འཛེམས་ཟོན་བྱེད་དགོས་པའི་ཟས་རིགས་ཀྱི་དགོས་མཁོ་ལ་བསྟུན་ཐབས། Australia Explained

GettyImages-2202444629.jpg

It's important that you tell the restaurant staff that you have a food allergy

ཨོ་སི་ཊེ་ལི་ཡ་ནི་འཛམ་གླིང་གི་ཟས་འཕྲོད་འཁྲུག་ཤོས་ཀྱི་རྒྱལ་ཁབ་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོའི་རྒྱལ་ཁབ་ནི་མི་རིགས་སྣ་མང་ཅན་ཞིག་ཡིན་ཞིང་། མི་རིགས་དེ་དག་གི་སོ་སོའི་ཆོོས་ལུགས་ཀྱི་ཡིད་ཆེས་དང་། བཟང་སྤྱོད། འཕྲོད་བསྟེན། སྒེར་གྱི་གདམ་ཀ་བཅས་ཟས་རིགས་བརྟེན་ཚུལ་གྱི་ཐོག་ནས་མཚོན་པར་བྱེད། ལེ་ཚན་འདིའི་ནང་ཆེད་མཁས་པ་ཚོས་ང་ཚོར་ཟས་རིགས་འདེམས་སྒྲུག་བྱེད་སྐབས་ཐུབ་སྒྲིལ་ཐོག་གི་འགྲེལ་བྱང་ངོས་འཛིན་ཡོད་མེད། དཔྱད་གཞིའི་རྒྱུ་ཆ་སོགས་ཀྱི་ཐོག་ལམ་སྟོན་གནང་གི་ཡོད།


ཆོས་ལུགས་ཀྱི་བཀག་རྒྱའི་འོག་ཟས་རིགས་བྱེ་བྲག་མ་བསྟེན་པ་དང་། བཟང་སྤྱོད་དང་འཕྲོད་བསྟེན་གྱི་གནད་དོན་འོག་ཟས་རིགས་གདམ་ཀ་བྱེད་པ་སོགས་ང་ཚོ་ཚང་མར་དོ་དག་གི་འཛེམས་ཟོན་བྱེད་པའི་ཟས་རིགས་ཤིག་ཡོད་པ་འམ་དེ་ལྟར་བྱེད་དགོས་མཁན་གྱི་གང་ཟག་ཞིག་ངོ་ཤེས་ཀྱི་ཡོད་ངེས།

ང་ཚོས་ཟས་སྐྱོན་གྱི་སྐོར་ནས་འགོ་བཙུགས་ན། ཟས་འཕྲོད་མ་འགྲིག་པའི་གནད་དོན་དེ་སྣང་མེད་བཞག་ན་ཚབས་ཆེན་གྱི་མཇུག་འབྲས་ཐོན་སྲིད། ཨོ་སི་ཊེ་ལི་ཡའི་ནང་བྱིས་པ་བཅུའི་ནང་གི་གཅིག་ཙམ་ལ་ཟས་འཕྲོད་མ་འགྲིག་པའི་ངོས་འཛིན་བྱས་ཡོད་པ་དང་། དུ་མཐོང་བ་ནི་སྒོང་ང་ཡིན། ནར་གསོན་རྗེས་ང་ཚོའི་ཁྲོད་མི་ལྔ་བཅུའི་ནང་གི་གཅིག་ཙམ་ལ་ཟས་འཕྲོད་མི་འགྲིག་པའི་དཀའ་ངལ་ཐོན་གྱི་ཡོད།

ཟས་རིགས་ཀྱི་ཐུམ་སྒྲིལ་ལ་རྒྱུ་ཆའི་ནང་དོན་གསལ་བཤད་གསལ་པོ་ཡོད་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་ཡིན།

