ཨོ་སི་ཊེ་ལི་ཡའི་སྐྱེས་པ་ལྔ་ཡི་ནང་ནས་གཅིག་ལ་ཁུ་བཅུད་རྨེན་བུའི་འབྲས་ནད་ཕོག་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། སྐྱེས་ཕོའི་ཁུ་བཅུད་རྨེན་བུར་ཉེན་ཁ་དང་། བརྟག་དཔྱད་ཀྱི་འདམས་ཀ་རྣམས་ཤེས་རྟོགས་བྱས་ན་སྔོན་འགོག་དང་སྨན་བཅོས་བྱ་རྒྱུར་ཕན་ཐོགས་ཡོད། ཨོ་སི་ཊེ་ལི་ཡ་འགྲེལ་བཤད་ཀྱི་ལས་རིམ་འདིའི་ནང་དུ་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཀྱི་བརྟག་དཔྱད་དང་སྨན་བཅོས་འབྲེལ་ཡོད་རོགས་སྐྱོར་ཅི་ཡོད་པའི་སྐོར་ཤེས་རྟོགས་བྱ་རྒྱུ་ཡིན།
གཙོ་གནད།
- ཨོ་སི་ཊེ་ལི་ཡའི་ནང་པགས་པའི་འབྲས་ནད་ལས་གཞན་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་དེ་ཁྱབ་ཆེ་ཤོས་ཀྱི་འབྲས་ནད་ཅིག་རེད།
- སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ལ་དམིགས་བསལ་གྱི་ནད་རྟགས་མེད་མོད། འོན་ཀྱང་སྐྱེས་ཕོའི་ཁུ་བཅུད་རྨེན་བུ་སྐྲང་པ་དེས་གཅིན་པ་གཏོང་རྒྱུར་དཀའ་ངལ་བཟོ་ཐུབ།
- སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་དམིགས་བསལ་གྱི་རྫས་(PSA)ཞེས་པའི་ཁྲག་བརྟག་དཔྱད་དེ་འབྲས་ནད་དེ་ངོས་འཛིན་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་པ་དང་། ལོ་ལྔ་བཅུ་ཡན་གྱི་སྐྱེས་པ་ཚོར་བརྒྱུད་རིམ་དེ་འགྲོ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད།
- སྐྱེས་ཕོའི་ཁུ་བཅུད་རྨེན་བུ་ཞེས་པ་དེ་གང་ཡིན་པ་དང་དེས་དཀའ་ངལ་བཟོ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
- སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་གང་དག་ཡིན་པ་དང་། བརྟག་དཔྱད་གང་དག་ཡོད་དམ།
- སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཀྱི་སྨན་བཅོས་འདམས་ཀ་གང་དག་ཡོད་དམ།
- སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ན་མཁན་ཚོར་མྱོང་ཚོར་ག་འདྲ་ཞིག་ཡོད་དམ།
- སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཡོད་པའི་སྐྱེས་པ་ཚོར་རྒྱབ་སྐྱོར་གང་དག་ཡོད་དམ།

སྐྱེས་ཕོའི་ཁུ་བཅུད་རྨེན་བུ་ཞེས་པ་དེ་གང་ཡིན་པ་དང་དེས་དཀའ་ངལ་བཟོ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
