ཨོ་སི་ཁྲུ་ལི་ཡའི་ནང་གླིང་གུར་ཕུབ་ཚུལ་གྱི་ལམ་སྟོན། Australia Explained

GettyImages-599752459.jpg

Camping under the stars in the Australian outback.

གླིང་གུར་ཕུབ་སྤྲོ་སྐྱིད་ལ་རོལ་བ་ནི་ཨོ་སི་ཁྲུ་ལི་ཡའི་ཕྱི་རོལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་ཁམས་ལ་རོལ་རྒྱུ་དང་དུས་མཚུངས་སུ། འཁྲུལ་ཆས་དང་རྒྱུན་གཏན་གྱི་བྱེད་སྒོ་ཁག་ལས་ངལ་གསོ་བྱེད་པར་ཤིན་ཏུ་ལེགས་པའི་ཐབས་ལམ་ཞིག་ཡིན། ང་ཚོས་གླིང་གུར་ཕུབ་པའི་དགེ་མཚན་དང་དགོས་ངེས་ཀྱི་དངོས་ཆས་ལྷན་དུ་འཁྱེར་དགོས་པའི་གྲ་སྒྲིག །ད་དུང་བསམ་གཞིག་ལྡན་པའི་གླིང་གུར་ཕུབ་མཁན་ཞིག་བྱེད་དགོས་མིན་གླེང་རྒྱུ་ཡིན།


གཙོ་གནད།
  • གླིང་གུར་ཕུབ་རྒྱུར་གྲ་སྒྲིག་བྱེད་པར་ས་གནས་དང་། གནམ་གཤིས། ཆ་རྐྱེན། ས་གནས་ཀྱི་བྱེད་སྒོ། དགོས་ངེས་ཀྱི་དངོས་ཆས་སོགས་ལ་ཞིབ་འཇུག་བྱ་རྒྱུ་ཚུད་ཡོད།
  • གླིང་གུར་ཕུབ་པའི་དངོས་ཆས་འབོར་ཆེན་ཞིག་སྟེ། ཉེར་མཁོའི་དངོས་པོ་དང་། དྲོ་སྐྱིད་དང་སྟབས་བདེ་ཡོང་ཕྱིར་འབྲེལ་ཡོད་ཡོ་ཆས་དུ་མ་ཡོད།
  • བསམ་གཞིག་ལྡན་པའི་ངང་གླིང་གུར་ཕུབ་མཁན་ཞིག་ཡིན་ན་རང་གི་གད་སྙིགས་རྣམས་ཁྱེར་བ་དང་། ཉེ་འགྲམ་གྱི་གླིང་གུར་ཕུབ་པ་རྣམས་ལ་རང་གི་འུར་སྒྲ་དང་བྱ་སྤྱོད་ཀྱི་བརྡབ་གསིག་ཐེབས་ཀྱི་ཡོད་པ་ཤེས་དགོས།
གླིང་གུར་རྒྱག་ཏུ་མ་སོང་གོང་ལ་བསམ་བློ་གཏོང་དགོས་པ་གང་ཡོད།

གླིང་གུར་ཕུབ་པའི་ཡུལ་སྐོར་བྱེད་རྒྱུའི་འཆར་གཞི་འགོད་པར་ཡོ་ཆས་དང་ཟ་ཆས་གང་དག་འཁྱེར་དགོས་པ་དང་། གང་དུ་གླིང་གུར་ཇི་ལྟར་ཕུབ་དགོས་པ། གནམ་གཤིས་དང་ཁོར་ཡུག་ལ་ཡིད་འཇོག་བྱེད་པ་སོགས་ཚུད་ཡོད།

