Key Points
- Government payments are designed for every life stage.
- Services Australia delivers payments on behalf of the government via programs such as Centrelink.
- Strict eligibility requirements and waiting periods apply to payments.
- Protection or Humanitarian Visa holders have access to the same payments as Australian citizens.
ཨོ་སི་ཁྲུ་ལི་ཡ་ཞབས་ཞུ་ལས་ཁུངས་ Services Australia ཀྱིས་གཞུང་གི་ངོ་ཚབ་ཞུས་ནས་འོས་ཆོས་ལྡན་པའི་ཨོ་སི་ཁྲུ་ལི་ཡའི་སྤྱི་དམངས་ལ་ Centrelink ཞེས་པའི་ལས་ཁུངས་དེ་བརྒྱུད་རོགས་དངུལ་སྤྲོད་པ་དང་། དེ་བཞིན་ཁོང་ཚོས་སྨན་བཅོས་ལྟ་སྐྱོང་དང་བྱིས་པའི་རོགས་རམ་གྱི་དངུལ་སྤྲོད་རྒྱུ་སོགས་འགན་འཁུར་གྱི་ཡོད།
རྒྱབ་སྐྱོར་གྱི་དངུལ་སྤྲོད་མང་ཆེ་བར་མི་མང་ཆ་རྐྱེན་ལྡན་པ་ཚོར་ཐོབ་ཐང་དང་ཚད་གཞི་དམ་པོ་ཡོད། རོགས་དངུལ་དང་ཐོབ་ཐང་མང་ཆེ་བ་ནི་ཁྱེད་རང་ཨོ་སི་ཁྲུ་་ལི་ཡའི་སྤྱི་དམངས་དང་ཡང་ན་གཏན་འཇགས་གནས་སྡོད་བྱེད་མཁན་ཞིག་ཡིན་དགོས།
ལས་ཁུངས་དེ་དག་གིས་ཁྱེད་དང་ཁྱེད་ཀྱི་ཁྱིམ་ཚང་གི་ཡོང་འབབ་དང་། རྒྱུ་ནོར། དངུལ་ཁང་གི་རྩིས་ཁྲ་བཅས་ཚང་མ་ཁྱེད་ཀྱི་ཐོབ་ཐང་དང་ཁྱེད་ལ་ག་ཚོད་ཐོབ་ཐུབ་མིན་ལ་དཔྱད་ཞིབ་བྱེད་ཀྱི་ཡོད།

རང་ཉིད་ཀྱི་མི་ཚེའི་དུས་རིམ་ལ་གཞིགས་པའི་རོགས་དངུལ་ཐོབ་སྟངས།
གླ་ཆ་སྤྲོད་ཐུབ་པའི་ཁྱབ་ཁོངས་རྒྱ་ཆེ་བ་དེ་ལ་འགྲུལ་བཞུད་བྱེད་པར་རོགས་རམ་བྱེད་ཆེད། ཁྱེད་རང་གིས་ཅི་ཞིག་འཚོལ་བཞིན་ཡོད་མེད་ངེས་གཏན་མེད་ཀྱང་དངུལ་སྤྲོད་པའི་རིགས་འཚོལ་བ་དེ་ལས་སླ་པོ་རེད་ཅེས་སྐུ་ཞབས་ཇོང་ཇེན་གྱིས་བཤད།
ང་ཚོའི་མི་ཚེའི་དོན་རྐྱེན་ཞེས་འབོད་པའི་དོན་རྐྱེན་ལ་གཞི་བཅོལ་ནས་སྒྲིག་བཀོད་བྱས་ཡོད། དེའི་ནང་དུ་མི་ཚེའི་དོན་རྐྱེན་གཙོ་བོ་དྲུག་ཚུད་ཡོད། དེ་དག་ནི་ཕྲུ་གུ་གསོ་སྐྱོང་དང་། འཚོ་བའི་སྒྲིག་བཀོད། རྒས་ཚད། ལས་ཀ། ཤེས་ཡོན་བཅས་ཚུད་ཡོད།