པི་ཊར་མེག་ཁ་ལམ་འབྲས་ནད་བཅོས་ཐབས་ལྟེ་གནས་ཀྱི་གསོ་རིག་མཁས་པ་ཌེག་ལན་མར་ཧྥི་མཆོག་གིས་འགྲེལ་བཤད་གནང་དོན། "སྐྱེས་ཕོའི་ཁུ་བཅུད་རྨེན་བུ་དེ་བཞིན་སྐྱེས་པ་ཕོ་རྣམས་ཀྱི་གཅིན་སྣོད་ཀྱི་འོག་ཏུ་ཆགས་ཡོད་པ་དང་། དེས་ཁུ་བ་མཉམ་དུ་འདྲེས་ནས་ཕྱིར་འདོན་བྱེད་པའི་བརླན་གཤེར་བཟོ་བཞིན་ཡོད། དེའི་ལས་འགན་གཙོ་བོ་ནི་ཁུ་བ་ཕྱིར་འདོན་བྱེད་རྒྱུ་དེ་ཡིན།" ཞེས་གསུངས་ཡོད།
སྐྱེས་པ་ཚོ་རྒས་པ་དང་མཉམ་དུ་སྐྱེས་ཕོའི་ཁུ་བཅུད་རྨེན་བུ་ཆེ་རུ་འགྲོ་བ་དང་། དེས་གཅིན་ལམ་ལ་གནོན་ཤུགས་སྤྲད་ནས་གཅིན་པ་གཏོང་རྒྱུར་འགྱུར་བ་གཏོང་གི་ཡོད།
"འདི་ནི་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་མ་ཡིན་པར་རྒས་འགྲོ་བའི་བརྒྱུད་རིམ་ཞིག་རེད། འོན་ཀྱང་རྨེན་བུ་ཆེ་རུ་འགྲོ་བ་དེས་གཅིན་སྣོད་སྟོང་པ་བཟོ་རྒྱུར་བར་ཆད་བཟོ་བ་དེས་སྐབས་དེར་སྐྱེས་པ་ཚོས་རང་ཉིད་ལ་སྐྱེས་ཕོའི་ཁུ་བཅུད་རྨེན་བུ་ཞིག་ཡོད་པ་ཤེས་རྟོགས་ཡོང་གི་ཡོད། " ཅེས་ཨོ་སི་ཊེ་ལི་ཡའི་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་ལྟེ་གནས་ནས་ཆེད་མཁས་པ་ཧེ་ལན་ཁོ་རོ་ཝི་Helen Croweཡིས་འགྲེལ་བཤད་གནང་ཡོད།
སྐྱེས་ཕོའི་ཁུ་བཅུད་རྨེན་བུ་དེའི་གཉན་ཚད་རྒྱས་པ་དང་འགོས་ནད་ཀྱང་འབྱུང་སྲིད་པ་དང་། དེར་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་གཉན་ནད་ཅེས་ཟེར་གྱི་ཡོད། དེས་རྒྱབ་ལམ་དང་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་བར་དུ་ན་ཟུག་གཏོང་གི་ཡོད།
ཁོ་རོ་ཝི་ལགས་ཀྱིས་ "དེའི་ཚོར་སྣང་དེ་ཧ་ཅང་མི་བདེ་བས་སྐྱེས་པ་ཚོ་གཉིད་མ་ཁུག་པ་དང་། ཡང་ན་སྡོད་སྐབས་སམ་ལུས་རྩལ་སྦྱོང་སྐབས་མི་བདེ་བ་ཡོང་གི་ཡོད་པས་རང་འགུལ་གྱིས་སྨན་ཁང་ལ་འགྲོ་དགོས་པར་འགྱུར་གྱི་ཡོད།" ཅེས་གསུངས།
སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་གཉན་ནད་དེ་འབྲས་ནད་ཏུ་ཡང་འགྱུར་སྲིད་པ་དང་། དེ་ནི་རྒྱུན་པར་ནད་རྟགས་མེད་པའི་གནས་སྟངས་ཤིག་ཡིན་མོད། འོན་ཀྱང་དེ་ནི་ཨོ་སི་ཊེ་ལི་ཡའི་སྐྱེས་པ་རྣམས་ལ་ཡོངས་ཁྱབ་ཆེ་ཤོས་ཀྱི་འབྲས་ནད་ཅིག་རེད།
མར་ཧྤི་ལགས་ཀྱིས་"སྐྱེས་པ་འགའ་ཤས་ལ་དེ་ནི་དོན་དག་ཆེན་པོ་ཞིག་མ་ཡིན་པས་སྨན་བཅོས་བྱེད་ཆོག་གི་རེད། འོན་ཀྱང་གཞན་འགའ་ཤས་ལ་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་དེ་ཧ་ཅང་ཚབས་ཆེན་པོ་ཡོང་སྲིད་པ་དང་། དེས་ནད་རྟགས་ཚབས་ཆེན་དང་ཐ་ན་འཆི་སྐྱེན་དུ་ཡང་འགྱུར་སྲིད་" འགྲེལ་བཤད་གནང་།

སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་གང་དག་ཡིན་པ་དང་། བརྟག་དཔྱད་གང་དག་ཡོད་དམ།
སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ནི་ཨོ་སི་ཊེ་ལི་ཡའི་ནང་དུ་རྒྱུན་མཐོང་ཆེ་བའི་འབྲས་ནད་ཅིག་ཡིན། ལོ་ཚོད་རྒན་པ་དང་ཁྱིམ་རྒྱུད་དང་དེ་བཞིན་རྒྱུད་འཛིན་རིགས་རྫས་ཀྱི་འགྱུར་བ་འགའ་ཞིག་གིས་ནད་འདི་འཕེལ་རྒྱས་འགྲོ་བའི་ཉེན་ཁ་ཇེ་མཐོར་གཏོང་ཐུབ།
“འཛམ་གླིང་ཡོངས་ཁྱབ་ནས་བཤད་ན། སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ནི་དཀའ་ངལ་ཆེན་པོ་ཞིག་ཡིན་ཞིང་། ཉེ་དུས་ཀྱི་དཔྱད་རྩོམ་ཞིག་གིས་ཕྱི་ལོ་ ༢༠༢༠ ནས་ ༢༠༤༠ བར་འཛམ་གླིང་གི་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་གྱི་ཁྱབ་ཚད་ལྡབ་གཉིས་སུ་འགྱུར་སྲིད་པར་སྔོན་དཔག་བྱས་ཡོད།” ཞེས་སློབ་དཔོན་མཱར་ཧྥི་ཡིས་འགྲེལ་བརྗོད་གནང་།
པགས་འབྲས་ལས་གཞན་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་འདི་ནི་ཨོ་སི་ཊེ་ལི་ཡའི་ནང་དུ་སྐྱེས་པར་རྒྱུན་མཐོང་ཆེ་བའི་འབྲས་ནད་ཅིག་ཡིན། ལོ་ ༨༠ ལ་སོན་པའི་སྐབས་སུ་ཨོ་སི་ཊེ་ལི་ཡའི་སྐྱེས་པ་ཞིག་ལ་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཕོག་སྲིད་པའི་གྲངས་ནི་ལྔ་ནས་གཅིག་གི་ཚད་ཡིན།སློབ་དཔོན་ཌེག་ལན་མཱར་ཧྥི།
སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ནི་ཨོ་སི་ཊེ་ལི་ཡའི་ནང་དུ་རྒྱུན་མཐོང་ཆེ་བའི་འབྲས་ནད་ཅིག་ཡིན། ལོ་ཚོད་རྒན་པ་དང་ཁྱིམ་རྒྱུད་དང་དེ་བཞིན་རྒྱུད་འཛིན་རིགས་རྫས་ཀྱི་འགྱུར་བ་འགའ་ཞིག་གིས་ནད་འདི་འཕེལ་རྒྱས་འགྲོ་བའི་ཉེན་ཁ་ཇེ་མཐོར་གཏོང་ཐུབ།
“འཛམ་གླིང་ཡོངས་ཁྱབ་ནས་བཤད་ན། སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ནི་དཀའ་ངལ་ཆེན་པོ་ཞིག་ཡིན་ཞིང་། ཉེ་དུས་ཀྱི་དཔྱད་རྩོམ་ཞིག་གིས་ཕྱི་ལོ་ ༢༠༢༠ ནས་ ༢༠༤༠ བར་འཛམ་གླིང་གི་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་གྱི་ཁྱབ་ཚད་ལྡབ་གཉིས་སུ་འགྱུར་སྲིད་པར་སྔོན་དཔག་བྱས་ཡོད།” ཞེས་སློབ་དཔོན་མཱར་ཧྥི་ཡིས་འགྲེལ་བརྗོད་གནང་།