ཟས་རིགས་ཀྱི་རྒྱུ་ཆ་རྣམས་རྟག་ཏུ་ཐུམ་སྒྲིལ་ཐོག་དགོད་ཀྱི་ཡོད་དམ།

ཉོ་མཁན་ཚོས་རྒྱུ་ཆ་དང་ཟས་མི་འཕྲོད་པའི་རིགས་ངོས་འཛིན་བྱེད་བདེ་བའི་ཆེད་དུ། ཨོ་སི་ཊེ་ལི་ཡ་དང་ནིའུ་ཛི་ལན་ཌི་ཟས་རིགས་རྒྱུ་ཆའི་ཚད་གཞི་ལྷན་ཁང་གིས་གོ་བདེ་བའི་ཟས་རིགས་མི་འཕྲོད་པའི་ཐོ་གཞུང་གྱི་ལམ་ལུགས་གསར་གཏོད་བྱས་ཡོད།

གང་ཞིག་གིས་གནོད་པ་དང་གཞན་གང་ཞིག་གིས་མི་གནོད་པ་སོགས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་པའི་ཕྱིར་ཐུབ་སྒྲིལ་གྱི་ཐོག་ཏུ་བ་དམ་དང་སྡོང་པོ་ཅན་གྱི་སྲན་རིགས་ཏེ་ཨ་མོན། ཀེ་ཤུ། ཧ་ཛེལ་ནཊ། མཱ་ཀ་ཌ་མི་ཡ་བཅས་ཀྱི་མིང་ལོགས་སུ་བཀོད་པ་མངོན་རྒྱུ་ཡོད།དེ་བཞིན་དུ་སྐོགས་ཅན་གྱི་སྲོག་ཆགས་ཀྱི་རིགས་ཏེ་དཔེར་ན་སུ་ཞིག་ལ་ཤཱ་རྨིད་ཀྱིས་གནོད་པ་དང་སྐོགས་ཅན་མཚོ་འབུས་མི་གནོད་པ་སོགས་ཤེས་རྟོགས་བྱེད་པར་ཕན་ཐོགས་ཡོད།གྷུ་ལུ་ཊེན་ཡོད་པའི་འབྲུ་རིགས་ཀྱི་ཁོངས་སུ་གཏོགས་པ་ཏེ་གྲོ་དང་། སྲན་མ། བྲ་བོ། ཡུ་གུ་བཅས་ཀྱི་མིང་ཡང་ངེས་པར་དུ་མཚོན་བྱང་ཐོག་དགོད་དགོས་པ་དེས་གྷུ་ལུ་ཊེན་གྱི་ནད་དང་གྷུ་ལུ་ཊེན་མི་བཟོད་མཁན་ཚོར་དྲན་སྐུལ་བྱེད་ཀྱི་ཡོད། གལ་ཏེ་ཐོན་རྫས་ཤིག་གི་ནང་གྷུ་ལུ་ཊོན་མེད་པ་ཡིན་ན། དེ་རྒྱུན་དུ་ཐུམ་སྒྲིལ་ཐོག་མངོན་གསལ་མི་བྱེད། རྒྱུ་ཆའི་ཐོ་གཞུང་གིས་ཟས་རིགས་དེར་གྷུ་ལུ་ཊོན་དངོས་སུ་ཡོད་མེད་མཚོན་གྱི་རེད། ‘འདུས་ཡོད’ ཅེས་པའི་གསལ་བཤད། གོ་བདེའི་ཨིན་ཡིག་མཚོན་བྱང་ལས་རིམ་གྱིས་ད་དུང་ "འདུས་ཡོད" ཅེས་པའི་ཚིག་བརྗོད་ཅིག་དགོས་ཀྱི་ཡོད། རྒྱུ་ཆའི་ཐོ་གཞུང་གི་འཁྲིས་སམ་འོག་ཏུ་ཚིག་བརྗོད་གཞན་ཞིག་ཡོད་པ་ནི་ "འདུས་ཡོད" ཅེས་འཁོད་པ་དེ་ཡིན། དེ་ནི་ཟས་རིགས་ཐོན་རྫས་དེའི་ནང་ཡོད་པའི་རྒྱུན་མཐོང་གི་མི་འཕྲོད་པའི་ཟས་རིགས་ཀྱི་སྙིང་བསྡུས་ཐོ་གཞུང་ལྟ་བུ་ཡིན། ཨིན་གྷ་རིཌ་རོ་ཆེ། མི་འཕྲོད་པའི་ཟས་རིགས་ལ་འཛེམས་དགོས་མཁན་ཚོས་བདེ་འཇགས་ངང་ཕྱི་ལ་ཟ་མ་ཇི་ལྟར་ཟ་ཐུབ། ཚོང་ཁང་ནས་ཉོ་ཆ་རྒྱག་པ་ནི་དོན་དག་གཅིག་ཡིན། འོན་ཀྱང་མི་འཕྲོད་པའི་ཟས་རིགས་ཀྱི་དོ་ཕོག་ཚབས་ཆེན་མྱོང་མཁན་ཚོར་ཟ་ཁང་དུ་ཟ་མ་ཟ་བ་ནི་སེམས་ཁྲལ་ཆེ་བའི་གནད་དོན་ཞིག་ཡིན་སྲིད། ཁྱེད་ཀྱིས་ལས་བྱེད་པ་ཚོར་ཁྱེད་ལ་མི་འཕྲོད་པའི་ཟས་རིགས་ཇི་ཡོད་བརྗོད་རྒྱུ་གལ་ཆེན་པོ་ཡིན། ཨིན་གྷི་རིཌ་རོ་ཆེ་ལ་གལ་ཆེའི་ལམ་སྟོན་ཞིག་ཡོད་པ་ནི། “ཨོ་སི་ཊེ་ལི་ཡའི་མི་འཕྲོད་པའི་ཟས་རིགས་དང་ཚབ་ཆེའི་འཕྲོད་འཁྲུག་ཀྱི་ནད་རིགས་འགོག་སྲུང་ལྷན་ཁང་གིས་མ་བྱན་གྱི་བྱང་བུ་ཞིག་ཡོད། དངུལ་ཁུག་ནང་ཤོང་ཐུབ་པའི་བྱང་བུ་དེའི་ནང་ཁྱེད་རང་ལ་མི་འཕྲོད་པའི་ཟས་རིགས་ཀྱི་མིང་ཐོ་རྣམས་འཁོད་ཡོད། ཁྱེད་རང་ཟ་ཁང་དང་ཇ་ཁང་ངམ། ཕྱི་ལ་ཟ་མ་གཏོང་སར་འགྲོ་སྐབས་བྱང་བུ་ཆུང་ཆུང་དེ་ཕྱིར་བཏོན་ནས་ལས་བྱེད་པ་ཚོར་ང་ལ་ཟས་རིགས་མི་འཕྲོད་པ་ཡོད། ཁྱེད་རང་གིས་བྱང་བུ་འདི་མ་བྱན་ལ་སྤྲོད་རོགས་གནང་།”ཞེས་བརྗོད་ན་འགྲིག རྒྱལ་ཡོངས་མི་འཕྲོད་པའི་ཟས་རིགས་ལྷན་ཁང་གིས་བསམ་འཆར་སྟབས་བདེ་འགའ་ཞིག་བཏོན་ཡོད་པ་དག་ནི། § ཕྱི་ལ་ཟས་ཟ་བར་བསྐྱོད་སྐབས་འཚང་ག་ཆུང་བའི་དུས་ཚོད་བདམས་ནས་ལས་བྱེད་པ་ཚོ་དང་སྐད་ཆ་ཤོད་དགོས། § ཞིབ་ཚགས་པོའི་ངང་ཟ་ཁང་བདམས་ནས་རྒྱུ་ཆ་ཉུང་བའི་ཟས་རིགས་སྟབས་བདེ་མངགས་དགོས། § སྣ་འཛོམས་ཟས་རིགས་ལ་ནང་ཁུལ་བསྲེས་འབྱོར་ཡོང་སྲིད་པས་དེའི་རིགས་ལ་གཡོལ་དགོས། § ཟས་མི་འཕྲོད་པའི་དུག་སེལ་སྨན་རྟག་ཏུ་འཁྱེར་དགོས། ཧ་ལལ་གྱི་ཟས་རིགས་བཟའ་བཏུང་བྱ་རྒྱུ་ནི་ཧ་ལལ་ཡིན་པའི་ཟས་དངོས་ཉོ་བ་ལས་དཀའ་ངལ་ཆེ་བ་ཡོད། ཟ་ཁང་གཉེར་མཁན་ཚོས་སྐབས་རེ་ཧ་ལལ་གྱི་མཚོན་རྟགས་འགྲེམས་སྟོན་བྱ་རྒྱུར་འདོད་པ་མེད་པ་ཡོང་གི་ཡོད། ཁྱེད་ཀྱིས་ཀོ་ཤར་(འཇིའུ་)ལུགས་ཀྱི་ཟས་བཅུད་བསྟེན་གྱི་ཡོད་དམ། ཨོ་སི་ཊེ་ལི་ཡའི་ཀོ་ཤར་ཚོང་འགྲེམས་དང་འཆར་རྩིས་ཀྱི་འགོ་འཛིན་ཤོ་ཤི་ལན་ཌོ་ཡིས་ཁོ་ཚོ་ནི་རྒྱལ་ཁབ་ནང་གི་ཀོ་ཤར་ངོས་འཛིན་ལས་ཁུངས་གཙོ་བོ་གཉིས་ཀྱི་ནང་གི་གཅིག་ཡིན་པར་བཤད་ཡོད། ཁོ་ཚོའི་མཚོན་རྟགས་ལ་བལྟས་ན། དེ་ནི་ཨོ་སི་ཊེ་ལི་ཡའི་ས་ཁྲ་ཞིག་དང་དཀྱིལ་དུ་སྒོར་དབྱིབས་ཤིག་གི་ནང་དུ་ཨིན་ཡིག 'K' ཡོད་ཞིག་ཡིན། འོན་ཀྱང་ཐོན་རྫས་ཉུང་ཤས་ཤིག་ལ་མ་གཏོགས་མཚོན་རྟགས་དེ་མེད། དེར་བརྟེན་ངེས་པར་དུ་ཐོན་རྫས་ཁག་ཀོ་ཤར་ཡིན་པའི་ངོས་འཛིན་ཡོད་མེད་ཨོ་སི་ཊེ་ལི་ཡའི་ཀོ་ཤར་མཉེན་ཆས་བརྒྱུད་ནས་ཞིབ་བཤེར་བྱེད་དགོས། མཉེན་ཆས་དེས་ཉེ་དུས་སུ་གསང་ཐིག་བརྒྱུད་འཚོལ་བཤེར་བྱེད་པའི་ཁྱད་ཆོས་ཤིག་ངོ་སྤྲོད་བྱས་ཡོད། དེས་ཀོ་ཤར་ཟས་རིགས་ལ་བསྟུན་ནས་ཉོ་ཆ་རྒྱག་མཁན་ཚོར་དམིགས་བསལ་ཚོང་ཁང་ནང་དུ་མ་ཕྱིན་པར་སྤྱི་ཡོངས་ཀྱི་ཚོང་ཁང་ནང་ནས་དགོས་མཁོ་རྣམས་ཉོ་རྒྱུ་སྟབས་བདེ་རུ་བཏང་ཡོད་ཅེས་ལན་ཌོ་ཡིས་གསུངས། "གལ་ཏེ་གསང་ཐིག་མེད་པའི་རིགས་ཡིན་ན་ཡང་ཟས་རིགས་དེ་མཉེན་ཆས་དེའི་ནང་ཡོད་མེད་ལྟ་ཐུབ།བརྒྱུད་ནས་འཚོལ་ཐུབ་ཀྱི་མེད་ན་ཁྱེད་ཀྱིས་ད་དུང་འཚོལ་ཞིབ་བྱས་ནས་ཐོན་རྫས་དེ་མཉེན་ཆས་ནང་དུ་ཡོད་མེད་ལྟ་ཐུབ། གཅིག་བྱས་ན་གསང་ཐིག་དེ་གསར་བསྒྱུར་བྱས་མེད་པ་ཡང་ཡིན་སྲིད། ཐབས་ཤེས་དེ་འཛམ་གླིང་ཡོངས་སུ་བཀོལ་སྤྱོད་བྱེད་ཐུབ། ད་དུང་ང་ཚོར་དྲི་བ་ལ་ལན་འདེབས་བྱེད་པའི་ངོ་དེབ་ཚོགས་པ་ཞིག་ཀྱང་ཡོད།" ཁྱེད་ཀྱིས་ཧ་ལལ་(ཁ་ཆེའི་)ལུགས་ཀྱི་ཟས་བཅུད་བསྟེན་གྱི་ཡོད་དམ། ཨོ་སི་ཊེ་ལི་ཡའི་མི་འབོར་གྱི་བརྒྱ་ཆ་གསུམ་ཙམ་གྱིས་ཧ་ལལ་ལུགས་ཀྱི་ཟས་བཅུད་བསྟེན་བཞིན་ཡོད་པ་དང་། དེའི་གྲངས་འབོར་ནི་མྱུར་པོར་རྒྱ་སྐྱེད་འགྲོ་བཞིན་ཡོད།འབུམ་རམ་པ་མོ་ཧ་མ་དྷི་ཁན་ནི་ཧ་ལལ་ཟས་རིགས་ངོས་འཛིན་བྱེད་མཁན་ཨོ་སི་ཊེ་ལི་ཡའི་ཧ་ལལ་ཚོགས་པའི་འགན་འཛིན་ཡིན། ཚོགས་པ་དེ་ལ་གཞུང་གི་སོ་ནམ་ཐོན་སྐྱེས་ལྷན་ཁང་གིས་ངོས་འཛིན་ཐོབ་ཡོད། ཁོང་གིས་ཚོང་ཁང་ནང་ཟ་ཆས་ཉོ་མཁན་ཚོར་ཡིད་ཆེས་འཕེར་བའི་ཧ་ལལ་ལས་ཁུངས་ནས་ངོས་འཛིན་ཡོད་པའི་མཚོན་རྟགས་ལ་དོ་སྣང་བྱེད་དགོས་པའི་བསླབ་བྱ་གནང་ཡོད། "གལ་ཏེ་མཚོན་རྟགས་ཤིག་ཡོད་ན། དེས་ཐོན་རྫས་དེ་ཧ་ལལ་ཡིན་པའི་གདེང་ཚོད་ངེས་ཅན་ཞིག་སྤྲོད་ཀྱི་ཡོད། འོན་ཀྱང་ཧ་ལལ་ལ་ངོ་རྒོལ་བྱེད་པའི་ལས་འགུལ་གྱི་རྐྱེན་གྱིས་ཨོ་སི་ཊེ་ལི་ཡའི་ནང་དུ་དཀའ་ངལ་ཞིག་ཡོད།" ཁེ་ལས་ཁག་ཅིག་གིས་དངོས་གནས་ཧ་ལལ་གྱི་མཚོན་རྟགས་བེད་སྤྱོད་མ་བྱེད་པ་དེས་ཟ་ཆས་ཉོ་མཁན་ལ་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད། འབུམ་རམ་པ་མོ་ཧ་མ་དྷི་ཁན། ཨོ་སི་ཊེ་ལི་ཡའི་ཧ་ལལ་དྲྭ་ཚིགས། སུ་ཟས་རིགས་ཉོ་སྒྲུབ་བྱེད་སྟངས་ཀྱི་ལམ་སྟོན་དང་། ཁོང་ཚོས་ཆོག་མཆན་སྤྲད་པའི་ཐོན་རྫས་ཀྱི་རིགས་སྐོར་ལ་ལམ་སྟོན་བྱེད་ཀྱི་ཡོད། ཧ་ལལ་ལམ་སྟོན་པ་སོགས་ཀྱི་མཉེན་ཆས་ལ་ཧ་ལལ་ཨོ་སི་ཊེ་ལི་ཡས་གཞུང་འབྲེལ་ངོས་ལེན་བྱས་མེད་ཀྱང་ཟ་ཆས་ཉོ་མཁན་ཚོར་གལ་ཆེའི་རོགས་རམ་བྱེད་ཀྱི་ཡོད།

