Watch FIFA World Cup 2026™

LIVE, FREE and EXCLUSIVE

༄༅།། ཨོ་སི་ཊེ་ལི་ཡའི་ནང་དགེ་རྩའི་རོགས་དངུལ་བསྡུ་རུབ་བྱེད་ཚུལ། Australia Explained

BlurGettyImages-1075808762.jpg

རོགས་དངུལ་བསྡུ་རུབ་བྱེད་མཁན་ཚོས་བསྡུ་རུབ་བྱས་པའི་དངུལ་དེ་དམིགས་ཡུལ་གང་གི་ཆེད་དུ་ཡིན་པ་གསལ་པོར་ངོས་འཛིན་བྱེད་དགོས་པར་གསུངས་ཡོད།

དགེ་རྩའི་ཕྱིར་ཞལ་འདེབས་སློང་མཁན་ཚོས་ལག་བསྟར་བྱེད་དགོས་པའི་སྒྲིག་གཞི་ཁག་གང་ཡིན་ནམ། ཁྱེད་རང་མགོ་སྐོར་འོག་ཇི་ལྟར་མ་ཚུད་པ་བྱེད་དགོས་པ། གལ་ཏེ་ཁྱེད་རང་གིས་ཞལ་འདེབས་རྒྱག་གི་ཡོད་པ་དང་། རང་ཉིད་ཀྱིས་དངུལ་བསྡུ་བཞིན་ཡོད་པ། ཡང་ན་དྲ་ཐོག་ནས་མང་ཚོགས་ཀྱི་དངུལ་བསྡུའི་ལས་འགུལ་ཞིག་འགོ་འཛུགས་བྱེད་ཀྱི་ཡོད་ན། འདི་དག་གི་སྐོར་ལ་ཁྱེད་ཀྱིས་ཤེས་དགོས་པ་རྣམས་འདིར་བཀོད་ཡོད།


Published

By Zoe Thomaidou

Presented by Domnyershar Dadon

Source: SBS



Share this with family and friends


དགེ་རྩའི་ཕྱིར་ཞལ་འདེབས་སློང་མཁན་ཚོས་ལག་བསྟར་བྱེད་དགོས་པའི་སྒྲིག་གཞི་ཁག་གང་ཡིན་ནམ། ཁྱེད་རང་མགོ་སྐོར་འོག་ཇི་ལྟར་མ་ཚུད་པ་བྱེད་དགོས་པ། གལ་ཏེ་ཁྱེད་རང་གིས་ཞལ་འདེབས་རྒྱག་གི་ཡོད་པ་དང་། རང་ཉིད་ཀྱིས་དངུལ་བསྡུ་བཞིན་ཡོད་པ། ཡང་ན་དྲ་ཐོག་ནས་མང་ཚོགས་ཀྱི་དངུལ་བསྡུའི་ལས་འགུལ་ཞིག་འགོ་འཛུགས་བྱེད་ཀྱི་ཡོད་ན། འདི་དག་གི་སྐོར་ལ་ཁྱེད་ཀྱིས་ཤེས་དགོས་པ་རྣམས་འདིར་བཀོད་ཡོད།


གཙོ་གནད།

  • ཨོ་སི་ཊེ་ལི་ཡའི་ཁྱབ་ཁོངས་སོ་སོར་དངུལ་ཞལ་འདེབས་སློང་བའི་བརྒྱུད་རིམ་གྱི་སྒྲིག་གཞི་རྣམས་མི་འདྲ་བ་ཡོད།
  • དངུལ་ཞལ་འདེབས་ཀྱི་མགོ་སྐོར་ལས་གཡོལ་ཆེད། དགེ་རྩའི་ཚོགས་པ་ཁག་གི་ཆ་རྐྱེན་ལ་ཞིབ་བཤེར་བྱེད་རྒྱུར་དུས་ཚོད་གཏོང་དགོས་པ་དང་། གལ་ཏེ་ཐེ་ཚོམ་ཡོད་ན་ཞལ་འདེབས་རྒྱག་རྒྱུ་མེད།
  • དངུལ་ཞལ་འདེབས་སློང་བའི་སྐབས་ཁྲིམས་སྒྲིག་དང་ཆོག་མཆན་གྱི་དགོས་མཁོ་དེ་ཚོགས་པ་ཆུང་རིགས་དང་དྲ་ཐོག་གི་ཞུ་འབོད་ཁག་ལ་ཡང་ཁྱབ་ཀྱི་ཡོད། དེར་བརྟེན་རང་ཉིད་ཀྱི་གནས་སྟངས་ལ་གང་འཚམ་པ་དེར་ཞིབ་འཇུག་བྱེད་དགོས།

