སེང་ཞུ་དགོས་པའི་ཉེན་བརྡ་བཏང་ཡོད།

ཨོ་སི་ཊེ་ལི་ཡའི་འགྲན་རྩོད་དང་འཛད་སྤྱོད་ལྷན་ཚོགས་ཀྱི་མགོ་སྐོར་གཡོ་ཐབས་སྲུང་སྐྱོབ་ལས་ཁུངས་ཀྱིས་ཨེ་སི་བྷི་ཨེ་སི་གསར་ཁང་ལ་ཉེ་ཆར་སུ་ཡིན་གསལ་ཆ་མེད་པའི་མི་རིགས་ཤིག་ཀྱིས་མི་འབོར་ཞིབ་བཤེར་གྱི་ལས་དོན་སྒྲུབ་ཀྱི་ཡོད་པའི་རྣམ་པའི་ཐོག་ནས་མགོ་སྐོར་གཡོག་ཐབས་བྱེད་བཞིན་པའི་སྙན་ཞུ་གསར་པ་འབྱོར་ཡོད་པར་བརྗོད་ཡོད།

"མགོ་སྐོར་གཏོང་མཁན་ཚོས་རྒྱུན་དུ་དོན་རྐྱེན་གལ་ཆེན་དང་ཡིད་ཆེས་རུང་བའི་གཞུང་གི་ཞབས་ཞུ་རྣམས་བེད་སྤྱད་དེ་མི་མང་ལ་འབྲེལ་བ་བྱེད་པ་དེ་ཁྲིམས་མཐུན་ཅན་དུ་སྣང་བ་བཟོ་གི་ཡོད།" མགོ་སྐོར་གཡོ་ཐབས་སྲུང་སྐྱོབ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་སི་བྷི་ཨེ་སི་གསར་འགྱུར་ལ་བརྗོད་དོན། "ཨོ་སི་ཊེ་ལི་ཡའི་མི་མང་ཚོས་བྱ་སྤྱོད་གང་ཞིག་མ་སྤེལ་གོང་སྐར་མ་འགའ་ཤས་བསྒུགས་ནས་ཞིབ་བཤེར་བྱེད་དགོས།"

གྲངས་ཐོ་ལྷན་ཁང་གིས་མི་འབོར་ཞིབ་བཤེར་དང་འབྲེལ་བའི་མགོ་སྐོར་གཡོ་ཐབས་གང་ཡང་ད་ལྟའི་ཆར་ཤེས་རྟོགས་མེད་པར་བརྗོད་ཡོད། འོན་ཀྱང་། རྒྱལ་ཡོངས་ཀྱི་གྲངས་ཐོ་ལས་ཁུངས་འདིས་འདས་པའི་དུས་སུ་མགོ་སྐོར་གཡོ་མཁན་ཚོས་ཁུངས་མེད་པའི་ཁ་པར་དང་། འཕྲིན་ཐུང་། གློག་འཕྲིན་རྫུན་མ་བཅས་ཀྱི་ཐབས་ལམ་བེད་སྤྱོད་བྱས་ཡོད་པར་བརྗོད་ཡོད།

རྒྱལ་ཡོངས་གྲངས་ཐོ་ལས་ཁུངས་ཀྱིས་མི་མང་རྣམས་ལ་

དངུལ་ཁང་གི་ངོ་བྱང་ཨང་དང་།

  1. བུན་བྱང་གི་གནས་ཚུལ་ཞིབ་ཕྲ།
  2. དངུལ་གྱི་ཞལ་འདེབས།
  3. གསང་བའི་ཨང་གྲངས།
  4. ངོ་སྤྲོད་ལག་འཁྱེར་དང་ཁྲལ་བསྡུའི་ཨང་གྲངས་སོགས་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་པར་སྐུལ་མི་སྲིད་པས་དེ་མཐུན་གྱིས་གཟབ་ནན་བྱེད་དགོས་པར་བརྗོད་ཡོད།

དེ་བཞིན་མི་འབོར་ཞིབ་བཤེར་གྱི་དགེངས་ཤོག་སྐོང་རྒྱུ་དེ་ཟླ་ ༨ ཚེས་ ༡༡ ཉིན་མི་མང་ཚང་མས་ངེས་པར་དུ་བསྒྲུབ་དགོས་པ་ཞིག་ཡིན་པས་དགེངས་ཤོག་དེ་སྐོང་རྒྱུར་བྱ་དགའ་དང་གསོལ་རས་སོགས་གང་ཡང་མེད་པའི་ནན་བཤད་ཀྱང་བྱས་ཡོད།

གྲངས་ཐོ་ལས་ཁུངས་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་འབྲེལ་བ་བྱེད་ཀྱི་མེད་པ་དང་། མི་སྒེར་གྱི་མོས་མཐུན་མེད་པར་སྒེར་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་མེད་པར་ནན་བཤད་བྱས་ཡོད། འོན་ཀྱང་། ང་ཚོའི་གཞུང་ཅེས་པའི་མཉེན་ཆས་ནང་གནས་ཚུལ་གསར་ཐོན་བརྒྱུད་སྤྲོད་བྱེད་དགོས་པའི་ཐོ་ཞུགས་བྱས་ཡོད་ན་དེའི་ནང་དུ་ལན་འབྱོར་སྲིད།