མག་གིས་ "ཁྱོད་གང་དུ་འགྲོ་བར་ཞིབ་འཇུག་གང་ཡང་མི་བྱེད་པ་དེ་གླིང་གུར་ཕུབ་པའི་ཡུལ་སྐོར་ལ་བར་ཆད་གཏོང་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད། དེར་བརྟེན་སྒར་ས་ཞིག་སྔ་ས་ནས་མངགས་དགོས་མིན་ཤེས་དགོས། དཔེར་ན། གལ་ཏེ་ཁྱོད་མི་ཚོགས་ལ་མི་དགའ་ན། ལོ་གཅིག་གི་བྲེལ་འཚུབ་ཆེ་བའི་དུས་ཚོད་ག་དུས་ཡིན་མིན་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ཅི་འདྲ་ཡིན་མིན་ཤེས་རྒྱུ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཏེ། དེ་མིན་ཁྱོད་རང་གྲང་ངར་དང་ཆར་ཤོད་ཀྱི་ནང་དུ་ལུས་སྲིད།"ཅེས་ཟེར།

"གླིང་གུར་ཕུབ་ཏུ་འགྲོ་བར་རླངས་འཁོར་དགོས་ཀྱི་ཡོད་མེད། དེ་བཞིན་གཅེས་ཉར་སེམས་ཅན་ཁྲིད་ན་འགྲིག་མིན། གལ་ཏེ་མཚོ་འགྲམ་དུ་འགྲོ་དགོས་ན་གནམ་གཤིས་སྔོན་བརྡ་དང་མཚོ་རླབས་སོགས་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། ས་ཁུལ་ག་གེ་མོ་ཞིག་ལ་མ་སོང་གོང་གླིང་གུར་ཕུབ་པ་དང་རླངས་འཁོར་གཏོང་ཆོག་ལག་འཁྱེར་ཡོད་དགོས། དེ་མིན་ཁྱེད་རང་ལམ་ཐག་རིང་པོ་ཞིག་བརྒྱུད་རྗེས་ས་ཁུལ་ཞིག་ལ་འབྱོར་བ་དང་དེ་ནི་སྔོན་ནས་མི་གཞན་གྱིས་མངགས་ཟིན་པ་ཞིག་ཆགས་མི་འདོད།" ཅེས་བརྗོད།

ཇྷོན་གྱིས་གླིང་གུར་ཕུབ་ཐེངས་དང་པོ་དེ་སྟབས་བདེ་ཞིག་ནས་འགོ་འཛུགས་རྒྱུའི་གྲོས་འགོ་བཏོན་འདུག།
ཁོ་པས་བརྗོད་དོན། "ཐོག་མར་ཁྱོད་ཀྱིས་འཁྱེར་དགོས་པའི་རྙོག་འཛིང་ཆེ་བའི་དངོས་རྫས་ཇེ་ཉུང་དུ་གཏོང་བའི་ས་ཆ་ཞིག་འདེམས་དགོས། ཕལ་ཆེར་རས་གུར་དང་། ཉལ་གདན་ཉལ་ཐུལ། ད་དུང་གློག་ཞུ་ཙམ་ཡིན་དགོས། དེ་ལྟར་ཁྱོད་ཀྱིས་ཐེངས་དེར་ཚོད་ལྟ་བྱས་ནས་ས་གནས་དེ་གའི་ཆང་ཁང་ནས་ཕྱི་རོལ་དུ་ཟ་མ་ཟ་རྒྱུའི་སྤྲོ་བ་ལ་རོལ་ཐུབ་པ་དང་། དེ་ནས་ཐེངས་རྗེས་མའི་ཡུལ་སྐོར་ལ་ཁྱོད་ཀྱིས་གོམ་གང་མདུན་སྤོས་ཀྱིས་ཟས་རིགས་དང་། ཟས་རིགས་གྲ་སྒྲིག་བྱེད་པར་མཁོ་བའི་དངོས་ཆས་ཐུམ་སྒྲིལ་བྱེད་འགོ་བརྩམས་ཆོག །དེ་དུས་གནམ་གཤིས་དང་འཚམ་པའི་ཅ་དངོས་ཐུབ་སྒྲིལ་རྒྱག་དགོས།
"གནམ་གཤིས་ཀྱི་དྲོད་ཚད་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་མངོན་གསལ་རེད། ཁྱེད་རང་གིས་ཞག་སྡོད་བྱེད་རྒྱུར་འཚམ་པའི་གྱོན་ཆས་དང་དྲོད་ཚད་དང་འཚམ་པའི་ཉལ་ཐུལ་ཡོད་དགོས། ཐེངས་དང་པོར་གླིང་གུར་རྒྱག་མཁན་མང་པོ་ཞིག་ལ་མཚན་མོ་གྲང་ངར་ཇི་ཙམ་ཆེན་པོར་གྱུར་གྱི་ཡོད་པར་ཧང་སང་གི་ཡོད།

