གཙོ་དོན།
- ཚ་གློག་དང་ཐ་མག་གཉིས་ནི་ཁང་པ་མེ་ལ་ཤོར་བའི་རྒྱུ་རྐྱེན་ཆེ་ཤོས་གཉིས་ཡིན་ནའང་། མེ་ཡི་འབྱུང་ཁུངས་གཞན་མང་པོ་ཡོད་པ་རེད།
- མེ་ལ་འབར་ཆོག་ཆོག་གི་ཅ་དངོས་རྣམས་ལ་དམིགས་བསལ་གྱིས་གཟབ་གཟབ་བྱེད་པ་ཡིས་ཁང་པ་མེ་ལ་ཤོར་བ་སྔོན་འགོག་ཐུབ་པ་རེད།
- ཕྲུ་གུ་རྣམས་ལ་ཁང་པའི་མེ་སྐྱོན་བདེ་འཇགས་དང་དེའི་སྔོན་འགོག ཛ་དྲག་སྐབས་བྱེད་ཐབས་ཅི་ཡོད་བསླབ་རྒྱུ་གལ་ཆེན་ཡིན་པ་རེད།
ཁང་པ་མེ་ལ་ཤོར་བའི་དོན་རྐྱེན་མང་ཤོས་ལ་སྔོན་འགོག་བྱེད་ཐབས་ཡོད་པ་དང་། ཁང་པ་ཞིག་མེ་ལ་ཤོར་བ་ནི་སྐད་ཅིག་ཙམ་ལ་ཡིན་པ་རེད།
ཁང་པ་ཞིག་ལ་མེ་སྐྱོན་བྱུང་ཚེ། དེའི་མཇུག་འབྲས་ནི་ཕྱིར་ལྡོག་ཐབས་མེད་པ་ཞིག་ཡིན་པ་དང་། མེ་སྟག་ཆུང་ཆུང་ཞིག་གིས་ཀྱང་དོན་རྐྱེན་ཆེན་པོ་ཞིག་བཟོ་བ་མ་ཟད། མཚམས་རེར། དོན་རྐྱེན་གྱི་ཁྲོད་དུ་མིའི་ཚེ་སྲོག་ཤོར་བའི་གནད་དོན་ཡང་འབྱུང་གི་ཡོད་པ་རེད།
ཕྱི་ལོ་ ༢༠༡༩ ལོའི་ནང་། ཨོ་སི་ཊོ་ལི་ཡ་རང་བྱུང་གོད་ཆགས་ཉམས་ཞིབ་ཁང་ (Natural Hazards Research Australia) དང་ཝིག་ཊོ་རེ་ཡ་མངའ་སྡེའི་མེ་སྐྱོན་མྱུར་སྐྱོབ་ཚོགས་པ་གཉིས་མཉམ་འབྲེལ་གྱིས་སྙན་ཐོ་ཞིག་བཏོན་པའི་ནང་། རང་བྱུང་གི་གོད་ཆགས་གཞན་ཏེ། ཆུ་ལོག་བྱུང་བ་དང་རླུང་དམར་གཡུགས་པ། རི་ལུང་མེ་ལ་ཤོར་བ་སོགས་ལ་རྐྱེན་བྱས་ནས་མི་འདས་གྲོངས་སུ་འགྲོ་བ་བསྡོམས་ནའང་། ཁང་པ་ལ་མེ་སྐྱོན་བྱུང་ནས་མི་འདས་གྲོངས་སུ་ཕྱིན་པའི་གྲངས་ཀ་ནི་མང་བ་ཡོད་པ་བཀོད་ཡོད་པ་རེད།
ཨན་ཌི་རའོ་གྷི་སིན་ (Andrew Gissing) ནི་ཨོ་སི་ཊོ་ལི་ཡ་རང་བྱུང་གོད་ཆགས་ཉམས་ཞིབ་ཁང་དེའི་སྤྱི་གཉེར་བ་དང་རྩོམ་པ་པོ་ཞིག་ཡིན་པ་རེད། ཁོང་གིས། ཕྱི་ལོ་ ༢༠༠༣ ནས་ ༢༠༡༧ ལོའི་བར་དུ་ཁང་པ་ལ་མེ་ཤོར་བའི་དོན་རྐྱེན་གྱི་ཁྲོད་ནས་མི་གྲངས་ ༩༠༠ འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་བྱུང་།

ཚ་གློག་དང་ཐ་མག་གི་ཅ་ལག་རྣམས་ནི་ཁང་པ་མེ་ལ་ཤོར་བའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།