མི་འབོར་ཞིབ་བཤེར་གྱི་གཞུང་ཡིག་དེ་ངོ་མ་ཡིན་ནམ།

སྡོད་ཁང་མང་ཆེ་བར་མི་འབོར་ཞིབ་བཤེར་དྲ་ཐོག་ནས་ལེགས་གྲུབ་བྱེད་དགོས་པའི་སྐོར་གྱི་བཀོད་ཁྱབ་ཡོད་པའི་གཞུང་ཡིག་ཅིག་ཤོག་ཐོག་ཏུ་འབྱོར་གྱི་ཡོད། གལ་ཏེ་འདོད་པ་ཡོད་ཚེ་དགེངས་ཤོག་དེ་ཡང་ཤོག་ཐོག་ནས་གཏོང་རྒྱུར་རེ་སྐུལ་བྱེད་ཆོག

མི་འབོར་ཞིབ་བཤེར་གྱི་གཞུང་ཡིག་ལ་གཡོན་ཕྱོགས་ཀྱི་ཟུར་དུ་གྲངས་ཐོ་ལས་ཁུངས་ཀྱི་མཚོན་རྟགས་དང་། ཤོག་བུའི་དགེངས་ཤོག་ཁག་ལ་ཡིག་ལན་གྱི་དངུལ་སྤྲད་ཟིན་པའི་ཡིག་སྐོགས་དང་། ཁ་བྱང་དུ་ ཡིག་ལན་གྱི་དངུལ་སྤྲད་ཟིན་པ། ༩༣༩༠༩ ཌན་ཌིན་ནོང་། ཝིག་ ༣༡༧༥ ཞེས་བཀོད་ཡོད།

ས་གནས་ས་ཐོག་ཏུ་ལས་བྱེད་པ་ཚོས་དངོས་སུ་མི་འབོར་ཞིབ་བཤེར་གྱི་གཞུང་ཡིག་བགོ་འགྲེམས་བྱེད་པར་ཡོང་གི་ཡོད་ཀྱང་སྒེར་གྱི་ཁང་པའི་ནང་འཛུལ་གྱི་མེད། པར་ཁུངས། གྲངས་ཐོ་ལས་ཁུངས།

ས་ཁུལ་ལས་བྱེད་པ་རྣམས་སྡེ་ཁག་འགའ་ཤས་ནང་ཤོག་ཐོག་གི་མི་འབོར་ཞིབ་བཤེར་དགེངས་ཤོག་བགོ་འགྲེམས་བྱེད་བཞིན་ཡོད་པ་དང་། འགྲོ་བསྐྱོད་དེ་ཟླ་ ༨ ཚེས་ ༡༡ བར་མུ་མཐུད་ནས་ཡོད།

ཁོང་ཚོས་མི་འབོར་ཞིབ་བཤེར་གྱི་མཚན་མོར་དགེངས་ཤོག་སྐོང་རྒྱུ་ལྷག་པའི་ཁྱིམ་ཚང་རྣམས་ལ་རྗེས་འདེད་ཀྱང་བྱེད་ཀྱི་ཡོད།

ལས་བྱེད་པ་འདི་དག་གིས་མི་འབོར་ཞིབ་བཤེར་གྱི་ལས་ཀ་བྱེད་སྐབས་གྲངས་ཐོ་ལས་ཁུངས་ཀྱི་ངོ་སྤྲོད་ལག་འཁྱེར་དང་བཟུང་བ་དང་ལྷན། སྟོད་གོས་སེར་པོ་འོད་མདངས་ཅན་ཞིག་གྱོན་དགོས།

མི་འབོར་ཞིབ་བཤེར་དང་འབྲེལ་བའི་གློག་འཕྲིན་འདི་ངོ་མ་ཡིན་ནམ།

མི་འབོར་ཞིབ་བཤེར་དང་འབྲེལ་བའི་གློག་འཕྲིན་རྣམས་ནི་དྲ་ཐོག་ནས་གནས་ཚུལ་ཁག་མཁོ་སྤྲོད་ཡོང་རྒྱུར་ཐོ་འགོད་བྱེད་མཁན་གྱི་མི་སྒེར་ལ་མ་གཏོགས་གཏོང་གི་མེད། མི་འབོར་ཞིབ་བཤེར་གྱི་དགེངས་ཤོག་སྐོང་རྒྱུའི་དྲ་ངོས་སུ་མཛུལ་རྒྱུའི་གསང་བའི་ཨང་གྲངས་སོགས་ @abs.gov.au ཡིས་ མཇུག་བསྡུས་ཡོད་པའི་གཞུང་འབྲེལ་གློག་འཕྲིན་ཁོ་ན་ནས་གཏོང་གི་ཡོད།

