ཏོག་དབྱིབས་ན་ཚའི་རིགས་གསར་པ་དེ་ཐོན་རྗེས་ཨོ་སི་ཊོ་ལི་ཡས་ཛ་དྲག་ཚོགས་འདུ་ཚོགས་པ།

 Emergency meetings called after new COVID-19 variant arrives

People wearing PPE arriving at Sydney International Airport in Sydney, Monday, November 29, 2021. Source: AAP

ཉེ་ཆར་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་ Omicron ཟེར་བ་དེ་ཐོན་རྗེས་ཆུ་ཚོད་ ༤༨ ནང་ཨོ་སི་ཊོ་ལི་ཡས་ ན་ཚ་དེར་གདོང་ལེན་བྱེད་སྟངས་དང་ས་མཚམས་སྒྲིག་གཞི་བཅས་ཀྱི་སྐོར་ཛ་དྲག་ཚོགས་འདུ་ཐེངས་གཉིས་ཚོགས་ཡོད་པ་རེད།


ཉེ་ཆར་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་ Omicron ཟེར་བ་དེ་ཐོན་རྗེས་ཆུ་ཚོད་ ༤༨ ནང་ཨོ་སི་ཊོ་ལི་ཡས་ན་ཚ་དེར་གདོང་ལེན་བྱེད་སྟངས་དང་ས་མཚམས་སྒྲིག་གཞི་བཅས་ཀྱི་སྐོར་ཛ་དྲག་ཚོགས་འདུ་ཐེངས་གཉིས་ཚོགས་ཡོད་པ་རེད།  

རེས་གཟའ་མིག་དམར་ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བློན་ཆེན་ལྷན་ཚོགས་ཚོགས་པ་དང་། ཕི་ཌི་རལ་གཞུང་འཛིན་ཚོགས་པའི་འཕྲོད་བསྟེན་བློན་ཆེན་གྷི་རི་ཧང་ཀྲི་ Greg Hunt མཆོག་གིས་ཨོ་སི་ཊོ་ལི་ཡའི་ས་མཚམས་བཀག་བསྡོམས་སྒྲིག་གཞི་སྐོར་ད་ལྟའི་ཆར་འགྱུར་བ་གང་ཡང་ཕྱིན་མེད་སྐོར་བརྗོད་འདུག

གཞན་ཡང་ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས་ནས་ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་རོན་ལ་གདོང་ལེན་ཆེད་ཟུར་བཀག་གི་སྒྲིག་གཞི་དམ་དུ་གཏོང་དགོས་མིན་དང་། ཨོ་སི་ཊོ་ལི་ཡའི་མཚོ་འགྲམ་དུ་འབྱོར་བའི་འགྲུལ་པ་རྣམས་བཀག་འགོག་གི་ས་མཚམས་དམ་བསྒྲགས་སྐོར་ཐག་གཅོད་བྱས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་གཟའ་ཟླ་བ་ཉིན་བདེ་འཇགས་ལྷན་ཚོགས་ཤིག་ཚོགས་ཡོད་སྐོར་གསལ་བསྒྲགས་དང་། དེའི་རྗེས་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱལ་ཡོངས་བློན་ཆེན་ལྷན་ཚོགས་ཤིག་ཚོགས་ནས་ཏོག་དབྱིབས་ནད་ཡམས་གསར་པ་དེའི་ཤུགས་རྐྱེན་སྐོར་བསྐྱར་ཞིབ་བྱས་ཡོད་འདུག 

རེས་གཟའ་ཟླ་བ་ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་གྷི་རི་ཧང་ཀྲི་མཆོག་གིས་ཨོ་སི་ཊོ་ལི་ཡས་ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཀེ་རོན་ལ་འཐབ་རྒོལ་ཤུགས་ཆེ་ཤོས་དེ་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

ཁོང་གིས་ང་ཚོས་ནི་ཉེ་བའི་ཆར་དབྱི་ཟི་རལ་རྗེས་སུ་འཛམ་གླིང་ནང་ཏོག་དབྱིབས་འགོག་ཁབ་གསར་ཤོས་བརྒྱབ་གྲུབ་པའི་རྒྱལ་ཁབ་གཅིག་ཆགས་ཡོད། ད་དུང་འགོག་ཁབ་ཀྱི་ལས་རིམ་གོང་མཐོར་གཏོང་ཆེད་ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཡོངས་སུ་འགོག་ཁབ་གྲངས་ ༤༡༥༠༠༠ ཙམ་དབོར་འདྲེན་བྱས་ཡོད་སྐོར་བརྗོད་འདུག 

ཡང་སྨན་བཅོས་འགན་འཛིན་སློབ་དཔོན་ Paul Kelly ལགས་ཀྱིས་ཁོ་རང་གིས་མོ་ཌེ་ཎ་དང་ཧྥི་ཛར་སྨན་ཁབ་ཀྱིས་ཏོག་དབྱིབས་ནད་ཡམས་གསར་པ་འདི་ལ་ཕན་ནུས་ཉུང་བ་ཐོན་གྱི་ཡོད་མེད་བདེན་དཔངས་མེད་སྐོར་གསུངས་འདུག

ཁོང་གིས་ད་ལྟའི་ཆར་སྨན་ཁང་དང་སྨན་བཅོས་ལྟེ་གནས་ཁག་བཅས་ལ་མི་འབོར་གྱི་ཚད་གཞི་ཆ་ནས་འགོག་ཁབ་དེ་ཚོས་ཏོག་དབྱིབས་ན་ཚ་འདི་ལ་ཕན་ནུས་ཉུང་བ་ཐོན་གྱི་ཡོད་པའི་བདེན་དཔངས་གང་ཡང་བྱུང་མེད་སྐོར་དང་། གལ་སྲིད་ཕི་ཛར་དང་མོ་ཌེ་ཎའི་སྨན་ཁབ་དེ་ཚོ་མགྱོག་པོ་བརྒྱབ་ཚར་བ་ཡིན་ན། སྨན་ཁབ་བྱེ་བྲག་པ་ཞིག་བཟོ་རྒྱུར་ཕན་ཐོགས་ཆགས་ཀྱི་རེད་ཅེས་གསུངས་འདུག 

ཨོ་སི་ཊོ་ལི་ཡ་གཞུང་གིས་མ་འོངས་པར་རྒྱལ་སྤྱིའི་འགྲུལ་པ་ཚོ་ལ་ཟུར་བཀག་གི་སྒྲིག་གཞི་བཟོ་སྲིད་པའི་ཉེན་བརྡ་དང་། དེའི་ནང་རྒྱལ་སྤྱིའི་འགྲུལ་པ་ཚང་མ་དུས་ཡུན་ཆུ་ཚོད་ ༧༢ རིང་ཟུར་བཀག་ལ་ངེས་པར་དུ་སྡོད་དགོས་པའི་གཏན་འབེབས་སོགས་ཚུད་ཡོད་འདུག


Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service