ཁྱེད་རང་གིས་ཨོ་སི་ོཁྲུ་ལི་ཡའི་ཞབས་ཞུའི་དྲ་ཚིགས་ལ་ཁྱེད་རང་ལ་ཤུགས་རྐྱེན་ཐེབས་སྲིད་པར་ཡིད་ཆེས་བྱེད་པའི་སྡེ་ཚན་གང་རུང་ཞིག་ལ་ལྟ་ཐུབ། ཁྱེད་རང་གིས་དངུལ་སྤྲོད་རིགས་དང་། ཐོབ་ཐང་ཚད་གཞི། ད་ལྟའི་དངུལ་སྤྲོད་ཚད་དང་སྒུག་ཡུན་བཅས་མང་པོ་རྙེད་ཐུབ།
གསར་དུ་སླེབས་པའི་གནས་སྡོད་པའི་སྒུག་ཡུན་(NARWP)ཞེས་པ་ནི་གནས་སྡོད་གསར་པ་ཚོས་སེན་ཊར་ལིནཀ་གི་ Centrelink དངུལ་མང་ཆེ་བ་མ་ཐོབ་གོང་ལོ་བཞི་ཙམ་སྒུག་དགོས་པ་དེ་རེད།
འདིར་ང་ཚོས་གཞུང་གི་དངུལ་སྤྲོད་ཁྱབ་ཆེ་ཤོས་ཁ་ཤས་ལ་དབྱེ་ཞིབ་བྱེད་ཀྱི་ཡོད། དེ་དག་ཚང་མ་ Centrelink ་ཨོ་སི་ཁྲུ་ལི་ཡའི་ཞབས་ཞུའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་སྤྲོད་ཀྱི་ཡོད།
ལས་ཀ་འཚོལ་མཁན་གྱི་གླ་ཕོགས།
མི་མང་པོ་ཞིག་གིས་ལས་ཀ་བྱེད་འདོད་ཡོད་ཀྱང་བྱེད་ཐུབ་ཀྱི་མེད། ཁྱེད་རང་ལོ་༢༢ནས་རྒན་གསོའི་ལོ་ཚད་༦༧བར་ཡིན་པ་དང་ལས་ཀ་འཚོལ་བཞིན་ཡོད་ན་ལས་ཀ་འཚོལ་མཁན་གྱི་དངུལ་སྤྲོད་རྒྱུ་དེ་ཁྱེད་རང་ལ་ཐོབ་ཐུབ་པའི་དངུལ་རྩའི་རོགས་རམ་ཡིན།
གལ་ཏེ་ཁྱེད་རང་ལས་ཀ་མེད་པར་གྱུར་བའམ་ཡང་ན་གནས་སྐབས་ནད་པ་ཆགས་པའམ་ཡང་ན་རྨས་སྐྱོན་ཕོག་པ་ཡིན་ན།
ཁྱེད་རང་ལ་ཐོབ་པའི་དངུལ་གྱི་ཚད་གཞི་དེ་ཁྱེད་རང་ཁེར་རྐྱང་ཡིན་ནམ། ཡང་ན་གཉེན་སྒྲིག་བྱས་པའམ་ཡང་ན་དངོས་ཡོད་ཀྱི་འབྲེལ་བ་ནང་སྡོད་མཁན་ཡིན་ནམ། དེ་བཞིན་ཁྱེད་རང་ལ་ཕྲུ་གུ་ཡོད་མེད་ལ་རག་སླེབས་ཀྱི་ཡོད།

གཞོན་ནུའི་ཁ་གསབ།
ཁྱེད་རང་ལོ་༢༤ ཡན་དང་དེ་ལས་གཞོན་པ་དང་དུས་ཚོད་གང་མང་སློབ་སྦྱོང་བྱེད་བཞིན་ཡོད་པའམ་ཡང་ན་སློབ་སྦྱོང་བྱེད་བཞིན་ཡོད་ན།
Austudy ནི་ལོ་ ༢༥ ཡན་གྱི་དུས་ཚོད་ཆ་ཚང་གི་སློབ་མ་ཚོར་གླ་ཆ་སོ་སོ་སྤྲོད་ཀྱི་ཡོད།
ཁྱིམ་ཚང་གི་དཔྱ་ཁྲལ་ཁེ་ཕན།
