Watch FIFA World Cup 2026™

LIVE, FREE and EXCLUSIVE

ང་ཚོས་སྤྱོད་པའི་མིང་ཚིག ༼ གྷོ་ཊི།༽ SBS Learn English

WWU_S2_EP1_GOAT.png

G.O.A.T ཞེས་པ་ནི་ལོ་རྒྱུས་ནང་གི་རླབས་ཆེ་ཤོས་(Greatest Of All Time)ཀྱི་ཚིག་བསྡུས་ཡིན།ོ འོན་ཀྱང་དེ་ལ་དོན་སྣ་ཚོགས་ཡོད།

ཚིག་སྦྱོར་གསར་པ་རེ་སྦྱངས་ནས་ཁྱེད་རང་གི་ཨིན་སྐད་ལ་རང་བཞིན་གྱི་རྣམ་པ་ཤུགས་ཆེ་བ་དང་། གཞན་གྱིས་ཐོས་སྐབས་སྤྲོ་སྣང་འཕེལ་བ་ཡོང་ཐབས་བྱོས། ༼ང་ཚོས་སྤྱོད་པའི་མིང་ཚིག༽་ཅེས་པ་ནི་སྐད་གཉིས་ཤན་སྦྱར་གྱི་ལེ་ཚན་ཞིག་སྟེ། དེས་ཁྱེད་ལ་ "གྷོ་ཊི" GOAT'ལྟ་བུའི་ཨིན་སྐད་ཀྱི་གཏམ་དཔེ་རྣམས་ལ་གོ་རྟོགས་སྤེལ་བར་ཕན་ཐོགས་ཡོང་ངེས་རེད།


Published

By Nick Pagano

Presented by Nick Pagano, Domnyershar Dadon

Source: SBS



Share this with family and friends


ཚིག་སྦྱོར་གསར་པ་རེ་སྦྱངས་ནས་ཁྱེད་རང་གི་ཨིན་སྐད་ལ་རང་བཞིན་གྱི་རྣམ་པ་ཤུགས་ཆེ་བ་དང་། གཞན་གྱིས་ཐོས་སྐབས་སྤྲོ་སྣང་འཕེལ་བ་ཡོང་ཐབས་བྱོས། ༼ང་ཚོས་སྤྱོད་པའི་མིང་ཚིག༽་ཅེས་པ་ནི་སྐད་གཉིས་ཤན་སྦྱར་གྱི་ལེ་ཚན་ཞིག་སྟེ། དེས་ཁྱེད་ལ་ "གྷོ་ཊི" GOAT'ལྟ་བུའི་ཨིན་སྐད་ཀྱི་གཏམ་དཔེ་རྣམས་ལ་གོ་རྟོགས་སྤེལ་བར་ཕན་ཐོགས་ཡོང་ངེས་རེད།


ཁྱེད་ཀྱིས་(GOAT) གྷོ་ཊི་ཞེས་པའི་མིང་ཚིག་འདི་སྔོན་ནས་གོ་མྱོང་ཡོད་སྲིད། ཚིག་དོན་ལྟར་ན་ར་མ་སྟེ། རྭ་ཅོ་དང་ཨ་ར་ཡོད་པའི་སྲོག་ཆགས་ཤིག་ཡིན། འོན་ཀྱང་དབྱིན་སྐད་ནང་ང་ཚོས་མི་ཞིག་གྷོ་ཊི་རེེད་ཅེས་བརྗོད་སྐབས། དེས་གང་ཟག་དེ་བྱ་བ་བྱེ་བྲག་པ་ཞིག་ལ་ལོ་རྒྱུས་ཐོག་རླབས་ཆེ་ཤོས་ཀྱི་སྐྱེ་བོ་ཞིག་རེད་ཟེར་བར་གོ།

ལེ་ཚན་འདིའི་ནང་ཁྱེད་རང་གིས་ཚིག་འདི་གནས་སྟངས་འདྲ་མིན་སྣ་ཚོགས་ནང་བེད་སྤྱོད་བྱེད་ཚུལ་ཤེས་ཐུབ།

ད་བར་བྱུང་བའི་རྩེད་འགྲན་པ་ཡག་ཤོས་ཀྱི་སྐོར་ལ་གླེང་སྐབས།

  • I can’t believe you think Ronaldo is better. Messi won the World Cup! He is clearly the GOAT of football.

ཁྱེད་ཀྱིས་ལས་དོན་ཧ་ཅང་ཡག་པོ་བྱེད་མཁན་གྱི་མི་ཞིག་ཚིག་དེ་བེད་སྤྱོད་བྱེད་ཆོག

  • My boss let me come in an hour late today - she's the GOAT.

མི་ཞིག་གིས་ཁྱེད་ལ་རོགས་རམ་བྱས་པར་བསྔགས་བརྗོད་བྱེད་དུས་ཚིག་འདི་བེད་སྤྱོད་བྱེད་ཆོག

  • Thanks for fixing my computer. You’re the GOAT.

སྐབས་རེ་ཁྱད་ཚིག་ལྟར་བེད་སྤྱོད་བྱས་ནས་ཅ་ལག་ཅིག་ཧ་ཅང་ཡག་པོ་དང་ངོ་མཚར་ཅན་ཡིན་པ་བརྗོད་རྒྱུར་བེད་སྤྱོད་བྱེད་ཆོག

  • This pizza is goated! We have to come back next week!

བརྙན་རྩེད་རྩེད་སྐབས་ཀྱང་ཚིག་འདི་བེད་སྤྱོད་ཆོག

  • This game is so goated.

༼ང་ཚོས་སྤྱོད་པའི་མིང་ཚིག༽ གི་མུ་སྦྲེལ་སྒྲ་སྒམ་ཚང་མ་གསན་པར་འདིར་གནོན་རོགས།


Credits 

Host: Nick Pagano

Written by: Nick Pagano

Graphic design: Dory Wang

Educational consultant: Professor Lynda Yates

Produced by: Dory Wang


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now