འོན་ཀྱང་། ཉམས་ཞིབ་པ་ཨན་ཌི་རའོ་གྷི་སིན་གྱིས་བརྗོད་ན། ཁང་པ་མེ་ལ་ཤོར་བ་ལ་རྒྱུ་རྐྱེན་སྣ་མང་འཛོམས་ཀྱི་ཡོད་སྐོར་བརྗོད་བྱུང་།
ཡང་ཁོང་གིས། རྒྱུ་རྐྱེན་མང་པོ་འཛོམས་རྗེས་མེ་འབར་གྱི་ཡོད་པ་རེད། དེ་ནི་དཔེར་ན། ཁང་པའི་ནང་འདུག་མཁན་གྱི་མི་དེའི་ཀུན་སྤྱོད་དང་ཁྱིམ་ཚང་ནང་གི་ཁོར་ཡུག་ལ་རག་ལུས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།
ཁང་པའི་མེ་སྐྱོན་བདེ་འཇགས་ཀྱི་རྨང་གཞི་ནི། དཔེར་ན། ཁང་པའི་ནང་དུ་མེ་སྐྱོན་ངོས་འཛིན་བྱེད་པའི་གློག་ཆས་ཡོད་རྒྱུ་དང་། མེ་སྐྱོན་སྐབས་ཕྱི་ལ་བྲོས་འགྲོ་སའི་ལམ་ཁ་ཡོད་རྒྱུ། ཟ་མ་བཟོ་སྐབས་ངེས་པར་དུ་ལྟ་རྟོག་བྱས་ནས་འདུག་པ་སོགས་ཡིན་པ་རེད།
མར་ཁི་ཧལ་ཝར་སོན་ (Mark Halverson) ནི་ཁིན་སུ་ལན་ཌི་མངའ་སྡེའི་མེ་གསོད་རུ་ཁག་དང་ཛ་དྲག་ཞབས་ཞུ་ཚན་པའི་འགན་འཛིན་ཡིན་པ་རེད། ཁོང་གིས། མེ་སྐྱོན་སྔོན་འགོག་ནི་མེ་ཡི་འབྱུང་ཁུངས་ངོས་འཛིན་བྱེད་པ་དང་དེ་ལ་དཔག་ནས་ལས་ཀ་བྱེད་པ་ལ་ཟེར་གྱི་ཡོད་སྐོར་བརྗོད་བྱུང་།

ཁོང་གིས། མེ་ཞིག་འབར་གྱི་ཡོད་ཚེ་དེ་ལ་འབྱུང་ཁུངས་ཤིག་ཡོད་རེད། དེའི་འབྱུང་ཁུངས་ནི། དཔེར་ན། ཚ་གློག་དང་གློག་ཆས་ཀྱི་ཟ་མ་བཟོ་བྱེད། དེ་བཞིན། འཕྲུལ་ཆས་ལ་གློག་གསོག་སྐབས་གློག་སྐུད་ཡག་པོ་མཐུད་མེད་པ་དང་གློག་སྐུད་ནོར་བ་མཐུད་པ་སོགས་ཡིན་པ་རེད། ཅེས་དང་།
ཡང་། གལ་སྲིད། མི་ཞིག་མཚན་ལ་གཉིད་སྐབས་དང་ཡང་ན། སྒོའི་ཕྱི་ལོག་ལ་འགྲོ་སྐབས། མེ་ལ་འབར་སྲིད་པའི་གློག་ཆས་ཀྱི་རིགས་གཟིམ་དགོས་པ་རེད། དེ་ལྟར་བྱས་ན་མེ་མི་ཤོར་བ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

སྔོན་འགོག
ཉམས་ཞིབ་པའི་སྙན་ཐོ་ལྟར་ན། དགུན་ཁའི་དུས་ལ་ཁང་པ་མང་པོ་ལ་མེ་ཤོར་གྱི་ཡོད་པ་རེད། དེ་ནི་དགུན་དུས་སུ་རང་ཉིད་ཀྱི་ཁང་པ་དྲོན་པོ་ཉར་ཐབས་སུ་བདེ་འཇགས་མིན་པའི་ཚ་གློག་དང་འཕྲུལ་ཆས་གཞན་བེད་སྤྱོད་བྱས་པ་ལ་བརྟེན་ནས་འབྱུང་གི་ཡོད་འདུག
