ཨོ་སི་ཁྲུ་ལི་ཡའི་ནང་བྱིས་པའི་དཔལ་འབྱོར་གྱི་མདུན་ལམ་འཆར་འགོད་བྱེད་ཚུལ།

Australia Explained: Saving Money for Children

ཁྱེད་ཀྱི་ཕྲུ་གུ་ལ་ཁོ་ཚོའི་སྦ་ཁུག་གི་དངུལ་འབོར་གྱི་ཆ་ཤས་ཤིག་གསོག་འཇོག་གི་དམིགས་ཡུལ་གྱི་ཆེད་དུ་བགོ་བཤའ་རྒྱག་རྒྱུར་སྐུལ་མ་བྱས་པ་དེས་འགྲོ་སོང་གཏོང་སྟངས་ཀྱི་གོམས་གཤིས་འཛུགས་པར་ཕན་ཐོགས་ཡོང་ཐུབ། Credit: པར་གྱི་ཡོང་ཁུངས། ཇ་སི་ཊིན་མ་/གྷེ་ཊི་པར་རིས།

དཔལ་འབྱོར་འཆར་འགོད་བྱེད་པ་དེ་ཕ་མ་སུ་འདྲ་ཞིག་ལའང་སེམས་ངལ་ཆེ་བའི་ལས་ཀ་ཞིག་ཡིན་སྲིད། ཁྱེད་ཀྱི་ཕྲུ་གུའི་མ་འོངས་པའི་ཆེད་དུ་དངུལ་གསོག་འཇོག་བྱེད་སྐབས། ཁྱེད་རང་གི་གདམ་ཀ་ཤེས་ན་གོ་རྟོགས་ལྡན་པའི་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད། ཁྱེད་རང་གི་ཕྲུ་གུ་ལ་དངུལ་གསོག་འཇོག་གི་གོམས་གཤིས་བཟང་པོ་སློབ་ཁྲིད་བྱེད་པ་དེ་དམིགས་ཡུལ་དེའི་ཆ་ཤས་ཤིག་ཡིན།


གཙོ་དོན།
  • ཁྱེད་ཀྱི་ཕྲུ་གུའི་མ་འོངས་པའི་བདེ་འཇགས་ཀྱི་ཆེད་དུ་དངུལ་གསོག་འཇོག་བྱ་རྒྱུ་དེ་རང་ཉིད་ཀྱི་བུ་ལོན་ཉུང་དུ་གཏོང་བ་ནས་འགོ་འཛུགས་ཐུབ།
  • ཁྱེད་ཀྱི་ཕྲུ་གུའི་ཆེད་དུ་བུ་ལོན་གྱི་འགན་ལེན་བྱེད་མཁན་ཞིག་མ་ཆགས་གོང་དུ་ཆེད་ལས་པའི་སློབ་སྟོན་ལེན་དགོས།
  • དངུལ་གྱི་ཤེས་བྱ་ཡོད་པའི་ཕྲུ་གུ་གསོ་སྐྱོང་བྱེད་པ་དེས་ཁོ་ཚོ་ནར་སོན་སྐབས་དངུལ་དོ་དམ་ཡག་པོ་བྱེད་ཐུབ།

ཕ་མ་མང་པོ་ཞིག་གིས་རང་ཉིད་ཀྱི་ཕྲུ་གུའི་དཔལ་འབྱོར་གྱི་མདུན་ལམ་བཟང་པོ་ཡོང་བར་རེ་བ་བྱེད་ཀྱི་ཡོད།
རིག་གཞུང་མང་པོ་ཞིག་གི་ནང་ཕ་མ་རྒས་དུས་ཕྲུ་གུ་ཚོས་ལྟ་རྟོགས་བྱེད་པ་དེ་རྒྱུན་ལྡན་ཞིག་ཡིན་ནའང། ཨོ་སི་ཁྲུ་ལི་ཡའི་ནང་དུ་ཕ་མ་ཚོས་རྒྱུན་དུ་རང་ཉིད་ཀྱི་ཕྲུ་གུ་ལ་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཕྱིར་ཐོག་མར་རོགས་སྐྱོར་བྱེད་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད། དཔེར་ན། ཁོ་ཚོ་ལ་རླངས་འཁོར་དང་པོ་ཉོ་བའམ་སློབ་སྦྱོང་བྱེད་པ། ཡང་ན་ས་ཁང་གི་ཁྲོམ་རར་ཞུགས་པར་རོགས་རམ་བྱེད་པ་ལྟ་བུ།