ཀོ་ཤར་ཟས་བཅུད་བསྟེན་ལུགས་ལ་འཇུག་གིན་ཕྱི་ནས་ཟས་བཟའ་རྒྱུ་ལས་སླ་པོ་ཡོད་དམ།

སྟབས་མ་ལེགས་པ་ཞིག་ལ། ང་ཚོ་ཟ་ཁང་གང་རུང་ཞིག་ཏུ་ཕྱིན་ནས་ཀོ་ཤར་ཡིན་པའི་ཟས་མངགས་མི་ཐུབ། དེའི་ཕྱིར་ཟ་ཁང་ཡོངས་རྫོགས་ཀོ་ཤར་ཡིན་པའི་ངོས་འཛིན་དགོས་པ་དང་། ཨོ་སི་ཊེ་ལི་ཡའི་ཀོ་ཤར་མཉེན་ཆས་ནང་དུ་འདི་འདྲའི་ཟ་ཁང་གི་ཐོ་གཞུང་ཆ་ཚང་ཞིག་ཡོད།

Allergenic foods in bowls
མི་འཕྲོད་སྲིད་པའི་ཟས་རིགས་འདྲེས་མ་ཡོད་པའི་ཕོར་པ། Credit: SCIENCE PHOTO LIBRARY/Getty Images/Science Photo Libra

ཧ་ལལ་ཟས་བཅུད་བསྟེན་ལུགས་ལ་འཇུག་གིན་ཕྱི་ནས་ཟས་བཟའ་རྒྱུ་ལས་སླ་པོ་ཡོད་དམ།

ཧ་ལལ་ཡིན་པའི་ཁ་ལག་འདེམས་རྒྱུ་ནི་ཧ་ལལ་གྱི་ཟ་ཆས་ཉོ་རྒྱུ་ལས་ཀྱང་དཀའ་ངལ་ཆེ་བ་ཡོད། ཚོང་ལས་ཁང་མང་པོ་ཞིག་གིས་རང་གི་ཚོང་ཁང་གི་མདུན་དུ་ཧ་ལལ་ཡི་མཚོན་རྟགས་འདོན་སྤེལ་བྱེད་འདོད་མི་བྱེད།
“ཧ་ལལ་དང་འབྲེལ་བའི་མཉེན་ཆས་ཡོད་པ་དང་། ཉོ་མཁན་ལ་རོགས་རམ་བྱེད་མཁན་གྱི་ཚོགས་པ་དེ་དག་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། དཔེར་ན། སིཌ་ནི་ནང་གི་ཧ་ལལ་ལུགས་ཀྱི་ཟས་རིགས་དང་མེལ་བྷོན་ནང་གི་ཧ་ལལ་ལུགས་ཀྱི་ཟས་རིགས་ལྟ་བུ། ཁོང་ཚོའི་འབད་བརྩོན་གྱིས་ཟས་རིགས་ཉོ་མཁན་ཚོར་གནས་ཚུལ་གོ་རྟོགས་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཡོད། ཟ་ཆས་ཉོ་མཁན་སྟོང་ཕྲག་མང་པོ་ཞིག་གིས་གསལ་ཁ་འདོད་ཀྱི་ཡོད་པ་དང་། ང་ཚོས་དེའི་ཆ་ནས་ངོས་འཛིན་ཡོད་མེད་ཀྱི་ཐད་འགལ་ཟླའི་གནས་སྟངས་མཐོང་ཐུབ།” ཟེར།
མཐར་དོན་དུ་རང་ཉིད་ཀྱིས་ཞིབ་འཇུག་བྱེད་པ་ནི་བདེ་འཇགས་ཆེ་ཤོས་རེད།

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་སྒྲ་འཕྲིན་ལེ་ཚན་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service