གླིང་གུར་རྒྱག་རྒྱུར་ཡོ་ཆས་གང་དག་འཁྱེར་དགོས།

· གླིང་གུར་ཕུབ་ཆས་རབ་དང་རིམ་པ་ལ་བསམ་བློ་གཏོང་དགོས། དེའི་ནང་དུ་རས་གུར་དང་། ཉལ་ཆས། ཅོག་ཙེ་དང་རྐུབ་སྟེགས་དང་། གཡོས་སྦྱོར་ཡོ་བྱད། ཟས་རིགས་སོགས་ཚུད་ཡོད།

· ཉེར་མཁོའི་དངོས་ཆས་ནང་ཆུ་དང་། རས་གུར། ཉལ་ཐུལ། ཉལ་གདན། གློག་ཞུ་སོགས་འདུས།

· བདེ་ལྷོད་ཡོང་ཕྱིར་ཅ་དངོས་ཕར་མ་འཁྱེར་དགོས། མག་གིས་གསུངས་པ་ལྟར། "གལ་ཏེ་ཁྱོད་ཀྱིས་རླངས་འཁོར་ནང་གླིང་གུར་ཕུབ་པར་འགྲོ་དགོས་ན། རླངས་འཁོར་ནང་སྟོང་ཆ་མང་པོ་ཡོད་སྲིད་པས། ཁྱིམ་ནས་ཉལ་གདན་ལྷག་མ་དང་རང་གི་སྔས་མགོ་འཁྱེར་དགོས།"

· གལ་ཏེ་སྟོང་ཆ་ལྷག་ན་སྤུས་ཀ་ལེགས་པའི་ཕུ་འདེབས་ཉལ་གདན་ནམ། རས་ཐུམ་འཁྱེར་རྒྱུར་བསམ་བློ་གཏོང་།

· འབུ་འགོག་སྨན་དང་། ཉི་འགོག་ཞག་རྩི། མྱུར་སྐྱོབ་སྨན་བྱད། དེ་བཞིན་ཉ་འཛིན་ཡོ་བྱད་དང་། ཁྲུས་ཆས། ལུས་རྩལ་ཡོ་བྱད་སམ། རོལ་རྩེད་སོགས་བྱེད་སྒོའི་ཆེད་སྤྱོད་རྒྱུའི་ཡོ་བྱད་གང་རུང་ཐུམ་རྒྱག་དགོས།

· གལ་ཏེ་དངུལ་དང་སྟོང་ཆའི་ཆ་ནས་མ་འདང་བ་མེད་ཚེ་འཕྲུལ་རིག་དང་བདེ་ལྷོད་ཅན་གྱི་དེང་རབས་ཀྱི་གླིང་གུར་ཡོ་ཆས་དུ་མའི་གདམ་ཀ་ཡོད།

· རྒྱུན་རིང་འདང་ངེས་པའི་ཡོ་ཆས་དགོས་སམ། ཡང་ན་རིན་གོང་རན་ཚོད་ཀྱི་ཅ་དངོས་ཡང་པོ་དེ་འདྲ་དགོས་མིན་ཐག་གཅོད་བྱེད་དགོས།