ཨོ་སི་ཁྲུ་ལི་ཡ་ནང་དུ་རྒྱལ་ཁབ་གཞན་དང་བསྡུར་ན་མཐོ་རིམ་དང་ལས་རིགས་སློབ་གཉེར་ཕྱིར་གཞུང་གི་བུན་གཡར་ལམ་ལུགས་ government loan schemes ཡོད་པའི་དྲིན་ལ་རྟེན་ནས་དེ་ལ་སྙེས་མཁན་གྱི་སློབ་མ་ཚོས་མཐོ་སློབ་ཀྱི་ཕྱིར་དངུལ་བསྲི་ཚགས་བྱེད་པ་དེ་ཙམ་མེད།
ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཌེ་ཝི་ཌི་ཤརྤ་ David Sharpe ཡིས་གསུངས་པ་ལྟར་ན་དེང་སྐབས་ཕ་མ་ཚོས་དངུལ་གསོག་འཇོག་བྱེད་པའི་དམིགས་ཡུལ་གཙོ་ཆེ་ཤོས་ནི་ཁང་པ་ཉོ་རྒྱུ་དེ་ཡིན།

ཁོང་གིས་“ལོ་བཅུའི་གོང་ད་དུང་ཡང་ཕ་མས་དངུལ་གསོག་འཇོག་བྱེད་དོན་ནི་ཕྲུ་གུའི་གཉེན་སྟོན་དང་རླངས་འཁོར་ཉོ་བྱེད་ཡིན་ཡང་། དེང་སྐབས་མི་རྣམས་ལ་ཁང་པ་ཡོད་པ་བཟོ་རྒྱུ་དེ་ཡིན་པ་རེད་ཅེས་གསུངས།

Australia Explained: Saving Money for Children
མ་ནིའི་སེ་མར་ཊི་ Moneysmart ནི་ཨོ་སི་ཁྲུ་ལི་ཡའི་གཞུང་གི་དྲྭ་ཚིགས་ཤིག་ཡིན་ཞིང་། དེས་ཨོ་སི་ཁྲུ་ལི་ཡའི་མི་རྣམས་ལ་དངུལ་དོན་ཐག་གཅོད་བྱེད་པར་རང་དབང་གི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད། Credit: པར་གྱི་ཡོང་ཁུངས། ཀོར་ཊི་ནི་ཀི་/གྷེ་ཊི་པར་རིས།
ཕྲུ་གུ་ཆུང་ཆུང་ཡིན་ཚེ་ཕུགས་རྒྱང་རིང་པོའི་དམིགས་ཡུལ་དང་། གཞན་ལོ་གཅིག་ལོ་གཉིས་རྗེས་སོགས་གང་ཡིན་རུང་ཁང་པའི་རིན་གོང་དང་དེ་འཇལ་ཐུབ་རྒྱུའི་གནས་སྟངས་ཐོག་ནས་རང་གི་ཕྲུ་གུ་ཚོར་ཁང་པ་ཞིག་ཉོ་རོགས་བྱེད་ཐུབ་མིན་དེ་ཕ་མ་མང་པོ་ཞིག་ལ་གནད་དོན་གཙོ་བོ་ཞིག་ཆགས་ཡོད།
དེ་བཞིན་གཞུང་དང་སྡེ་ཁག་གི་ལས་གཞི་རྣམས་ཀྱིས་ཁྱིམ་ཚང་དག་གི་མ་འོངས་པའི་དམིགས་ཡུལ་ཆེད་དུ་མ་དངུལ་གསོག་རྒྱུར་རོགས་རམ་བྱེད་ཐུབ། དཔེར་ན། མཉམ་སྦྲེལ་གྱི་དངུལ་གསོག་ལས་གཞི་དང་། ཡང་ན་སློབ་གསོ་དང་འཚོ་བའི་འགྲོ་གྲོན་ལ་རོགས་རམ་བྱེད་པའི་སེན་ཊར་ལིངྐ་བརྒྱུད་ནས་རྒྱབ་སྐྱོར་གྱི་དངུལ་ཐོབ་པ་ལྟ་བུ། ཁྱེད་རང་ལ་གནས་ཚུལ་འདི་དག་ སར་ཝར་སི་ཨོ་སི་ཁྲུ་ལི་ཡ་ Services Australia དང མ་ནིའི་སེ་མར་ཊི་ དྲྭ་ཚིགས་ནས་རྙེད་ཐུབ།
ཁྱེད་ཀྱི་དངུལ་གསོག་འཇོག་གི་དམིགས་ཡུལ་གང་ཡིན་རུང་། ཕྲུ་གུའི་ཆེད་དུ་ལོགས་སུ་དངུལ་མ་བསག་གོང་རང་ཉིད་ཀྱི་བུ་ལོན་ཉུང་དུ་གཏོང་བར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།
གང་ཡིན་ཟེར་ན། གལ་ཏེ་ཁྱེད་ཀྱིས་རང་གི་བུ་ལོན་ཉུང་དུ་བཏང་ན། ཕྱིས་སུ་རང་གི་ཕྲུ་གུ་ཚོར་བུ་ལོན་གཡར་ནས་དངུལ་གསོག་པའི་ནུས་པ་ཡོད་སྲིད། དེ་ལྟར་བྱས་ན་ཁྱེད་ཀྱིས་མ་དངུལ་གསོག་ཐབས་གཞན་བཀོལ་བ་ལས་སྐྱེད་ཀ་སྤྲོད་མི་དགོས་པར་དངུལ་གསོག་ཐུབ།” ཞེས་ཤརྤ་ཡིས་གསུངས།