གཞུང་འབྲེལ་གློག་འཕྲིན་ནང་དྲ་ཚིགས་འདྲ་མིན་ལ་འབྲེལ་མཐུད་བྱེད་པའི་སྦྲེལ་ཐག་གང་ཡང་མེད།

གལ་ཏེ་མི་སྒེར་གྱིས་ང་ཚོའི་གཞུང་ཅེས་པའི་མཉེན་ཆས་བརྒྱུད་ནས་གསར་འགྱུར་ལ་ཐོ་འགོད་བྱས་ཡོད་ཚེ། མི་འབོར་ཞིབ་བཤེར་གྱི་དྲ་ཐོག་ཡི་གེའི་འབྲེལ་ཐག་བཅས་ཚང་མ་མ་ཡི་གྷོ་ཧྥ་ཡིག་སྒམ་བརྒྱུད་ནས་གཏོང་གི་ཡོད།

ཕྱི་ལོ་ ༢༠༢༦ ལོའི་མི་འབོར་ཞིབ་བཤེར་ནང་ཁ་སྐོང་བྱེད་དགོས་པའི་མི་སྣ་གལ་ཆེན་ཁག།

མི་འབོར་ཞིབ་བཤེར་ནི་མིའི་གྲངས་ཐོ་ཙམ་མིན་པས་ལན་འདེབས་ཚང་མ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན།

ཕྱི་ལོ་ ༢༠༢༦ ལོའི་མི་འབོར་ཞིབ་བཤེར་དེ་ཁྱེད་ཀྱིས་ངེས་པར་སྐོང་དགོས་དོན་གང་ཡིན། དེ་ལྟར་མ་བྱས་ན་སྐྱོན་གང་ཡོད།

མི་འབོར་ཞིབ་བཤེར་སྐོར་གྱི་འཕྲིན་ཐུང་འདི་མགོ་སྐོར་གཡོག་ཐབས་ཡིན་ནམ།

གྲངས་ཐོ་ལས་ཁུངས་ཀྱིས་མི་སྒེར་གྱིས་མི་འབོར་ཞིབ་བཤེར་དྲ་ཐོག་ནས་འཛུལ་ཞུགས་བྱེད་པའི་གནས་ཚུལ་ཞིབ་ཕྲ་དང་། གསང་ཨང་བཅས་གང་ཟག་དོ་དག་ནས་རེ་སྐུལ་བྱས་ན་མ་གཏོགས་འཕྲིན་ཐུང་བཏང་གི་མེད། འཕྲིན་ཐུང་གཏོང་མཁན་གྱི་ཨང་གྲངས་དེའི་ཁུངས་ཁ་པར་ཐོག་མི་འབོར་ཞིབ་བཤེར་ CENSUS ཞེས་མངོན་དགོས།

གལ་ཏེ་མི་སྒེར་གྱིས་གཞུང་ལ་དེ་དོན་དྲི་བ་ཞིག་སྐུལ་ཚེ་དེའི་ལན་སྤྲོད་རྒྱུར་སྒེར་གྱི་ཨང་གྲངས་Private number ཞིག་ནས་ཁ་པར་འབྱོར་གྱི་ཡོད།

གལ་ཏེ་མི་འབོར་ཞིབ་བཤེར་གྱི་ལས་དོན་དང་འབྲེལ་ཡོད་ལས་བྱེད་ཡིན་ཁུལ་བྱེད་མཁན་གྱི་འཕྲིན་ཐུང་ཞིག་ངོ་མ་ཡིན་མིན་ཐད་དོགས་པ་ཡོད་ཚེ། གྲངས་ཐོ་ལས་ཁུངས་ཀྱི་གཞུང་འབྲེལ་དྲ་ཚིགས་བརྒྱུད་ནས་འབྲེལ་བ་བྱེད་ཆོག

གལ་ཏེ་གྲངས་ཐོ་ལས་ཁུངས་ནས་ཡིན་ཁུལ་བྱེད་མཁན་གྱི་འཕྲིན་ཐུང་དོགས་གཞི་ཅན་ཞིག་འབྱོར་ན་གྲངས་ཐོ་ལས་ཁུངས་ཀྱི་རོགས་རམ་ཨང་གྲངས་ ༡༣༠༠ ༡༠༠ ༥༥༧ ལ་ཁ་པར་གཏོང་བ་དང་རྫུན་གཡོ་སྲུང་སྐྱོབ་ཁང་ལ་བརྒྱུད་ནས་སྙན་སེང་ཞུ་དགོས།

བོད་སྐད་ནང་འཛམ་གླིང་གི་གསར་འགྱུར་དང་ཨོ་སི་ཊེ་ལི་ཡའི་ནང་འཚོ་བ་སྐྱེལ་སྟངས་སྐོར་གྱི་གནས་ཚུལ་གཞན་ལ་རྗེས་འབྲངས་གནོངས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now