· ནང་ནས་མ་ཐོན་གོང་ལ་ཡོ་ཆས་དེ་དག་བེད་སྤྱོད་ཡོད་མེད་ཚོད་ལྟ་བྱེད་དགོས།

· ས་ངོས་སྙོམས་མིན་དང་། ཆུ་ལོག་གི་ཉེན་ཁ། ཉེ་འདབས་ཀྱི་གཞུང་ལམ་དང་སྡོང་བོའི་ཡལ་ག་དཔྱངས་པ་སོགས་ཀྱི་གནོད་འཚེར་ཞིབ་འཇུག་གིས་གླིང་གུར་ཕུབ་ས་ཞིབ་ཚགས་ངང་འདེམས་སྒྲུག་བྱེད་དགོས།

ལུགས་མཐུན་གྱི་ཐོག་ནས་གླིང་གུར་ཕུབ་སྟངས་གང་ཡིན།

དེ་མཚུངས་གལ་ཆེ་བ་ནི་བསམ་ཤེས་ལྡན་པའི་གླིང་གུར་རྒྱག་རྒྱུ་དེ་ཡིན། དེ་ཡང་མི་གཞན་ལ་བརྩི་འཇོག་དང་ས་གནས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་རྒྱུ་དེ་རེད།
"དེར་བརྟེན་སྐད་ཅོར་གང་ཐུབ་ཀྱིས་དམའ་བ་དང་། ལྷག་པར་དུ་ས་རུབ་རྗེས་དང་ཞོགས་པ་སྔ་པོ་སྐད་གང་ཐུབ་དམའ་བ་བྱེད་དགོས། ཁྱོད་ཀྱིས་གུར་ཕུབ་པའི་སྐབས་སུ། མི་གཞན་ལ་སྟོང་ཆ་གང་མང་འཇོག་དགོས། གུར་ཕུབ་པའི་རྐང་རྗེས་རྒྱང་རིང་དུ་མ་བསྲིངས་པར་དུས་དང་རྣམ་པ་ཀུན་ཏུ་སྒར་སའི་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་དགོས"ཞེས་ཟེར།

གླིང་གུར་རྒྱག་སྐབས་གད་སྙིགས་བཟོ་རྒྱུ་མེད་པ་དང་ཡུལ་སྐྱེས་ཀྱི་རྩི་ཤིང་ལ་གཏོར་བརླག་མི་གཏོང་བར་གད་སྙིགས་ཁྱིམ་ལ་འཁྱེར་དགོས།