ཁྱེད་རང་ལ་ནང་མི་ཡོད་པ་དང་ཡོང་འབབ་དམའ་བ་ཡོད་ན་ཁྱེད་རང་ལ་ནང་མིའི་ཁྲལ་གྱི་ཁེ་ཕན་ཞེས་པའི་ཐོག་ནས་གཞུང་གི་རྒྱབ་སྐྱོར་ཐོབ་ཐུབ།
འདི་ནི་ཁྱིམ་ཚང་ལ་ཕྲུ་གུ་གསོ་སྐྱོང་བྱེད་པའི་འགྲོ་གྲོན་ལ་རོགས་རམ་བྱེད་པའི་དངུལ་སྤྲོད་ཀྱི་རིགས་ཤིག་ཡིན་ཞེས་སྐུ་ཞབས་ཇོན་ཇེན་གྱིས་བཤད།
ཁྱེད་རང་ལ་དངུལ་སྤྲོད་ཚད་དེ་ཁྱེད་རང་གི་ནང་མིའི་གནས་སྟངས་ལ་རག་སླེབས་ཀྱི་ཡོད། བཟའ་ཟླ་གཉིས་ལ་རིན་གོང་མི་འདྲ་བ་ཡོད། རིན་གོང་དེ་ཁྱིམ་ཚང་གི་ཡོང་འབབ་ཀྱི་ཚད་གཞི་ལ་ཤུགས་རྐྱེན་ཐེབས་ཡོད། དེ་བཞིན་རིན་གོང་དེ་ཕྲུ་གུའི་གྲངས་འབོར་དང་ཕྲུ་གུ་དེ་དག་གི་ལོ་ཚད་ལ་གཞིགས་ནས་མི་འདྲ་བ་ཡོད།
ལོ་ཚད་ཀྱི་རྒན་གསོ།
སྲིད་གཞུང་གིས་མི་ཚེའི་དུས་རིམ་གང་སར་རོགས་རམ་བྱེད་ཀྱི་ཡོད། ལོ་ཚད་ཀྱི་རྒན་གསོའི་དངུལ་དེ་ཨོ་སི་ཁྲུ་ལི་ཡའི་ནང་ལོ་༦༧ ཡན་གྱི་རྒན་ཡོལ་གྱི་ལོ་ཚད་ལ་སླེབས་པའི་མི་སྣར་རོགས་སྐྱོར་བྱེད་པའི་ཆེད་དུ་བཟོས་ཡོད།
To get Age Pension you generally need to have been an Australian resident for at least 10 years in total. And for at least five of these years there must have been no break in your residence in Australia.Hank Jongen, General Manager Services Australia
The rate of payment is different for singles and couples.

དབང་པོ་སྐྱོན་ཅན་གྱི་རོགས་སྐྱོར་རྒན་གསོ།
གླ་ཆ་འདིས་ལོ་གཉིས་ལྷག་ཙམ་རིང་རྒྱུན་འཁྱོངས་བྱེད་སྲིད་པའི་ལུས་པོ་དང་ཤེས་སྟོབས་ཡང་ན་སེམས་ཁམས་ཀྱི་གནས་སྟངས་ལ་བརྟེན་ནས་ལས་ཀ་བྱེད་པར་བཀག་འགོག་བྱས་པའི་མི་ཚོར་རོགས་རམ་བྱེད་ཀྱི་ཡོད། དེས་ད་དུང་འཆི་བའི་ནད་གཞི་ཕོག་མཁན་ལ་རོགས་རམ་བྱེད་ཀྱི་ཡོད།
ཐོབ་ཐང་ཆ་རྐྱེན་དམ་པོ་ཡོད་པས་ཁྱེད་ཀྱིས་རང་ཉིད་ཀྱི་གྱོད་གཞི་ལ་རྒྱབ་སྐྱོར་བྱེད་པའི་སྨན་བཅོས་དཔང་རྟགས་མཁོ་སྤྲོད་བྱེད་དགོས།