པགས་འབྲས་ལས་གཞན་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་འདི་ནི་ཨོ་སི་ཊེ་ལི་ཡའི་ནང་དུ་སྐྱེས་པར་རྒྱུན་མཐོང་ཆེ་བའི་འབྲས་ནད་ཅིག་ཡིན། ལོ་ ༨༠ ལ་སོན་པའི་སྐབས་སུ་ཨོ་སི་ཊེ་ལི་ཡའི་སྐྱེས་པ་ཞིག་ལ་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཕོག་སྲིད་པའི་གྲངས་ནི་ལྔ་ནས་གཅིག་གི་ཚད་ཡིན།
སློབ་དཔོན་ཌེག་ལན་མཱར་ཧྥི།
ཁོ་རོ་ཝི་ལགས་ཀྱིས་གསུངས་ན་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་གྱི་རྒྱུ་རྐྱེན་་ཆ་ཚང་བ་ཞིག་རྟོགས་བྱུང་མེད།
སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་འགོག་བྱེད་ཀྱི་བརྟག་དཔྱད་ (ཁུ་བཅུད་རྨེན་བུའི་དམིགས་བསལ་གྱི་རྫས་) ཞེས་པ་དེས་ནད་རྟགས་མ་བྱུང་གོང་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་གྱི་རྟགས་མཚན་དཔྱད་ཞིབ་བྱེད་པར་རོགས་རམ་བྱེད་ཐུབ། ཨོ་སི་ཊེ་ལི་ཡའི་ནང་དུ་ད་ལྟ་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ལ་མི་འབོར་ཡོངས་ཀྱི་བརྟག་དཔྱད་ལས་རིམ་ཞིག་མེད་པས། སྐྱེས་པ་རྣམས་ཀྱིས་རང་གི་སྤྱི་མཚན་སྨན་པར་གོ་བསྡུར་བྱས་རྗེས་ ཁུ་བཅུད་རྨེན་བུའི་དམིགས་བསལ་གྱི་རྫས་ བརྟག་དཔྱད་བྱེད་རྒྱུའི་ཐོག་ལ་གནས་ཚུལ་ཤེས་རྟོགས་བྱེད་དགོས།
ལོ་ ༥༠ ནས་འགོ་བཙུགས་ཏེ། སྐྱེས་པ་རྣམས་ཀྱིས་རང་གི་སྤྱི་མཚན་སྨན་པར་རྒྱུན་ལྡན་གྱི་ ཁུ་བཅུད་རྨེན་བུའི་དམིགས་བསལ་གྱི་རྫས་ བརྟག་དཔྱད་བྱེད་པ་དེ་རང་ལ་འཚམས་མིན་སྐོར་ལ་བཀའ་འདྲི་བྱེད་ཆོག ཉེན་ཁ་ཆེ་བའི་སྐྱེས་པ་རྣམས་ལ་སྨན་ས་ལོ་ ༤༥ ཡས་མས་ནས་བརྟག་དཔྱད་བྱེད་རྒྱུའི་ལམ་སྟོན་བྱེད་སྲིད།
མཱར་ཧྥི་ལགས་ཀྱིས་ “གལ་ཏེ་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཡོད་མེད་ཀྱི་སེམས་ཁྲལ་ཡོད་ན། ནད་རྟགས་ལ་སྒུག་ནས་མ་སྡོད།” ཅེས་གསུངས།
“ནད་པ་བྱེ་བྲག་འགའ་ཞིག་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་བརྟག་དཔྱད་བྱེད་རྒྱུར་ཉེན་ཁ་ཆེ་བ་ཡོད། དཔེར་ན། ཁྱིམ་རྒྱུད་ལ་ནད་དེ་ཡོད་པའི་ལོ་རྒྱུས་ཡོད་པ་དང་རིགས་རྫས་ཀྱི་འགྱུར་བ་ཡོད་པའི་ནད་པ་ལྟ་བུ། གནས་སྟངས་དེ་དག་གི་སྐབས་སུ། ང་ཚོས་ཁོང་ཚོས་ལོ་ ༤༥ ཡས་མས་ནས་བརྟག་དཔྱད་བྱེད་པའི་སྐོར་ལ་བཀའ་འདྲི་བྱེད་དགོས་པའི་བསླབ་བྱ་བྱེད་ཀྱི་ཡོད།”

སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ལ་བཅོས་ཐབས་གང་དག་ཡོད་དམ།
སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་གྱི་འཛིན་སྐྱོང་ནི་ནད་བརྟག་དཔྱད་བྱེད་སྐབས་ཀྱི་འབྲས་ནད་ཀྱི་ཚད་དང་དྲག་ཤུགས་ལ་རག་ལས་ཡོད།
མཱར་ཧྥི་ལགས་ཀྱིས་ “ནད་པ་རྣམས་ཀྱིས་ཤེས་དགོས་པ་ཞིག་ལ་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཡོད་པ་ཙམ་གྱིས་འབྲས་ནད་བཅོས་ཐབས་མ་བྱས་ན་མི་འགྲིག་པ་དེ་འདྲ་ཡིན་དགོས་དོན་མེད།”ཅེས་གསུངས།
“དངོས་གནས་དེང་སང་ཨོ་སི་ཊེ་ལི་ཡ་ལྟ་བུའི་རྒྱལ་ཁབ་ནང་དུ། ནད་པ་བརྒྱ་ཆ་ ༩༠ ལྷག་ལ་བརྟག་དཔྱད་བྱེད་སྐབས་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཆུང་རིགས་ལ་དོ་སྣང་དང་ལྟ་རྟོག་བྱེད་པ་དེ་ནད་དེ་ཚོད་འཛིན་བྱེད་ཐབས་འཚམས་པོ་ཞིག་ཡིན།”
གལ་ཏེ་འབྲས་ནད་དེ་འཕེལ་རྒྱས་འགྲོ་བའི་རྟགས་མཚན་ཡོད་ན་གཞི་ནས་བཅོས་ཐབས་བྱེད་དགོས་པའི་བསླབ་བྱ་བྱེད་སྲིད།
སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་གྱི་རིགས་དྲག་ཤུགས་ཆེ་བའི་ནད་པ་རྣམས་ལ། གཤག་བཅོས་དང་གློག་ཟེར་གྱི་བཅོས་ཐབས། རྫས་འགྱུར་བཅོས་ཐབས་དང་ཧོར་མོན་གྱི་བཅོས་ཐབས་ལྟ་བུའི་བཅོས་ཐབས་ཀྱི་འདེམས་ཀ་འགའ་ཞིག་ཡོད།
“ང་ཚོས་ད་ལྟ་ནད་འདི་ཚོད་འཛིན་བྱེད་པར་ལག་ཆ་མང་པོ་བེད་སྤྱོད་བྱེད་ཀྱི་ཡོད། དེ་བཞིན་ལོ་བཅུ་ཕྲག་འགའ་ཤས་ཀྱི་རིང་ལ། ང་ཚོས་ལུས་ཀྱི་ཆ་ཤས་གཞན་དུ་ཁྱབ་གདལ་བྱས་ཟིན་པའི་འབྲས་ཡོད་པའི་ནད་པ་རྣམས་ལ་ཡང་བཅོས་ཐབས་ཀྱི་འདེམས་ཀ་ཐོག་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པར་བཤད་ཆོག” ཅེས་སློབ་དཔོན་མཱར་ཧྥི་ཡིས་གསལ་བཤད་གནང་།
གྲུབ་འབྲས་ནི་འབྲས་ནད་ཀྱི་རིགས་དང་ཚད་ལ་རག་ལས་ཡོད། འོན་ཀྱང་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་དེ་སྔ་ས་ནས་རྟོགས་ཐུབ་ན་གང་ཟག་དེའི་གསོན་ཚད་མཐོ་པོར་ཡོད་པར་བརྩི་ཆོག།

སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ན་མཁན་ཚོར་མྱོང་ཚོར་ག་འདྲ་ཞིག་ཡོད་དམ།
ཌེ་ནི་མོལ་ཡི་ལོ་ ༦༥ ལ་སླེབས་སྐབས་སྨན་པས་ཁོང་ལ་གཅིན་ལམ་རིག་པ་བ་ཞིག་ལ་བསྟེན་དགོས་པའི་བཀའ་གནང་། རྒྱུ་མཚན་ནི་ཁོང་གི་ ཁུ་བཅུད་རྨེན་བུའི་དམིགས་བསལ་གྱི་རྫས་ གྱི་ཚད་རིམ་བཞིན་འཕར་བཞིན་ཡོད་པས་རེད།