རང་གི་ཕྲུ་གུ་ཚོར་ཁང་པ་དང་པོ་ཉོ་བར་རོགས་རམ་བྱེད་པའི་ཐབས་ལམ་ཡག་ཤོས་གང་དག་ཡིན་ནམ།
ཁང་པ་ཞིག་ཉོ་བའི་སྐབས་སུ། ཕ་མ་འགའ་ཤས་ཀྱིས་རང་གི་ཕྲུ་གུ་ཚོར་བཅོལ་དངུལ་འཇོག་རྒྱུར་རོགས་རམ་བྱེད་ཀྱི་ཡོད། འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་རང་གི་ཕྲུ་གུ་ལ་དངུལ་གཡར་གྱི་ཡོད་ན། མ་ནིའི་སེ་མར་ཊི་ཡི་སྒེར་གྱི་དཔལ་འབྱོར་རྩོམ་སྒྲིག་པ་ཤི་ཝན་མར་ཆིན་གོ་ Shevaune Marchingo ཡིས་དོ་སྣང་བྱེད་དགོས་པའི་གནད་དོན་ཁག་ཅིག་ཡོད་ཅེས་བརྗོད།
“ཁྱེད་ཀྱིས་ཁོང་ཚོར་དངུལ་ག་ཚོད་སྤྲད་པ་དང་། དེ་ཁོང་ཚོས་ག་འདྲ་བྱས་ནས་ཕྱིར་སློག་བྱེད་རྒྱུ་ཡིན་མིན་གྱི་འཆར་གཞི་ཞིག་ཡིག་ཐོག་བཟོ་དགོས།
“འདི་ལྟར་བྱས་ན་ཁྱེད་ལ་ཕྲུ་གུ་མང་པོ་ཡོད་པ་དང་། ཁྱེད་ཀྱིས་མ་དངུལ་དོན་ཐོག་ནས་རོགས་རམ་བྱེད་འདོད་ཡོད་ན། དེ་དྲང་བདེན་ཡོང་བར་ཕན་ཐོགས་ཡོད།”
Australia Explained: Saving Money for Children
ཡུན་རིང་གི་མ་འཇོག་ལ་འགན་ལེན་བྱེད་སྐབས། དཔེར་ན། ཉེན་སྲུང་མ་འཇོག་ལྟ་བུར་ཁྲལ་གྱི་ཁེ་ཕན་ཡོད་མེད་ཞིབ་བཤེར་བྱེད་དགོས། Source: Moment RF / པར་གྱི་ཡོང་ཁུངས། མོ་མན་ཊི་ ཨར་ ཨེ་ཧྥོ། /ཊེ་རེ་སི་ཌི། པར་/གྷེ་ཊི་ཨི་མེ་པར་རིས།
རང་གི་ཕྲུ་གུའི་ཁང་པའི་ཆེད་དུ་བུན་གཡར་འགན་ལེན་བྱེད་རྒྱུར་ཐག་གཅོད་མ་བྱས་གོང་དོགས་ཟོན་བྱེད་རྒྱུ་གལ་ཆེན་པོ་རེད།
མར་ཆིན་གོ་ཡིས་གསུངས་དོན། “རང་གི་ཕྲུ་གུས་བུ་ལོན་འཇལ་ཐུབ་པའི་ཡིད་ཆེས་ཡོད་པ་གལ་ཆེན་པོ་རེད།”
“གལ་ཏེ་རང་གི་ཕྲུ་གུས་རྒྱུ་མཚན་གང་རུང་ཞིག་གིས་བུ་ལོན་འཇལ་མ་ཐུབ་ཚེ། ཁྱེད་ཀྱིས་དེ་ཚང་མ་ཕྱིར་སྤྲོད་བྱེད་དགོས་སྲིད།”
ཕ་མ་ཚོས་རང་གི་ཕྲུ་གུའི་ཆེད་དུ་དངུལ་གསོག་པའི་དམིགས་ཡུལ་འགྲུབ་པར་དཔལ་འབྱོར་གྱི་ལམ་ལུགས་སྣ་ཚོགས་ཡོད་པ། དཔེར་ན། རྩ་བའི་གསོག་དངུལ་དང་། དུས་བཅད་གསོག་དངུལ། ཡང་ན་ཉེན་འགོག་མ་འཇོག་ལྟ་བུ།
དཔལ་འབྱོར་ཐག་གཅོད་ལ་འགན་ལེན་མ་བྱས་གོང་ཆེད་ལས་པའི་སློབ་སྟོན་ཞུ་རྒྱུར་བསམ་བློ་གཏོང་དགོས།