ཨོ་སི་ཊེ་ལི་ཡར་དགེ་རྩའི་ལས་རིགས་ཆེ་ཆུང་མི་འདྲ་བ་མང་པོ་ཡོད། དེའི་ནང་ས་གནས་སྡེ་ཁག་གི་ཚོགས་པ་ནས་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པ་སོགས་ཡོད།

འོན་ཀྱང་དེ་ཚོ་ཚང་མས་ཨོ་སི་ཊེ་ལི་ཡ་རྒྱལ་ཡོངས་དགེ་རྩ་འམ་ཁེ་མེད་ཚོགས་པའི་ལྷན་ཁང་(ACNC) ལ་ཐོ་འགོད་བྱས་མེད།

དགེ་རྩའི་ཚོགས་པ་ཞིག་ཁྲིམས་མཐུན་ཡིན་མིན་ཇི་ལྟར་ཞིབ་བཤེར་བྱེད་ཐུབ་བམ།

གལ་ཏེ་ཚོགས་པ་དེ་ཨོ་སི་ཊེ་ལི་ཡ་རྒྱལ་ཡོངས་དགེ་རྩ་འམ་ཁེ་མེད་ཚོགས་པའི་ལྷན་ཁང་གི་ཐོ་གཞུང་ནང་དུ་ཡོད་ན། དེའི་ཆ་རྐྱེན་ཞིབ་གཤེར་བྱེད་རྒྱུ་ཧ་ཅང་ལས་སླ་བོ་ཡིན།

ཨོ་སི་ཊེ་ལི་ཡ་རྒྱལ་ཡོངས་དགེ་རྩ་འམ་ཁེ་མེད་ཚོགས་པའི་ལྷན་ཁང་གི་ཐོ་གཞུང་ནང་དུ་ཡོད་པ་དེའི་དོན་ནི་ཚོགས་པ་དེའི་ཁེ་མེད་ཀྱི་གནས་བབ་དང་། གཞུང་འཛིན་གྱི་ཚད་གཞི་དང་མཐུན་པ་བཅས་ལ་ཞིབ་བཤེར་བྱས་ཟིན་པ་སྟོན་གྱི་ཡོད།

ཚོགས་པ་ཞིག་ལ་ཞལ་འདེབས་མ་སྤྲད་གོང་དུ་ཐོ་གཞུང་དེར་ཞིབ་གཤེར་བྱེད་རྒྱུའི་ལམ་སྟོན་བྱེད་ཀྱི་ཡོད།

ཨོ་སི་ཊེ་ལི་ཡ་རྒྱལ་ཡོངས་དགེ་རྩ་འམ་ཁེ་མེད་ཚོགས་པའི་ལྷན་ཁང་གི་འགན་འཛིན་སུ་ཝུ་ཌི་ཝ་ཌི་Sue Woodward ཡིས་གསུངས་དོན། "དེས་ཁྱེད་ལ་ཚོགས་པ་དེ་སུས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་དང་། དེས་ལས་འགུལ་གང་དག་སྤེལ་གྱི་ཡོད་པ། རོགས་དངུལ་གང་ནས་ཐོབ་ཀྱི་ཡོད་པ་བཅས་ཀྱི་སྐོར་ལ་གནས་ཚུལ་སྤྲོད་ཐུབ།"