ཉམས་ཞིབ་པ་ཨན་ཌི་རའོ་གྷི་སིན་གྱིས། ཁང་པ་མེ་ལ་ཤོར་བའི་དོན་རྐྱེན་ཕལ་མོ་ཆེ་ནི་དགུན་ཁར་འབྱུང་གི་ཡོད་པ་རེད། དེའི་ཁྲོད་ཀྱི་མང་པོ་ཞིག་ནི་ཚ་གློག་དང་མེ་ལ་བརྟེན་ནས་འབྱུང་གི་ཡོད་པ་རེད། དགུན་དུས་སུ་མི་ཚོས་ཚ་གློག་བེད་སྤྱོད་བྱེད་པ་དང་མེ་འབུད་སྐབས་སུ་མེ་དང་འབྲེལ་བའི་ཉེན་ཁ་ལ་གཟབ་གཟབ་བྱེད་དགོས་པ་རེད། ཅེས་བརྗོད་བྱུང་།
ཚ་གློག་བེད་སྤྱོད་བྱེད་སྐབས་ངེས་པར་དུ་ཚ་གློག་བཟོ་མཁན་གྱི་བཟོ་གྲྭའི་ལམ་སྟོན་ཇི་བཞིན་བེད་སྤྱོད་གཏང་བ་ལ་མེ་གསོད་རུ་ཁག་གི་ལས་བྱེད་ཚོས་སྐུལ་མ་བྱེད་ཀྱི་ཡོད་པ་རེད།
ཕྱི་ལོག་ནས་བེད་སྤྱོད་གཏང་རྒྱུའི་ཚ་གློག་དེ་ཁང་པའི་ནང་དུ་བེད་སྤྱོད་བཏང་ན་འོས་འཚམ་མིན་པ་དང་། ཁང་པའི་ནང་ལ་དུག་རླངས་ carbon monoxide འཁོར་ནས་མི་ལ་དུག་ཕོགས་སྲིད་པ་རེད།
འདས་པའི་ལོ་ཤས་ཀྱི་རིང་། lithium-ion གློག་རྫས་ཀྱི་གློག་ཆས་འབར་བ་ལ་བརྟེན་ནས་ཁང་པ་མེ་ལ་ཤོར་བའི་དོན་རྐྱེན་མང་པོ་འབྱུང་གི་ཡོད་པ་དང་། ལྷག་པར་དུ། ཨོ་སི་ཊོ་ལི་ཡའི་ནང་། གློག་གསོག་ནས་བེད་སྤྱོད་བཏང་ཆོག་པའི་གློག་གི་སྦག་སྦག་ཆུང་ཆུང་མང་པོ་ཞིག་ལ་མེ་སྐྱོན་ཤོར་བའི་གནད་དོན་བྱུང་ཡོད་པ་རེད།
མེ་གསོད་རུ་ཁག་གི་རུ་དཔོན་མར་ཁི་ཧལ་ཝར་སོན་ (Mark Halverson) གྱིས་བརྗོད་ན། དེ་ནི་དེ་ལ་གློག་མང་པོ་ཞིག་དགོས་པ་དང་། གལ་སྲིད། དེ་མེ་ལ་ཤོར་བ་ཡིན་ཚེ། དེ་ལ་གློག་མང་པོ་ཞིག་ཡོད་པ་ལ་བརྟེན་ནས་མེ་ལ་འབར་མགྱོགས་པ་མ་ཟད། མེའི་ཁྱབ་ཚད་ཆེ་བ་ཡོད་འདུག
དབུས་གཞུང་གི་གྲངས་ཐོ་ལྟར་ན། འདས་པའི་ཟླ་བཅོ་བརྒྱད་ཀྱི་ནང་། lithium-ion གློག་རྫས་ཀྱི་གློག་ཆས་འབར་བའི་དོན་རྐྱེན་གྲངས་ ༤༥༠ ལྷག་བྱུང་ཡོད་འདུག
དེའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་གློག་གསོག་ཆས་འོས་འཚམ་ཞིག་བེད་སྤྱོད་མ་བྱས་པ་ལ་བརྟེན་ནས་ཡིན་འདུག