ཨོ་སི་ཁྲུ་ལི་ཡའི་ནང་བློས་འགེལ་ཆོག་པའི་དཔལ་འབྱོར་སློབ་སྟོན་ཇི་ལྟར་འཚོལ་ཐུབ་བམ།
དཔལ་འབྱོར་སློབ་སྟོན་པ་ཞིག་ལ་མ་བསྟེན་གོང་ཁོང་ཚོ་དང་ཐུག་འཕྲད་བྱས་ནས་ཞིབ་བསྡུར་བྱེད་རྒྱུ་གལ་ཆེན་པོ་རེད།
དཔལ་འབྱོར་སློབ་སྟོན་པ་ཞིག་གིས་བྱེད་དགོས་པ་ཁག་ནི།
§ ཁྱེད་ལ་གནས་ཚུལ་མཁོ་སྤྲོད་བྱས་ནས་ཁྱེད་ཀྱི་དམིགས་ཡུལ་འགྲུབ་པར་རོགས་རམ་བྱེད་དགོས།
§ ཁྱེད་ཀྱིས་སྤྲོད་དགོས་པའི་གླ་ཆའི་སྐོར་དང་དེའི་ཚབ་ཏུ་ཁྱེད་ལ་ཅི་ཞིག་ཐོབ་མིན་སྐོར་སློབ་སྟོན་བྱེད་དགོས།
§ ཁོང་ཚོས་ཁྱེད་ཀྱི་དངུལ་ཇི་ལྟར་དོ་དམ་བྱེད་མིན་སྐོར་སློབ་སྟོན་བྱེད་དགོས།
§ ཐག་གཅོད་ཅི་བྱས་སྐོར་ཁྱེད་དང་གྲོས་བསྡུར་བྱེད་དགོས།

