ཁྱེད་རང་གིས་ཁྲག་གི་ཞལ་འདེབས་རྒྱག་ཐེངས་རེར་མིའི་ཚེ་སྲོག་གསུམ་ཙམ་སྐྱོབ་ཐུབ། ང་ཚོ་ཨོ་སི་ཁྲུ་ལི་ཡ་རུ་ཁྲག་གི་ཞལ་འདེབས་དེ་གང་ཟག་རྒྱུས་མེད་ཚོའི་དང་བླངས་ཀྱི་སྦྱིན་གཏོང་ལ་རེ་ནས་ཡོད། ཁྲག་ཞལ་འདེབས་རྒྱག་རྒྱུ་དེ་ནི་ངོ་མ་གཟི་བརྗིད་ལྡན་ཞིང་སྒེར་སེམས་མེད་པའི་བྱ་སྤྱོད་ཅིག་རེད། དེ་ལྟར་ང་ཚོས་དགོས་པའི་སྐབས་ཁྲག་རྣམས་རིན་མེད་དུ་སྤྲོད་ཐུབ་ཀྱི་ཡོད། འོན་ཀྱང་དེའི་ཕྱིར་ང་ཚོར་རྒྱབ་ལྗོངས་མི་འདྲ་བའི་གང་ཟག་འདྲ་མིན་གྱི་རང་ཉིད་ནས་ནམ་བྱུང་ཁྲག་ཞལ་འདེབས་རྒྱག་དགོས་ཀྱི་ཡོད། གཤམ་དུ་ཁྱོད་ཀྱིས་ཨོ་སི་ཁྲུ་ལི་ཡའི་རྩ་ཆེའི་ཁྲག་མཁོ་སྤྲོད་ལས་དོན་ལ་ལ་རོགས་རམ་ཇི་ལྟར་བྱེད་ཐུབ་པ་གསལ་ཡོད།
གཙོ་དོན།
- • ཁྲག་ཞལ་འདེབས་རྒྱག་རྒྱུ་དེ་དང་བླངས་ཀྱིས་བྱེད་རྒྱུ་ཞིག་ཡིན།
- • ཨོ་སི་ཁྲུ་ལི་ཡའི་རྒྱ་གྲམ་དམར་པོའི་སྲོག་ཁྲག་ Lifeblood (ལ་ཡི་ཧྤོ་བྷི་ལ་ཌི་) སྲོག་ཁྲག་གིས་ཁྲག་གི་ཞལ་འདེབས་ལ་དོ་དམ་བྱེད་ཀྱི་ཡོད།
- • ཨོ་སི་ཁྲུ་ལི་ཡར་མི་རིགས་སྣ་ཚོགས་ཡོད་པ་དེ་དག་གི་དགོས་མཁོ་དང་མཚུངས་ཕྱིར་སྲོག་ཁྲག་ཚོགས་པར་དེ་མཐུན་གྱིས་རྒྱབ་ལྗོངས་སྣ་མང་གི་ཡུལ་མི་ཡོངས་ནས་ཁྲག་གི་ཞལ་འདེབས་འབུལ་དགོས་ཀྱི་ཡོད།
- • གལ་ཏེ་ཞལ་འདེབས་འབུལ་ཐུབ་མིན་གཏན་འཁེལ་བྱེད་མ་ཐུབ་ན། སྲོག་ཁྲག་ Lifeblood ཚོགས་པའི་ཐད་སྦྲེལ་ཁ་པར་ཨང་གྲངས་ ༡༣༡༤༩༥ ལ་ཁ་པར་བཏང་ཆོག
- ཞལ་འདེབས་སུ་ཕུལ་བའི་ཁྲག་དེ་གང་དུ་བེད་སྤྱོད་བྱེད་ཀྱི་ཡོད་དམ།
- མི་སུ་ཡིན་རུང་ཁྲག་གི་ཞལ་འདེབས་བརྒྱབ་ན་འགྲིག་གམ།
- ཅི་ཞིག་གིས་མི་ལ་ཁྲག་སྦྱིན་རྒྱུར་སྐུལ་མ་གཏོང་གི་ཡོད་དམ།
- ཁྲག་ཞལ་འདེབས་རྒྱག་པར་ཡོང་བའི་དུས་བཅད་ཀྱི་སྐབས་བྱེད་དགོས་པ་གང་ཡོད་དམ།
- ང་ཚོར་སྣ་ཁ་འཛོམས་པའི་ཁྲག་གི་ཞལ་འདེབས་དགོས་དོན་གང་ཡིན།