ཁ་པར་སོགས་གློག་ཆས་ནང་དུ་གློག་གསོག་ཐུབ་པ་ཙམ་གྱིས་གློག་གསོག་ཆས་དེ་ཏག་ཏག་ཡིན་པ་མཚོན་གྱི་མེད་པ་རེད།མར་ཁི་ཧལ་ཝར་སོན་ (Mark Halverson) ནི་ཁིན་སུ་ལན་ཌི་མངའ་སྡེའི་མེ་གསོད་རུ་ཁག་དང་ཛ་དྲག་ཞབས་ཞུ་ཚན་པའི་འགན་འཛིན་ཡིན་པ་རེད།

མི་མང་པོ་ཞིག་གི་ཁང་པའི་རྒྱབ་ར་ནང་མེ་འབར་ཆོག་ཆོག་གི་ཅ་ལག་མང་པོ་ཡོད་པ་རེད། དཔེར་ན། སྡོང་བོའི་ཡལ་ག་སྐམ་པོ་དང་ཤིང་ཆ། རས་ཆ་རྙིང་པ་དང་མེ་ལ་ཤོར་ཆོག་ཆོག་གི་ཅ་ལག་དང་སྣུམ་སོགས་མཉམ་གཅིག་ཏུ་འཇོག་གི་ཡོད་པ་རེད། ཉེན་ཁ་ཆེ་བའི་རིགས་དཔེར་ན་ས་སྣུམ་དང་གཙང་སྦྲ་བྱེད་པའི་རྫས་རིགས་རྣམས་ནི་གྲིབ་བསིལ་འོག་ཏུ་ཉར་དགོས་པ་རེད།
མེ་གསོད་རུ་ཁག་གི་རུ་དཔོན་མར་ཁི་ཧལ་ཝར་སོན་ (Mark Halverson) གྱིས། རྩྭ་འབྲེག་བྱེད་ཀྱི་འཕྲུལ་ཆས་དང་འཕྲུལ་ཆས་གཞན་གྱི་སྣུམ་བདག་པོ་བྱེད་སྐབས། སྣོད་ཡག་པོ་ཞིག་གི་ནང་ཡོད་དགོས་པ་དང་། སྣུམ་དེ་འཕྲུལ་ཆས་ཀྱི་མཉམ་དུ་འཇོག་མི་ཉན་པ་མ་ཟད། ཚ་དྲོད་ཆེ་ས་ལ་འཇོག་མི་ཉན་སྐོར་བརྗོད་བྱུང་།
ཡང་ཁོང་གིས། སྣུམ་དང་ལུད་རྫས་ནི་ནམ་ཡང་མཉམ་གཅིག་ཏུ་འཇོག་མི་ཉན་པ་རེད། ཁང་པ་ལ་མེ་སྐྱོན་མི་ཡོང་བའི་ཆེད་དུ་ངེས་པར་དུ་ཅ་དངོས་འདི་ཚོ་ཁ་ཁ་བྱས་ནས་འཇོག་དགོས་པ་དང་། སྣོད་ཡག་པོ་ཞིག་གི་ནང་དུ་འཇོག་དགོས་པ་རེད། ཅེས་བརྗོད་བྱུང་།

Working smoke alarms are also key to home fire safety.
While they do not prevent a fire from occurring, they may give people warning to evacuate, or even the opportunity to extinguish a fire at its infancy.
But Mr Halverson warns against attacking a fire when unprepared.
“If people are not confident or don't have the right equipment to attack that fire themselves, the most important thing they can do is to take themselves and their families and anyone else in the home immediately outside and then call triple zero to request the response of the local fire service.”