ཁོ་པས་དེའི་སྐོར་ལ་གསུངས་གསལ་ “ང་ཚོས་བརྟག་དཔྱད་གཞན་དག་བྱས་རྗེས་སྨན་པས་ཕྲན་ལ་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་གཤག་བཅོས་ཆ་ཚང་ཞིག་བྱེད་རྒྱུར་སྐུལ་བྱུང་།
ང་ལ་མཚོན་ན་གནས་ཚུལ་དེས་ཧ་ལས་དགོས་པ་ཞིག་རེད། རྒྱུ་མཚན་ནི་གཤག་བཅོས་དེ་བརྒྱུད་རང་ཉི་དཀྱི་སྐྱེ་འཕེལ་གྱི་དབང་པོའི་ཆ་ཤས་ཆེན་པོ་ཞིག་མེད་པར་འགྱུར་རྒྱུ་ཡིན་པ་དང་དེས་ངའི་འཚོ་བའི་ནང་ལ་འཁྲིག་སྤྱོད་ཀྱི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་རེད་བསམ་བྱུང་།”
གཤག་བཅོས་བྱས་རྗེས་སླར་ཡང་ཁོང་གི་ ཁུ་བཅུད་རྨེན་བུའི་དམིགས་བསལ་གྱི་རྫས་ གྱི་ཚད་གཞི་འཕར་བ་དེས་སེམས་འཚབ་ཆེན་པོ་བཟོས་འདུག་གང་ཡིན་ཟེར་ན་གནད་དོན་དེས་ད་དུང་ཡང་འབྲས་ནད་གཟུགས་པོའི་ནང་ལྷག་ཡོད་པ་བསྟན་ཡོད། སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཀྱི་ངོ་མཚར་ཆེ་བའི་རྣམ་པ་ཞིག་ནི་རྨེན་བུ་ཡོངས་སུ་བཏོན་ཟིན་ཡང་ད་དུང་རྫས་དེ་འཕྱུང་གི་ཡོད་པ་དེ་ཡིན། དེར་བརྟེན་འབྲས་ནད་དེ་ལུས་ཀྱི་ཕྱོགས་གང་དུ་ཡང་ཡོད་སྲིད་པ་རེད་” ཅེས་སྐུ་ཞབས་མོལ་ཡིས་བརྗོད་བྱུང་།
དེའི་རྗེས་ལོ་ལྔའི་རིང་ལ་སྨན་པས་སྐུ་ཞབས་མོལ་གྱི་ ཁུ་བཅུད་རྨེན་བུའི་དམིགས་བསལ་གྱི་རྫས་ ཚད་ལ་ལྟ་ཞིབ་བྱས་པ་རེད། མཐར་གློག་ཟེར་ཆེད་མཁས་སྨན་པས་ཁོང་ལ་གཟའ་འཁོར་བདུན་གྱི་རིང་ལ་གློག་ཟེར་གྱི་བཅོས་ཐབས་དང་ཟླ་བ་དྲུག་གི་རིང་ལ་སྐུལ་རྫས་སམ་ཧོར་མོན་གྱི་བཅོས་ཐབས་བྱེད་དགོས་པའི་བསམ་འཆར་བཏོན།
“ངའི་མི་ཚེའི་ནང་གི་འདས་པའི་ཟླ་བ་འགའ་ཤས་དེ་དག་དཀའ་སྡུག་ཆེ་བའི་ངང་རྫོགས། དེ་ནས་རྒྱུན་ལྡན་གྱི་ཁུ་བཅུད་རྨེན་བུའི་དམིགས་བསལ་གྱི་རྫས་ བརྟག་དཔྱད་བྱེད་པར་ཡང་བསྐྱར་ཕྱིན་པ་ཡིན། ན་ནིང་གི་ལོ་མཇུག་ལ་བྱས་པའི་བརྟག་དཔྱད་མཐའ་མ་དེའི་གྲུབ་འབྲས་ནང་རྫས་དེ་མངོན་རྒྱུ་མེད་པར་གྱུར་འདུག་པས་གནས་སྟངས་ཡག་ཏུ་འགྲོ་བཞིན་ཡོད་བཟོ་འདུག” ཅེས་སྐུ་ཞབས་མོལ་ཡིས་དྲན་གསོ་གནང་བཞིན་འདུག།
ཁོ་རོ་ཝི་ལགས་ཀྱིས་ སྐྱེས་པ་ཚོས་ཁུ་བཅུད་རྨེན་བུའི་འབྲས་ནད་ཡོད་པ་ཤེས་རྗེས་ཧ་སང་པ་དང་། ཐེ་ཚོམ་སྐྱེ་བ་སོགས་ཀྱི་མྱོང་ཚོར་འདྲ་མིན་ཡོང་གི་ཡོད།