ལྟ་སྐྱོང་བྱེད་མཁན་གྱི་གླ་ཕོགས།
བདག་སྐྱོང་བྱེད་མཁན་གྱི་གླ་ཆ་དེ་དབང་པོ་སྐྱོན་ཅན་གྱི་རྒྱབ་སྐྱོར་རྒན་གསོའི་དངུལ་དང་འབྲེལ་བ་ཡོད། དེས་དབང་པོ་སྐྱོན་ཅན་དང་ནད་གཞི་ཚབས་ཆེན་ཕོག་པའི་མི་ལ་དུས་ཚོད་གང་མང་ལྟ་སྐྱོང་དང་དོ་སྣང་བྱེད་མཁན་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད།
སྨན་བཅོས་བྱེད་མཁན་གྱི་ཁ་གསབ་ཁ་སྣོན་དེས་སྨན་ཡིག་བཀང་བའམ་ཡང་ན་མི་གཞན་ཞིག་སྨན་ཁང་དུ་བསྐྱལ་བར་མོ་ཊ་གཏོང་བ་སོགས་ལ་ཁ་གསབ་བྱེད་པར་ཕན་ཐོགས་ཡོད།
གནས་སྡོད་ལག་ཁྱེར་དང་ཐོངས་མཆན་དགོས་མཁོ།
ཨོ་སི་ཊོ་ལི་ཡའི་མི་སེར་དང་གཏན་འཇགས་གནས་སྡོད་བྱེད་མཁན་ཚོས་ Centrelink བརྒྱུད་ནས་གཞུང་གི་ཁེ་ཕན་ཐོབ་ཐང་ཡོད།
གལ་ཏེ་ཁྱེད་རང་ཉེ་ཆར་ཨོ་སི་ཁྲུ་ལི་ཡར་གནས་སྤོ་བྱས་པ་ཡིན་ན། གནས་སྤོ་བྱེད་མཁན་དང་། སྐྱབས་བཅོལ་བ།

ཕྱི་སྐྱོད་ལག་ཁྱེར་གྱི་སྡེ་ཚན་གཞན་ཁ་ཤས་ལ་ཡང་དངུལ་སྤྲོད་དགོས་པའི་ཐོབ་ཐང་ཡོད་སྲིད་ཅེས་ཨོ་སི་ཁྲུ་ལི་ཡའི་སྐྱབས་བཅོལ་ལྷན་ཚོགས་ཀྱི་སྲིད་བྱུས་འགན་འཛིན་གཞོན་པ་ཤ་ཧིན་ཝའིཊ་ཡིས་འགྲེལ་བཤད་རྒྱག་ཡོད།
People granted Protection or Humanitarian Visas have access to Centrelink and other mainstream services, the same as other residents and citizens, whereas people seeking asylum do not have access to Centrelink.Shaheen Whyte, Senior Policy Officer, Refugee Council of Australia
སྐྱབས་བཅོལ་འཚོལ་མཁན་གྱི་མི་ཁ་ཤས་ལ་གནས་སྟངས་ཐག་གཅོད་རྒྱབ་སྐྱོར་ཞབས་ཞུ་(SRSS)ཐོབ་ཐུབ་ཀྱི་ཡོད། འདི་ནི་གཞུང་གིས་མ་དངུལ་བཏང་བའི་ལས་རིམ་ཞིག་ཡིན་ཞིང་། སྐྱབས་བཅོལ་ཞུ་མཁན་ཚུད་པའི་སྐྱབས་བཅོལ་ལག་ཁྱེར་གྱི་ཞུ་ཡིག་ལ་སྒུག་བཞིན་པའི་ཉེན་ཁ་ཅན་གྱི་གནས་སྤོས་པ་ཚོར་རོགས་རམ་བྱེད་ཀྱི་ཡོད།