"གླིང་གུར་བསྡུས་རྗེས་ཤུལ་ལྷག་མི་འཇོག་པར་འབད་དགོས། ཁྱོད་ཀྱིས་ཁྱེར་ཡོང་བའི་དངོས་པོ་ཚང་མ་བསྡུ་གསོག་བརྒྱབ་ནས་སྒར་ས་དེ་ཁྱོད་རང་དེར་མ་བསྡད་གོང་གི་གནས་བབས་དང་གཅིག་མཚུངས་སམ། བྱུང་ན་དེ་ལས་ལེགས་པའི་གནས་སྟངས་ཞིག་གི་འོག་ས་ཆ་དེ་ནས་ཁ་བྲལ་དགོས། རྒྱལ་ཁབ་ཀྱི་སྤྱི་གླིང་ཁག་ཏུ་ཡོད་ཚད་སྲུང་སྐྱོབ་འོག་ཡོད། དེའི་རྐྱེན་གྱིས་གལ་ཏེ་ཁྱོད་ཀྱིས་རྩི་ཤིང་ལ་གཏོར་སྐྱོན་བཏང་བའམ་སྲུང་སྐྱོབ་ཁུལ་ལ་གཏོར་བཤིག་བཏང་ན་དོན་དངོས་ཐོག་དངུལ་ཆད་གཅོད་ཆོག་"ཅེས་ཨན་གྱིས་བཤད།
སྤྱི་གླིང་ས་ཆར་མེ་གཏོང་དགོས་ན་དེ་ཁོ་ནའི་ཕྱིར་རྒྱས་བཅད་བྱས་པའི་ས་ཆར་མེ་གཏོང་དགོས་པ་མ་ཟད། ལམ་ལ་མ་ཆས་གོང་མེ་རོ་རྩ་བ་ནས་མེད་པར་བཟོ་དགོས།
ཇྷོན་གྱིས་གལ་ཏེ་ཁྱོད་ཀྱིས་གློག་འདོན་འཕྲུལ་འཁོར་བཀོལ་ན། དེའི་འཛེར་སྒྲ་ལ་ཡིད་འཇོག་བྱེད་དགོས་ཟེར།
"རྒྱལ་ཁབ་ཀྱི་སྤྱི་གླིང་མང་པོ་ཞིག་ཏུ་གློག་འདོན་འཕྲུལ་འཁོར་བེད་སྤྱོད་བྱ་མི་ཆོག། །འོན་ཀྱང་གལ་ཏེ་ཁྱོད་ཀྱིས་གློག་འདོན་འཕྲུལ་འཁོར་སྤྱོད་ཆོག་པ་ཡིན་ན། སྤྱིར་བཏང་ཆུ་ཚོད་བདུན་པའི་གོང་ལ་མཚམས་འཇོག་བྱ་རྒྱུར་སྐུལ་མ་བྱེད་ཀྱི་ཡོད། དེ་དང་འདྲ་བའི་སྐད་ཅོར་ཆེ་བའི་རོལ་དབྱངས་སོགས་དུས་ཚོད་དེའི་ཐོག་མཚམས་འཇོག་བྱེད་པ་ནི་ཕལ་ཆེར་བྱིས་པ་ཉལ་དུ་འཇུག་བཞིན་པའི་ནང་མི་ཚོར་བསམ་བློ་བཏང་བ་ཡིན།"

ཁྱོད་ཀྱིས་གླིང་གུར་རྒྱག་པའི་སྐོར་དེ་བས་མང་བ་གང་ནས་འཚོལ་ཐུབ།

· གླིང་གུར་ཕུབ་ཏུ་མ་སོང་གོང་ལ་དྲྭ་ཐོག་ནས་གླིང་གུར་ཕུབ་སའི་གནས་ལ་ཞིབ་འཇུག་བྱེད་དགོས།

· གནམ་གཤིས་སྔོན་བརྡ་ཁང་གི་དྲྭ་ཚིགས་ཐོག་མེ་སྐྱོན་བཀག་སྡོམ་དང་། གནམ་གཤིས་སྔོན་བརྡ། མིག་སྔའི་གནས་ཚུལ་བཅས་ལ་ཞིབ་བཤེར་བྱ་དགོས།

· གླིང་གུར་རྒྱག་ཁུལ་དང་རྒྱལ་ཁབ་ཀྱི་སྤྱི་གླིང་ཁག་གི་གཞུང་ཕྱོགས་དྲྭ་ཚིགས་ནས་གནས་ཚུལ་གསར་ཤོས་འཚོལ་དགོས།

· ས་གནས་དེ་གའི་ནགས་སྲུང་གཞུང་ལས་ཁང་ངམ། ཡུལ་སྐོར་བའི་གནས་ཚུལ་ལྟེ་གནས་ཁང་ནས་དངོས་ཡོད་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

· གྲོང་བརྡལ་གྱི་ས་གནས་ལྟ་སྐོར་ལྟེ་གནས་ཁང་ཁག་ཏུ་ནང་ཁུལ་གྱི་བསམ་འཆར་དང་སྐད་གྲགས་དེ་ཙམ་མེད་པའི་ས་ཆ་ཤེས་རྟོགས་བྱེད་དགོས།

 

ཨོ་སི་ཁྲུ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་བསླབ་བྱ་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད་ཀྱི་རླུང་འཕྲིན་ལེ་ཚན་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།

 

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service