“དེ་བཞིན་ཁྱེད་ལ་ཚོགས་པ་དེ་དངོས་གནས་དེབ་སྐྱེལ་བྱས་པའི་རང་དབང་ཅན་གྱི་དགེ་རྩ་ཞིག་ཡིན་པ་དང་། ཁོ་ཚོས་བཟང་སྤྱོད་ཀྱི་དོ་དམ་བྱེད་སྒོ་ལ་སྲུང་བརྩི་བྱེད་དགོས་པའི་སྒྲིག་གཞི་ངེས་ཅན་ཞིག་ཡོད་པ་ཤེས་པའི་ཡིད་ཆེས་སྐྱེ་ཐུབ།"

ངའི་ཞལ་འདེབས་གྱི་དངུལ་ལ་ཁྲལ་གྱི་ཆག་ཡང་ཡོད་དམ།

ཨོ་སི་ཊེ་ལི་ཡའི་ཁྲལ་བསྡུ་ལས་ཁུངས་ཀྱིས་ཁྲལ་ཆག་ཡང་ཅན་གྱི་གསོལ་རས་ཀྱི་ངོ་བོ་ལྡན་པར་། དང་ལེན་བྱས་པའི་དགེ་རྩ་ཚོགས་པ་ཁོ་ནར་ཁྲལ་གྱི་ཆག་ཡང་ཡོད།

ཨེ་བི་ཨེན་ནམ་ ཨོ་སི་ཊེ་ལི་ཡའི་ཚོང་གཉེར་ཨང་གྲངས་འཚོལ་ཞིབ་ཐོག་དེ་འདྲའི་ངོ་བོ་ལྡན་པའི་ཚོགས་པ་ཁག་གི་ཐོ་གཞུང་ཡོད།

གལ་ཏེ་ཁྱེད་ཀྱིས་ཞལ་འདེམས་བསླངས་པའི་དངུལ་གྲངས་བརྒྱུད་ཁྲལ་ཆག་ཡང་ཞུ་འདོད་ཡོད་ན་ཞལ་འདེབས་ཀྱི་བྱུང་འཛིན་ཉར་ཚགས་བྱོས།

Australia Explained - Fundraising
འོན་ཀྱང་ཐོ་འགོད་ཡོད་པའི་དགེ་རྩའི་ཚོགས་པ་ཚང་མར་ཞལ་འདེབས་ཀྱི་བྱུང་འཛིན་སྤྲོད་ཆོག་པའི་ཆོག་མཆན་མེད། པར་ཁུངས། གྷི་ཊི་པར་རིས། Credit: FujiCraft/Getty Images

རོགས་དངུལ་ཞལ་འདེབས་ཀྱི་ལས་དོན་ལ་ལྟ་རྟོག་བྱེད་མཁན་སུ་ཡིན།

ཨོ་སི་ཊེ་ལི་ཡའི་མངའ་སྡེ་དང་ས་ཁུལ་ཚང་མར་རོགས་དངུལ་བསྡུ་བའི་ཁྲིམས་དང་སྟངས་འཛིན་ལས་ཁུངས་ཡོད།

འགན་འཛིན་སུ་ཝུ་ཌི་ཝ་ཌི་Sue Woodward ཡིས “ཨོ་སི་ཊེ་ལི་ཡ་རྒྱལ་ཡོངས་དགེ་རྩ་འམ་ཁེ་མེད་ཚོགས་པའི་ལྷན་ཁང་གིས་རོགས་དངུལ་བསྡུ་རྒྱུའི་ལས་དོན་ལ་སྟངས་འཛིན་བྱེད་ཀྱི་མེད།"ཅེས་དང་།

“དཔེར་ན། གལ་ཏེ་ཚོགས་པ་ཞིག་གིས་ཁྲོམ་ར་ཆེན་པོ་ཞིག་གི་ནང་དུ་མི་མང་ནས་དངུལ་བསྡུ་བཞིན་ཡོད་ན། ཁོ་ཚོས་སྲུང་བརྩི་བྱེད་དགོས་པའི་སྒྲིག་གཞི་ངེས་ཅན་ཡོད་པ་དང་། དེ་ནི་མངའ་སྡེ་གང་ཡིན་ལ་རག་ལས་པ་རེད།"