མར་ཤིན་གོ་ཡིས་མུ་མཐུད་གསུངས་དོན། “དཔལ་འབྱོར་སློབ་སྟོན་པ་ཚོས་ད་དུང་ཁྱེད་ཀྱིས་ཉེན་ཁ་ག་ཚོད་བཟོད་ཐུབ་མིན་སྐོར་གྲོས་བསྡུར་བྱེད་ཀྱི་རེད། དེ་ནི་རང་གི་དངུལ་ཇི་ལྟར་བེད་སྤྱོད་བྱེད་མིན་ཐག་གཅོད་བྱེད་སྐབས་ཧ་ཅང་གལ་ཆེན་པོ་རེད།”
གལ་ཏེ་རང་ལ་སྒེར་གྱི་དཔལ་འབྱོར་སློབ་སྟོན་གྱི་འགྲོ་གྲོན་མེད་ཚེ། རིན་མེད་ཐོག་དཔལ་འབྱོར་སློབ་སྟོན་པར་འབྲེལ་བ་བྱས་ན་ཁོང་ཚོས་ཁྱེད་ལ་འཆར་གཞི་བཟོ་བར་རོགས་རམ་བྱེད་ཐུབ། ཁྱེད་རང་གིས་རྒྱལ་ཡོངས་དངུལ་བུན་རོགས་སྐྱོར་ཨང་གྲངས་ National Debt Helpline (༡༨༠༠ ༠༠༧ ༠༠༧) བརྒྱུད་ནས་ཁོང་ཚོ་འཚོལ་ཐུབ།
Australia Explained: Saving Money for Children
གལ་ཏེ་ཁྱེད་རང་ཚོང་ཁང་དུ་ཕྲུ་གུ་དང་མཉམ་དུ་ཡོད་ན། སྟབས་བདེ་བའི་སྦྱོང་བརྡར་ཞིག་ནི་ཁོང་ཚོར་དངོས་པོ་གཉིས་ཀྱི་རིན་གོང་བསྡུར་དུ་འཇུག་པ་དང་། མཉམ་དུ་འདེམས་སྒྲུག་བྱེད་པར་རོགས་རམ་བྱེད་རྒྱུ་དེ་རེད། Credit: པར་རིས་ཀྱི་ཡོང་ཁུངས། རུ་ཌི་སོར་ཌི།/གྷེ་ཊི་པར་རིས།

ཕྲུ་གུ་ཚོར་དངུལ་གྱི་སྐོར་སློབ་གསོ་སྤྲོད་རྒྱུ་གལ་ཆེན་པོ་ཡིན་དོན་ཅི།

ཨོ་སི་ཁྲུ་ལི་ཡའི་མི་གསུམ་གྱི་ནང་ནས་གཅིག་གིས་རང་གི་དངུལ་དོ་དམ་ཐད་སེམས་ཁྲལ་བྱེད་ཀྱི་ཡོད་པར་ཚོད་དཔག་བྱས་ཡོད།
མི་ཁ་ཤས་ལ་དངུལ་གྱི་སྐོར་གླེང་མོལ་ཙམ་ཡང་བྱེད་རྒྱུ་དེ་ཡང་བདེ་བོ་མེད།
ཁེ་རོ་ལིན་སི་ཊིའུ་ཝར་ཊི་ Caroline Stewart ནི་ཨེཀ་སི་ཊི་རའི་ Ecstra འགན་འཛིན་ཡིན་པ་དང་། དེ་ནི་ཨོ་སི་ཁྲུ་ལི་ཡའི་སློབ་གྲྭ་ཁག་ཏུ་དཔལ་འབྱོར་གྱི་ཤེས་བྱའི་སློབ་ཁྲིད་ལས་རིམ་སྤེལ་མཁན་གྱི་ཐེབས་རྩ་ཞིག་རེད།
ཁོ་མོས་ཕ་མ་ཚོས་རང་གི་ཕྲུ་གུ་ཚོར་སྔ་ཙམ་ནས་དངུལ་གྱི་སྐོར་ལ་གླེང་མོལ་བྱེད་དགོས་པར་བཤད་ཡོད།
“སྔོན་འགྲོའི་སློབ་གྲྭ་ནས་དངུལ་གྱི་སློབ་ཁྲིད་བྱེད་རྒྱུ་དེ་ཅུང་ཙམ་ཁྱད་མཚར་པོ་ཞིག་ཏུ་སྣང་སྲིད་ཀྱང་། ཕྲུ་གུ་ཚོས་དགོས་མཁོ་དང་། འདོད་པ། ཉོ་འདོད་པའི་དངོས་པོ་སོགས་ཀྱི་གོ་དོན་རྣམས་ལོ་ན་ཕྲ་མོ་ནས་རྟོགས་ཐུབ་ཀྱི་ཡོད།”
ཚོང་ཁང་དུ་འགྲོ་བ་ལྟ་བུའི་ཉིན་རེའི་བྱ་བཞག་དེ་དག་ནི་དངོས་སུ་རང་གི་ཕྲུ་གུ་ལ་དངུལ་གྱི་སློབ་ཁྲིད་བྱེད་རྒྱུའི་གོ་སྐབས་ཤིག་རེད།
ལྕམ་སི་ཊིའུ་ཝར་ཊི་ཡིས་མུ་མཐུད་གསུངས་དོན། “གལ་ཏེ་ཁྱེད་ཀྱིས་ཕྲུ་གུ་ཚོར་དངུལ་གྱི་སྐོར་ལ་གླེང་མོལ་བྱེད་རྒྱུ་དེ་དགོས་མཁོ་མེད་པ་ཞིག་མིན་པ་དང་དེའི་སྐོར་ཤེས་འདོད་ཀྱི་དོ་སྣང་བསྐྲུན་ཐུབ་ན། དེས་ཁོང་ཚོ་དངུལ་དང་འབྲེལ་བ་བྱེད་པ་དང་གླེང་མོལ་བྱེད་རྒྱུར་སྤོབས་པ་ཆེ་རུ་འགྲོ་བར་རོགས་རམ་བྱེད་ཀྱི་རེད།”