མེ་སྐྱོན་སྔོན་འགོག་དང་ཕྲུག་གུ།
ཁང་པ་ལ་མེ་ཤོར་ནས་འདས་གྲོངས་སུ་ཕྱིན་པའི་ཁྲོད་དུ་ཉེན་ཁ་ཆེ་ཤོས་ཀྱི་མི་ནི་ལོ་ན་ ༦༥ ཡན་ཆད་དང་ལོ་ན་ ༥ མན་ཆད་ཡིན་མཁན་ཚོ་ཡིན་འདུག
སི་ཌི་ནེ་བྱིས་པའི་སྨན་ཁང་གི་བྱིས་པའི་འཕྲོད་བསྟེན་ཚན་པའི་འགན་འཛིན་སི་མོན་སུ་ལེ་ཝན་ (Simone Sullivan) འགྲེལ་བརྗོད་ན། ཁང་པ་ཞིག་གི་ནང་མེ་ནི་ཆུང་ཆུང་དང་གསོད་ཆོག་ཆོག་ཡིན་པ་ཞིག་ལས་འབར་གྱི་མེད་ནའང་། ཕྲུ་གུ་ནི་མི་གཞན་དང་མི་འདྲ་བར། མེར་འཚིག་པའི་ཉེན་ཁ་གཞན་ལས་ཆེ་བ་ཡོད་པ་རེད།
ཁོང་གིས། ཕྲུ་གུའི་སྐྱི་པགས་འཚིག་སླ་བ་དང་། ཤའི་གཏིང་ལ་འཚིག་པ། དེ་བཞིན་མེ་དྲོད་ཆེན་པོ་མེད་ནའང་མགྱོགས་པོ་འཚིག་འགྲོ་བ་རེད།

སྨན་པ་སུ་ལེ་ཝན་ (Sullivan) གྱིས། ཕྲུ་གུ་ཚོ་ལ་ཧ་ཅང་གོ་བདེ་བོ་དང་རྩེད་མཚར་གྱིས་ངང་ནས་སྦྱོང་བརྡར་བྱེད་དགོས་པ་བརྗོད་བྱུང་།
མེ་སྐྱོན་སྐབས་སུ་ལུས་པོ་མར་བསྒུར་དགོས་པ་དང་། དེ་ནས་ཕྱི་ལ་གང་ནས་བྲོས་འགྲོ་དགོས་ཤེས་དགོས་པ་རེད། མར་བསྒུར་བ་ཡིན་ཚེ། ཐང་གི་རླུང་གྲང་མོ་དང་གཙང་མ་ཡིན་པ་རེད།
གལ་སྲིད། ཁོང་ཚོའི་དུག་ལོག་མེ་ལ་ཤོར་ཚེ། བྲོས་ནས་འགྲོ་མཚམས་བཞག་ཏེ་མར་ཉལ་བ་དང་། དེ་ནས་ལག་པ་གཉིས་ཀྱིས་ངོ་གདོང་གབ་ནས་ལུས་པོ་ཕར་ཚུར་རིལ་དགོས་པ་རེད།
མར་ཉལ་བ་ཡིས་ལུས་སྟེང་གི་མེ་ལུས་སྟོད་ཕྱོགས་ལ་ཁྱབ་ཚད་འགོག་པ་དང་། ལག་པ་གཉིས་ཀྱིས་ངོ་གདོང་གབ་པ་ཡིས་ངོ་གདོང་མི་འཚིག་པ་ལ་ཕན་པ་རེད།

སྨན་པ་སུ་ལེ་ཝན་ (Sullivan) གྱིས། ཕྲུ་གུ་རྣམས་ལ་ཁང་པ་ནང་གི་མེ་ངོས་འཛིན་འཕྲུལ་ཆས་ཀྱི་སྐོར་ནས་བསླབ་དགོས་པ་དང་། འཕྲུལ་ཆས་དེ་ཡིས་ལས་ཀ་ཇི་ལྟར་བྱེད་ཀྱི་ཡོད་པ། གང་དུ་ཡོད་མེད། དེ་གང་འདྲ་ཞིག་ཡིན་མིན་དང་། མེ་སྐྱོན་ཀྱི་སྐབས་དེ་ཡིས་སྐད་གང་འདྲ་ཞིག་རྒྱག་མིན་དང་། དེའི་གློག་རྫོགས་གྲབས་ཡོད་སྐབས་སྐད་གང་འདྲ་ཞིག་རྒྱག་མིན་ངོས་འཛིན་ཐུབ་པ་ཞིག་བཟོ་དགོས་པ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་གིས། དེ་ལྟར་བྱས་ཚེ། གློག་ཆས་དེ་ཡིས་གློ་བུར་དུ་སྐད་བརྒྱབ་པ་ཡིན་ནའང་། ཁོང་ཚོ་ཅི་བྱེད་འདི་བྱེད་མི་ཤེས་པར་ལུས་པ་དང་དངང་འཚབ་སྐྱེས་ནས་ལྷག་པའི་གནས་སྟངས་མེད་པར། ཁོང་ཚོས་ཅི་ཞིག་བྱེད་དགོས་པ་ཤེས་ཀྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།