རོགས་དངུལ་བསྡུ་མཁན་ཚོར་ས་གནས་གཞུང་གི་ཆོག་མཆན་དང་ཁྲིམས་གཞན། དཔེར་ན་ཨོ་སི་ཊེ་ལི་ཡའི་ཉོ་ཚོང་ཁྲིམས་དང་གསང་དོན་ཁྲིམས་སོགས་ལ་བརྟེན་ནས་ཀྱང་སྟངས་འཛིན་བྱེད་སྲིད།

གལ་ཏེ་ཁྱེད་ལ་དགེ་རྩའི་ཚོགས་པ་ཞིག་གི་རོགས་དངུལ་སློང་ཚུལ་ལ་སེམས་འཚབ་ཡོད་ན། ཁྱེད་ཀྱིས་རང་གི་མངའ་སྡེ་འམ་ས་ཁུལ་གྱི་སྟངས་འཛིན་ལས་ཁུངས་ལ་ཞུ་གཏུག་བྱེད་ཆོག

མངའ་སྡེ་འམ་ས་ཁུལ་གྱི་རོགས་དངུལ་བསྡུ་རུབ་བྱེད་པའི་ཁྲིམས་སྒྲིག་སྙིང་བསྡུས་ཁག་ལ་གཟིགས་ཕྱིར་གཤམ་གྱི་དྲྭ་ཐག་སོ་སོར་གནོན་རོགས།

ཨོ་སི་ཊེ་ལི་ཡའི་རྒྱལ་སའི་མངའ་ཁུལ།

ནིའུ་སའོ་ཐ་ཝེལ་སི།

བྱང་ཕྱོགས་མངའ་ཁུལ།

ཁུན་སི་ལན་ཌི།

ལྷོ་ཕྱོགས་ཨོ་སི་ཊེ་ལི་ཡ།

ཏ་སི་མ་ནི་ཡ།

ཝིག་ཊོ་རི་ཡ།

ནུབ་ཕྱོགས་ཨོ་སི་ཊེ་ལི་ཡ།

གལ་ཏེ་ཁྱེད་ཀྱིས་དེབ་སྐྱེལ་ཡོད་པའི་དགེ་རྩ་ཚོགས་པ་ཞིག་གིས་དངུལ་སྟངས་འཛིན་བྱེད་ཕྱོགས་ནོར་གྱི་ཡོད་པའི་བསམ་ཚུལ་ཡོད་ན་ཁྱེད་ཀྱིས་ཨོ་སི་ཊེ་ལི་ཡ་རྒྱལ་ཡོངས་དགེ་རྩ་འམ་ཁེ་མེད་ཚོགས་པའི་ལྷན་ཁང་ལ་སྙན་སེང་ཞུ་ཆོག

ཝུ་ཌི་ཝ་ཌི་ལགས་ཀྱིས“གལ་ཏེ་རང་ཉིད་སུ་ཡིན་པ་ཤེས་འཇུག་འདོད་མེད་ན་མིང་མ་བཀོད་པའི་ཐོག་སྙན་སེང་ཞུ་ཆོག་པ་དང་ང་ཚོས་དེ་མཐུན་གནས་སྟངས་དེར་དོ་ནན་བྱེད་ཀྱི་ཡོད་"ཅེས་གསུངས།

Australia Explained - Fundraising
ལྷག་པར་དུ་གནོད་འཚེ་འམ་ཡིད་སྐྱོ་བའི་དོན་རྐྱེན་ཞིག་བྱུང་རྗེས་རོགས་དངུལ་སློང་མཁན་རྫུན་མའི་འབོད་སྐུལ་ཁག་ལ་དོགས་ཟོན་བྱོས། པར་ཁུངས། གྷི་ཊི་པར་རིས། Credit: bymuratdeniz/Getty Images

དགེ་རྩའི་རོགས་དངུལ་བསྡུ་རྒྱུའི་ལས་འགུལ་རྫུན་མ་ཡིན་མིན་ཇི་ལྟར་ཤེས་ཐུབ་བམ།

དྲ་ཐོག་རོགས་དངུལ་སློང་མཁན་རྫུན་མ་དང་མི་འཕྲད་པའི་ཕྱིར་ཁྱེད་རང་གིས་གཞུང་འབྲེལ་དྲྭ་ཚིགས་དེ་འཚོལ་དགོས། དེས་ཁོང་ཚོ་ཁྲིམས་མཐུན་ཡིན་མིན་ཤེས་ཐུབ།

པི་ཊར་ཧིལ་སི་ཇྷོན་སི་ཡིས་"གལ་ཏེ་ཁྱེད་ལ་རོགས་དངུལ་བསྡུ་མཁན་གང་ཟག་ཅིག་ལ་ཐད་ཀར་དོགས་པ་བྱུང་ན་ཞལ་འདེབས་སྤྲོད་རྒྱུ་མེད" ཅེས་གསུང་ཡོད།

ཁོང་ནི་མི་མང་རོགསསྐྱོར་དངུལ་བསྡུ་སྟངས་འཛིན་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཡིན་པ་དང་། དེ་ནི་ཨོ་སི་ཊེ་ལི་ཡའི་ནང་གི་ངོ་ཐུག་ནས་རོགས་དངུལ་སློང་མཁན་གྱི་དགེ་རྩ་་ཚོགས་པ་ཁག་གི་སྐུ་ཚབ་ཚོགས་པ་ཞིག་རེད།

ཞལ་འདེབས་སློང་མཁན་ཡོང་དུས་ལྷོད་ལྷོད་ཀྱིས་བསམ་བློ་གཏོང། ཁྱེད་རང་གིས་ནམ་ཡིན་ཡང་དྲྭ་ཚིགས་ཁག་ལ་བལྟ་བའམ་ཚོགས་པ་ལ་ཁ་པར་བཏང་ནས་ནན་ཏན་བྱེད་དགོས། ཞལ་འདེབས་རྒྱག་རྒྱུ་དེ་སྐབས་དུས་རྗེས་མ་ཞིག་ནས་ཀྱང་བྱེད་ཆོག
པི་ཊར་ ཧིལ་སི་ ཇྷོན་སི།

སྐུ་ཞབས་ཧིལ་སི་ཇྷོན་སི་ཡིས་ངོ་ཐུག་ནས་རོགས་དངུལ་སློང་མཁན་རྫུན་མ་ཡིན་པའི་ཉེན་བརྡ་ཆེ་ཤོས་གསུམ་ངོ་སྤྲོད་བྱས་ཡོད།

  • དངུལ་སློང་མཁན་གྱིས་ཚོགས་པའི་སྒྲིག་ཆས་གྱོན་མེད་པ།
  • ཁོ་ཚོར་པར་རིས་ཅན་གྱི་ངོ་སྤྲོད་ལག་ཁྱེར་མེད་པ།
  • ཁོ་ཚོས་དངུལ་སྨར་རམ་ཞལ་འདེབས་ཐེངས་གཅིག་ཁོ་ནའི་རེ་བ་བྱེད་པ་བཅས་ཡོད།
Fundraising at football
ངོ་ཐུག་ནས་རོགས་དངུལ་སློང་མཁན་རྣམས་ལ་ཆེད་ལས་ཀྱི་སྤྱོད་ཚུལ་དང་གུས་ཞབས་ལྡན་པའི་ཀུན་སྤྱོད་དགོས་པའི་བཀའ་རྒྱ་ཡོད། པར་ཁུངས། གྷི་ཊི་པར་རིས། Credit: James Wiltshire/AFL Photos via Getty Images