ཁྱེད་ཀྱིས་རང་གི་ཕྲུ་གུ་ལ་བདུན་རེའི་འགྲོ་སོང་ཉུང་ངུ་ཞིག་སྤྲད་ནས་དེ་དག་གི་ཆ་ཤས་ཤིག་ཁོང་ཚོས་འདོད་པའི་དངོས་པོ་ཞིག་ཉོ་ཆེད་གསོག་འཇོག་བྱེད་དུ་འཇུག་ཆོག དེས་ཁོང་ཚོར་དངུལ་གྱི་རིན་ཐང་དང་། གདམ་ཀ །དེ་བཞིན་བསྲིས་ནས་ཐོབ་པའི་སྤྲོ་སྣང་སོགས་ཀྱི་རིན་ཐང་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཀྱི་རེད།
Australia Explained: Saving Money for Children
ཁྱེད་ཀྱི་ཕྲུ་གུའི་ལོ་ཚད་དང་འཚམས་པའི་སྐད་ཆ་དང་དཔེ་མཚོན་བེད་སྤྱོད་ཀྱིས། དཔེར་ན། གཟིགས་སྐོར་ཞིག་གམ་སྐྱེ་སྐར་གྱི་དགའ་སྟོན་ཞིག་གི་ཆེད་དུ་དངུལ་གསོག་འཇོག་བྱེད་པ་ལྟ་བུའི་ཐོག་ནས་དངུལ་རྩིས་འཆར་འགོད་ཀྱི་ཤེས་བྱ་སྔ་ས་ནས་ངོ་སྤྲོད་བྱེད་ཐུབ་ཅེས་འབུམ་རམས་པ་ཛེ་ཀ་ལགས་ཀྱིས་གསུངས་ཡོད། Credit: པར་གྱི་ཡོང་ཁུངས། མ་སི་ཀོ་ཊོ།/གྷེ་ཊི་པར་རིས།

ཕྲུ་གུ་ཚོར་དངུལ་གསོག་འཇོག་དང་སྔོན་རྩིས་བྱེད་ཚུལ་སྐོར་སློབ་རྒྱུ་དེ་དུས་ནམ་ཞིག་ནས་འགོ་འཛུགས་དགོས་སམ།

སློབ་དཔོན་ཆེན་མོ་བྷོ་མི་ཀ་ཛི་ ཛེ་ཀ་ Bomikazi Zeka ལགས་ཀྱིས་བརྗོད་པ་ལྟར་ན། སློབ་ཕྲུག་ཚོའི་དཔལ་དབྱོར་ཤེས་བྱའི་ཁྲོད་དངུལ་གསོག་འཇོག་བྱེད་སྟངས་སྐོར་སློབ་ཁྲིད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ཁོང་ནི་ཁེན་བྷེ་ར་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དཔལ་འབྱོར་གྱི་ཤེས་བྱ་དང་དང་དཔལ་འབྱོར་འཆར་འགོད་ཀྱི་སློབ་དཔོན་གཞོན་པ་ཞིག་ཡིན།