- ཁྱོད་ཀྱིས་ཚོགས་ཆུང་བཟོས་ནས་ཁྲག་གི་ཞལ་འདེབས་རྒྱག་ཆོག་གམ།
- ཁྲག་ཞལ་འདེབས་རྒྱག་ས་གང་དུ་ཡོད་དམ།
ཨོ་སི་ཁྲུ་ལི་ཡ་ནི་འཛམ་གླིང་ཐོག་ཆེས་བདེ་འཇགས་ཆེ་ཤོས་ཀྱི་ཁྲག་མཁོ་སྤྲོད་བྱེད་མཁན་གྱི་གྲས་ཤིག་་མོད། འོན་ཀྱང་དུས་རྒྱུན་ཁྲག་གི་འབོར་འདང་ངེས་བཞིན་པ་མེད།ང་ཚོས་གཟའ་འཁོར་རེར་ཁྲག་གི་སྦྱིན་པ་༣༣༠༠༠ ལྷག་ཙམ་བཏང་ནས་སྨན་ཁང་གི་ནད་པའི་དགོས་མཁོ་སྐོང་དགོས།
ཞལ་འདེབས་སུ་ཕུལ་བའི་ཁྲག་དེ་གང་དུ་བེད་སྤྱོད་བྱེད་ཀྱི་ཡོད་དམ།
ཁྱབ་བསྒྲགས།
ཨོ་སི་ཁྲུ་ལི་ཡའི་རྒྱ་གྲམ་དམར་པོའི་ཚོགས་པའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་ང་ཚོའི་ཁྲག་མཁོ་སྤྲོད་ལ་དོ་དམ་བྱེད་པའི་གཞུང་གིས་རོགས་དངུལ་འོག་ཡོད་པའི་སྲོག་ཁྲག་ཚོགས་པའི་མགྲིན་ཚབ་པ་ཨེ་མི་ལི་གྷ་ལན་ཌི་ཡིས་གསུངས་རྒྱུར། ཁྲག་ནི་རྣམ་པ་སྣ་ཚོགས་ཅན་གྱི་རྫས་ཤིག་ཡིན་ལ། དགོས་མཁོ་ཡོད་པའི་མི་རྣམས་ཀྱི་ཚེ་སྲོག་ལ་འགྱུར་ལྡོག་གཏོང་ཐུབ་པའི་ཆ་རྐྱེན་རྩ་ཆེན་ཞིག་ཀྱང་ཡིན།
"དེས་ཛ་དྲག་གི་གནས་ཚུལ་འོག་ཚེ་སྲོག་སྐྱོབ་ཐུབ། དེས་འབྲས་སྐྲན་སོགས་སྨན་བཅོས་བྱེད་བཞིན་པའི་མི་རྣམས་ཀྱི་ཚེ་སྲོག་ཇེ་རིང་དུ་གཏོང་ཐུབ་ལ། དུས་བཅད་ལྟར་ཁྲག་རྒྱག་དགོས་པའི་མི་རྣམས་ལ་འཚོ་བའི་སྤུས་ཚད་དེ་བས་ལེགས་པ་སྟེར་ཐུབ། ཁྲག་སྦྱིན་པ་དེས་དངོས་གནས་མི་འདྲ་མིན་སྣ་ཚོགས་ལ་རོགས་རམ་བྱས་ཡོད་དེ། གཤགས་བཅོས་བྱེད་བཞིན་པའི་མི་དང་། བརྡབ་སྐྱོན་ཚབས་ཆེན་བྱུང་བའི་མི། ཁྲག་དང་རིམས་འགོག་གི་ནད་ཕོག་པའི་མི། ཕྲུ་གུ་བཙའ་བའི་བུད་མེད་དང་ཐ་ན་བཙས་རྒྱུ་ཡིན་པའི་ཕྲུ་གུ་སོགས་ཡོད་"ཅེས་གསུངས།
སྲོག་ཁྲག་ཚོགས་པར་ཨོ་སི་ཁྲུ་ལི་ཡའི་མི་རིགས་སྣ་ཚོགས་ཀྱི་དགོས་མཁོ་དང་འཚམས་ཕྱིར་རྒྱབ་ལྗོངས་སྣ་ཚོགས་ཀྱི་གང་ཟག་ནས་ཁྲག་གི་ཞལ་འདེབས་འབུལ་དགོས།