ངོ་ཐུག་ནས་རོགས་དངུལ་སློང་མཁན་རྣམས་ཀྱིས་ཆེད་ལས་ཀྱི་སྤྱོད་ཚུལ་དང་གུས་ཞབས་ལྡན་པའི་ཀུན་སྤྱོད་དགོས་པའི་བཀའ་རྒྱ་ཡོད། དཔེར་ན། མི་མང་ལ་བར་ཆད་མི་བཟོ་བ་དང་། ལྷོད་ལྷོད་བསྡད་ནས་ཡོད་སྐབས་གམ་བཅར་བྱེད་དགོས་པ་ལྟ་བུ་ཡིན།

“རོགས་དངུལ་སློང་མཁན་ཚོས་ཚོགས་པའི་ལས་འགུལ་དང་ཅིའི་ཕྱིར་དངུལ་བསྡུ་བཞིན་ཡོད་པ་གསལ་པོར་འགྲེལ་བརྗོད་བྱེད་དགོས།

“གལ་ཏེ་སྲང་ལམ་མམ་སྒོ་བརྡུང་སའི་མི་དེས་དངུལ་ཞལ་འདེབས་འབུལ་འདོད་མེད་ན། ཁོ་ཚོའི་འདོད་པ་ལ་བརྩི་བཀུར་བྱེད་དགོས།"

གལ་ཏེ་ཁྱེད་ལ་སློང་མོ་དེ་རྫུན་མ་ཡིན་པའི་དོགས་པ་ཡོད་ན་ཞལ་འདེབས་མི་འབུལ་བ་དང་། རང་གི་ས་གནས་ཀྱི་སྟངས་འཛིན་ལས་ཁུངས་སམ། རྒྱལ་ཡོངས་རྫུན་བརྟོལ་ཞབས་ཞུ་ལ་སྙན་སེང་ཞུ་དགོས།

དགེ་རྩའི་ལས་དོན་ཞིག་གི་ཆེད་དུ་དངུལ་སློང་དགོས་ན་ཤེས་དགོས་པ་གང་ཡོད།

རོགས་དངུལ་བསྡུ་རུབ་བྱེད་མཁན་གྱི་མི་སྒེར་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ནི་རྒྱལ་ཁབ་དང་། ས་ཁུལ་སོ་སོར་ཁྲིམས་མཐུན་གྱི་རོགས་དངུལ་བསྡུ་རུབ་བྱེད་སྟངས་དེ་གང་ཡིན་པ་ཤེས་དགོས།

ཁྲིམས་རྩོད་པ་Amy Williams ཨེ་མི་ཝི་ལི་ཡམ་སི་ལགས་ནི་Justice Connect ཡི་ཁེ་མེད་ཁྲིམས་ལུགས་ཞབས་ཞུ་ཁང་གི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། ཁོང་གིས་དུས་རྒྱུན་རོགས་དངུལ་བསྡུ་རུབ་སྟངས་འཛིན་ལས་ཁུངས་ལ་སྒྲིག་གཞི་གང་དག་ཡོད་མེད་ལམ་སྟོན་ཞུ་དགོས་ཞེས་གསུངས་ཡོད།

འོན་ཀྱང་ཁྱེད་རང་སྒེར་ངོས་ནས་གྲོགས་པོ་དང་ནང་མི་ཚོར་རྒྱལ་ཁབ་ཕྱི་ལོགས་སུ་དང་བླངས་ཞབས་ཞུའི་ལས་ཀར་རྒྱབ་སྐྱོར་བྱེད་ཆེད་དངུལ་བསྡུ་རུབ་བྱེད་ཀྱི་ཡོད་པ་དང་། ཡང་ན་ལས་ཁུངས་ནང་དུ་ལས་བྱེད་པ་ཞིག་ལ་སྨན་བཅོས་འགྲོ་གྲོན་སྤྲོད་རོགས་བྱེད་ཆེད་དངུལ་བསྡུ་རུབ་བྱེད་ཀྱི་ཡོད་ན། དེ་དག་ནི་སྤྱིར་བཏང་དུ་རོགས་དངུལ་བསྡུ་རུབ་ཀྱི་ཁྲིམས་ལུགས་འོག་ཚོད་འཛིན་བྱེད་ཀྱི་མེད།