དངུལ་གསོག་འཇོག་བྱེད་དགོས་པའི་རྒྱུ་མཚན་ནི་ཉག་ཕྲ་བའི་དུས་ཚོད་ཞིག་གི་ཆེད་དུ་ཡིན་པ་དང་། ཕྲུ་གུ་ཚོར་དེ་ག་རེ་ཡིན་མིན་སྐོར་ལ་གླེང་མོལ་བྱེད་པ་ནས་འགོ་འཛུགས་དགོས། ཁྱིམ་ཚང་གི་ངོས་ནས་གླེང་མོལ་དེ་དག་བྱས་པ་བརྒྱུད་ཕྲུ་གུ་ཚོར་དངུལ་རྩིས་འཆར་འགོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་བྱེད་ཐུབ་པ་དང་། དེ་ལྟར་བྱས་ན་ཕ་མ་གཉིས་ཀྱི་དངུལ་དེ་འཛད་རྒྱུ་མེད་པ་ཞིག་མིན་པ་མཐོང་ཐུབ།
མཐར་གཏུགས་ན་ཕྲུ་གུ་ཚོ་ཁྱིམ་ཚང་གི་དངུལ་རྩིས་འཆར་འགོད་ནང་མཉམ་ཞུགས་བྱེད་དུ་འཇུག་པ་དེས་ཁོང་ཚོར་དངུལ་རྩིས་ཀྱི་ཤེས་བྱའི་རྒྱུན་འཛིན་བྱེད་དུ་འཇུག་པ་དང་། དེ་བཞིན་དར་མའི་འཚོ་བ་སྐྱེལ་སྐབས་དངུལ་རྩིས་ཀྱི་ཐོག་ལ་ཚོད་འཛིན་བྱེད་ཐུབ་པའི་གྲ་སྒྲིག་བྱེད་ཀྱི་ཡོད།

འབུམ་རམས་པ་ཁོང་གིས་གླེང་མོལ་དེ་དག་སྔ་ས་ནས་བྱས་པ་ཡིན་ན་ཁོང་ཚོ་དངུལ་རྩིས་ཀྱི་ཐོག་ལ་གདེང་ཚོད་ཡོད་པའི་དར་མ་ཞིག་ཏུ་གྱུར་ནས་ཉེན་ཁ་དང་ཁེ་སྤོགས་བར་གྱི་ཚོང་འབྲེལ་གྱི་ཐག་གཅོད་ཡང་དག་པ་བྱེད་ཐུབ་ཀྱི་རེད།
ཁྱེད་ཀྱི་ཡོང་འབབ་དང་རྒྱབ་ལྗོངས་གང་ཡིན་ལ་མ་ལྟོས་པར་ཁྱིམ་ཚང་གཅིག་ཡིན་པའི་ཆ་ནས་དངུལ་དང་མ་འོངས་པའི་སྐོར་ལ་གླེང་མོལ་བྱེད་འགོ་འཛུགས་པ་དང་མཉམ་དུ་འཆར་འགོད་བྱེད་པ་དེ་སྔ་དྲགས་པ་དང་ཕྱི་དྲགས་པ་གང་ཡང་མེད།

དགོངས་སེལ་ཞུ་དོན། གོང་འཁོད་ནས་ཚུལ་འདི་ནི་སྤྱིར་བཏང་གི་འགྲེལ་བརྗོད་ཡིན་པས་དཔལ་འབྱོར་གྱི་ཐག་གཅོད་མ་བྱས་གོང་ཆེད་ལས་པའི་སློབ་སྟོན་ཞུ་དགོས། གལ་ཏེ་ཁྱེད་རང་དཔལ་འབྱོར་གྱི་དཀའ་ངལ་ནང་ལྷུང་ཡོད་ཚེ་རྒྱལ་ཡོངས་དངུལ་བུན་རོགས་སྐྱོར་ཨང་གྲངས་ ༡༨༠༠ ༠༠༧ ༠༠༧ ལ་ཁ་པར་གཏོང་དགོས།

ཆོག་མཆན་ཡོད་པའི་དངུལ་རྩིས་སློབ་སྟོན་པ་ཞིག་ལ་མ་གཏོགས་འབྲེལ་བ་མ་བྱེད། དེ་འདྲའི་སློབ་སྟོན་པ་ཞིག་ཁྱེད་རང་གིས་ མ་ནིའི་སེ་མར་ཊི་དཔལ་འབྱོར་སློབ་སྟོན་པའི་ཐོ་གཞུང་ནས་རྙེད་ཐུབ།


སྐད་ཡིག་གཞན་ནང་དངུལ་གྱི་ཤེས་བྱ་ཀློག་དགོས་ན་འདིར་ འདི་ནས་འཚོལ་ཐུབ། དྲ་ཐོག་ནས་རིན་མེད་ཐོག་སྔོན་རྩིས་འཆར་འགོད་པ་འཚོལ་དགོས་ན་སྟབས་བདའི་དངུལ་དོ་དམ་པ་ལ་གཟིགས་རོགས།

ཨོ་སི་ཁྲུ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་བསླབ་བྱ་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ་ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད་ཀྱི་རླུང་འཕྲིན་ལེ་ཚན་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service