“ཧ་ལས་པ་ནི་རྒྱུན་ལྡན་ཞིག་རེད། ང་ཚོས་ཁོང་ཚོ་སེམས་ཚོར་དེ་དག་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་རྗེས་ལས་སླ་རུ་འགྲོ་གི་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད།”ཅས་གསུངས་བྱུང་།
སྐྱེས་པའི་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཡོད་མཁན་ཚོར་རོགས་སྐྱོར་ག་རེ་ཡོད་དམ།
སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཐོན་པའི་སྐྱེས་པ་ཚོར་དམིགས་གསལ་ཞབས་ཞུ་དང་། དུས་ཐོག་བརྟག་དཔྱད་དང་ལྟ་རྟོག་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་ཆེད་ལས་སྨན་གཡོག་གི་རོགས་སྐྱོར་ཡོད།
སྐུ་ཞབས་མོ་ཡལ་ལ་མཚོན་ན་ཁོང་གི་ནང་མིའི་རོགས་རམ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཁོང་གིས་“ང་ལ་རོགས་རམ་ཡག་ཤོས་དེ་ངའི་ཆུང་མས་བྱས་བྱུང། དེ་བཞིན་ང་རང་གི་སྨན་པ་དང་འབྲེལ་ཡོད་ཆེད་ལས་པ་ཚང་མས་རང་ཉིད་ཀྱི་ལས་འགན་ཁག་ལྷོད་མེད་བསྒྲུབས་པས་ཧ་ཅང་ཕན་ཐོགས་པོ་བྱུང་།” ཅེས་གསུངས་བྱུང་།
དེ་རྗེས་ཁོང་གིས་ཁོང་གི་རང་གི་གནས་ཡུལ་བྷག་གྷ་ར་རུ་ས་གནས་ཀྱི་རྒྱབ་སྐྱོར་ཚོགས་པ་ཞིག་བཙུགས་པ་རེད།
“དེས་ཁྱད་པར་ཆེན་པོ་བཟོས་སོང་། ང་རང་དང་ལམ་ཁག་གཅིག་པ་བརྒྱུད་བཞིན་པའི་སྐྱེས་པ་གཞན་དག་དང་སྐད་ཆ་ཤོད་པ། སྒེར་གྱི་དཀའ་ངལ་སྐོར་བགྲོ་གླེང་བྱེད་པ། ཕན་ཚུན་རྒྱབ་སྐྱོར་བྱེད་པ་སོགས་ནི་ཧ་ལས་པ་ཞིག་རེད། དེ་བཞིན་མགྲོན་འབོད་བྱས་པའི་སྐུ་མགྲོན་ཚོ་ཡང་དཔེ་མི་སྲིད་པའི་ཡག་པོ་འདུག་ཅེས་འགྲེལ་བརྗོད་བྱས།
ཁྱེད་ཀྱིས་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་དང་ཉེ་འགྲམ་གྱི་རོགས་སྐྱོར་ཚོགས་པ་ཁག་གི་སྐོར་གྱི་གནས་ཚུལ་མང་བ་ཤེས་འདོད་ན། ཨོ་སི་ཊེ་ལི་ཡའི་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ལྟེ་གནས་དང་། ཨོ་སི་ཊེ་ལི་ཡའི་སྐྱེས་ཕོའི་ཁུ་བཅུད་རྨེན་བུའི་འབྲས་ནད་ཐེབས་རྩ་ཚོགས་པའི་དྲྭ་ཚིགས་ལ་གཟིགས་རོགས།
Subscribe to or follow the Australia Explained podcast for more valuable information and tips about settling into your new life in Australia.
Do you have any questions or topic ideas? Email australiaexplained@sbs.com.au