Australia Explained - Fundraising
ངོ་ཐུག་ནས་དངུལ་བསྡུ་རུབ་བྱེད་སྟངས་ལ་རྣམ་པ་གསུམ་ཡོད་དེ། སྲང་ལམ་དུ་འགྲོ་བ། སྒོ་བརྒྱུད་དེ་འགྲོ་བ། ཁྲོམ་ཪའི་ནང་དུ་དངུལ་བསྡུ་རུབ་བྱེད་མཁན་བཅས་ཡིན། པར་ཁུངས། གྷི་ཊི་པར་རིས། Credit: LeoPatrizi/Getty Images

དྲ་ཐོག་རོགས་དངུལ་བསྡུ་རུབ་ཀྱི་ཞུ་འབོད་བྱེད་པར་སྒྲིག་གཞི་གང་ཡོད་དམ།

ཝི་ལི་ཡམ་སི་ལགས་ཀྱིས་"གལ་ཏེ་ཁྱེད་རང་གིས་དྲ་ཐོག་ནས་རོགས་དངུལ་བསྡུ་རུབ་བྱེད་པའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་དང་། དཔེར་ན་མང་ཚོགས་སྤྱི་ཡོངས་ལ་འབོད་སྐུལ་བྱེད་པའི་སྡིངས་ཆ་ཞིག་བརྒྱུད་དགོས་ཡོད་ན། དེའི་སྐབས་ཁྱེད་རང་གིས་ངེས་པར་དུ་ཁྲིམས་ཁུལ་མང་པོའི་ནང་གི་རོགས་དངུལ་བསྡུ་རུབ་ཀྱི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས་པ་ཞིག་ཡིན་པར་གསུངས་ཡོད།

གལ་ཏེ་ཁྱེད་རང་གིས་དྲ་ཐོག་ནས་མང་ཚོགས་ཀྱི་དངུལ་བསྡུ་རུབ་བྱེད་ཀྱི་ཡོད་ན། ཁྱེད་རང་ལ་རྒྱལ་ཁབ་དང་ས་ཁུལ་རེ་རེའི་ནང་དུ་ཆོག་མཆན་ལག་འཁྱེར་དགོས་སྲིད།
ཨེ་མི་ཝི་ལི་ཡམ་སི།

“མང་ཚོགས་ཀྱི་དངུལ་བསྡུ་རུབ་ཀྱི་སྡིངས་ཆ་ཁ་ཤས་ཀྱིས་ཁྱེད་རང་ལ་ལམ་སྟོན་སྤྲོད་ཀྱི་རེད། འོན་ཀྱང་ཁ་ཤས་ལ་དེའི་སྐོར་གྱི་གནས་ཚུལ་ཧ་ཅང་གསལ་པོ་མེད་པས། རང་ངོས་ནས་ཁྲིམས་ལུགས་ལམ་སྟོན་འཚོལ་དགོས་སྲིད།”

མཐའ་མཇུག་ཏུ། ཁོང་གིས་དྲ་ཐོག་གི་རོགས་དངུལ་བསྡུ་རུབ་བྱེད་མཁན་ཚོས་བསྡུ་རུབ་བྱས་པའི་དངུལ་དེ་དམིགས་ཡུལ་གང་གི་ཆེད་དུ་ཡིན་པ་གསལ་པོར་ངོས་འཛིན་བྱེད་དགོས་པར་གསུངས་ཡོད། དེ་ནི་ཞལ་འདེབས་འབུལ་མཁན་ཚོ་མགོ་སྐོར་མ་འཐེབ་པའི་ཆེད་དུ་ཡིན།

“ཞལ་འདེབས་འབུལ་མཁན་ཚོས་ཀྱང་ ‘ཚོགས་པ་འདིའི་དམིགས་ཡུལ་ག་རེ་རེད།’ དྲི་བ་འདྲི་དགོས་ཀྱི་རེད། དེ་ལྟར་བྱས་ན་ཁྱེད་རང་གིས་དངུལ་དེ་གང་དུ་འགྲོ་གི་ཡོད་པ་ཤེས་ཐུབ།།”

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now