དེ་ཡང་ཁོང་གིས་“SRSSཡིས་གཞི་རྩའི་འཚོ་བའི་ཁ་གསབ་སྤྲོད་ཀྱི་ཡོད། དེ་ནི་ལས་ཀ་འཚོལ་མཁན་གྱི་ལྟེ་གནས་ཀྱི་ཁ་གསབ་ཀྱི་བརྒྱ་ཆ་༨༩ལ་ཚད་བཀག་ཡོད།
ཡིན་ནའང་། སྐྱབས་བཅོལ་འཚོལ་མཁན་གྱི་མི་མང་ཆེ་བ་SRSSལ་ཐོབ་ཐང་མེད་པ་རེད། རྒྱུ་མཚན་ནི་དེ་ལ་ལས་རིམ་ནང་འཛུལ་རྒྱུའི་ཚད་གཞི་མཐོ་པོ་ཡོད། ལས་རིམ་དེ་ལ་ཐོབ་ཐང་ཚད་གཞི་ཧ་ཅང་དམ་པོ་ཡོད་པ་དང་། ལས་ཁུངས་ཀྱིས་མི་རྣམས་ལ་ལས་རིམ་ནང་ཞུགས་ཆེད་དུ་ལུས་སེམས་ཀྱི་འཕྲོད་བསྟེན་གྱི་གནས་སྟངས་ཚབས་ཆེན་ཡོད་པ་གསལ་སྟོན་བྱེད་ཐུབ་དགོས།
དངུལ་ག་ཚོད་རག་གི་རེད།
གལ་ཏེ་ཁྱེད་རང་གིས་ཆ་རྐྱེན་དང་སྒུག་ཡུན་ཚང་མ་ཚང་ཡོད་ན། ཁྱེད་རང་གི་གླ་ཆའི་ཚད་གཞི་དེ་ཁྱེད་རང་གི་སྒེར་གྱི་གནས་སྟངས་དང་དངུལ་རྩའི་གནས་སྟངས་ལ་རག་སླེབས་ཀྱི་ཡོད་སྲིད།
ཁྱེད་རང་ལ་དངུལ་ག་ཚོད་ཐོབ་ཐུབ་མིན་ཤེས་འདོད་ན། ཁྱེད་རང་གི་མི་ཚེའི་བྱུང་རིམ་དེ་ཨོ་སི་ཁྲུ་ལི་ཡའི་ཞབས་ཞུའི་དྲ་ཚིགས་ཐོག་འཚོལ་ཞིབ་བྱོས། དྲ་ཚིགས་འདིས་ཁྱེད་ལ་ད་ལྟའི་དངུལ་སྤྲོད་ཚད་དང་སྒུག་ཡུན་གང་རུང་ལ་ལམ་སྟོན་བྱེད།
རང་ཉིད་ཀྱི་སྐད་ཡིག་ནང་གནས་ཚུལ་ངོ་སྤྲོད།
ཁྱེད་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཞབས་ཞུའི་གནས་ཚུལ་སྐད་ཡིག་ ༧༥ ལྷག་ཙམ་ནང་ཀློག་རྒྱུ་ཡོད་པ་དང་། བལྟ་བ། ཡང་ན་ཉན་ཐུབ། འཚོལ་ཞིབ་ཕྲ་རིང་ནང་ལ་ཁྱེད་རང་གི་སྐད་ཡིག་འཚོལ་རོགས།
ཁྱེད་རང་ཁ་པར་ཨང་གྲངས་ ༡༣ ༡༢ ༠༢ ཐོག་ཕེབས་སྐབས་ཡང་ན་ཁ་པར་གཏོང་སྐབས་སེནཊར་ལིནཀ་ཡིག་ཚང་གིས་ཀྱང་རིན་མེད་སྐད་སྒྱུར་པ་གོ་སྒྲིག་བྱེད་ཀྱི་ཡོད།
ཨོ་སི་ཁྲུ་ལི་ཡ་ངོ་སྤྲོད་ཀྱི་ལེ་ཚན་འདིའི་སྐོར་ཁྱེད་རང་ལ་དྲི་བ་དང་ཡང་ན་བསམ་ཚུལ་ཡོད་ན་གློག་འཕྲིན་ཁ་བྱང་ australiaexplained@sbs.com.au འདིའི་ཐོག་ང་ཚོར་འབྲེལ་བ་གནང་རོགས།








