ཚིག་སྦྱོར་གསར་པ་རེ་སྦྱངས་ནས་ཁྱེད་རང་གི་ཨིན་སྐད་ལ་རང་བཞིན་གྱི་རྣམ་པ་ཤུགས་ཆེ་བ་དང་། གཞན་གྱིས་ཐོས་སྐབས་སྤྲོ་སྣང་འཕེལ་བ་ཡོང་ཐབས་བྱོས། ༼ང་ཚོས་སྤྱོད་པའི་མིང་ཚིག༽་ཅེས་པ་ནི་སྐད་གཉིས་ཤན་སྦྱར་གྱི་ལེ་ཚན་ཞིག་སྟེ། དེས་ཁྱེད་ལ་ "ཧེ་མར་ཌི་ Hammered!" ལྟ་བུའི་ཨིན་སྐད་ཀྱི་གཏམ་དཔེ་རྣམས་ལ་གོ་རྟོགས་འཕེལ་བར་ཕན་ཐོགས་ཡོང་ངེས་རེད།
ཁྱེད་ཀྱིས་ཨིན་སྐད་ནང་"ཧེ་མར་ཌི་"ཞེས་པའི་ཚིག་དེ་གོ་མྱོང་ཡོད་ངེས།
དེའི་ཚིག་དོན་ནི་དངོས་པོ་ཞིག་ལ་ཤུགས་ཆེན་པོས་ཐེངས་མང་པོར་རྡུང་བའི་དོན་ཡིན།
དུས་རབས་ ༡༩ པའི་ནང་མི་ཚོས་“ཧེ་མར་ཌི་”ཞེས་པ་དེ་བསམ་ཚུལ་ཤུགས་ཆེན་པོ་ཞིག་ཡང་དང་ཡང་དུ་བསྐྱར་ཟློས་བྱས་པ་ལ་རྒྱ་ཆེར་བེད་སྤྱོད་བྱེད་འགོ་བཙུགས་པ་རེད། དཔེར་ན།
- You can stop shouting - You’ve hammered your point home already!
རྐང་རྩེད་སྤོ་ལོའི་ནང་“ཧེ་མར་ཌི་”ཀྱི་དོན་ནི་གནས་ཚུལ་བཟང་པོ་མིན། དེས་ཕམ་ཉེས་ཧ་ཅང་ཆེན་པོ་བྱུང་བའི་དོན་ཡིན། རྩ་བ་བར་རྡུང་བྱེད་ཀྱིས་གཟེར་མ་ཞིག་ལ་ཡང་དང་ཡང་དུ་རྡུང་བ་དང་འདྲ་བར་གོ།
- Manchester City hammered Chelsea yesterday, scoring 6 goals in just the first half!
གལ་སྲིད་ཁྱེད་རང་རྩེད་འགྲན་ཞིག་ཕམ་ཚེ་འདི་ལྟར་བརྗོད་ཆོག།
- We got hammered today. Our worst loss of the season.
People sometimes use hammered to describe feeling very tired or exhausted:
- After training, I was absolutely hammered.
“ཧེ་མར་ཌི་”ཞེས་པ་དེ་ངལ་དུབ་བམ་ཐང་ཆད་པ་ལ་ཡང་གོ་ཆོག དཔེར་ན། སྦྱོང་བརྡར་ལས་རིམ་ཧ་ཅང་དཀའ་ངལ་ཅན་ཞིག་ཚར་རྗེས་སུ།
- We had to do fitness drills all night! I’m absolutely hammered!
ཡང་ན་འདི་ལྟར་བརྗོད་ཆོག
- I’ve been hammered with extra tasks all day.
དེ་མིན་ན།
- I feel absolutely hammered. I think I’ll go to bed early.
མི་ཞིག་ཆང་རག་གིས་ཧ་ཅང་བཟི་དུས་ང་ཚོས།
- That’s enough beer for you, you’re already hammered!
༼ང་ཚོས་སྤྱོད་པའི་མིང་ཚིག༽ གི་མུ་སྦྲེལ་སྒྲ་སྒམ་ཚང་མ་གསན་པར་འདིར་གནོན་རོགས།
Credits
Host: Nick Pagano
Written by: Nick Pagano
Graphic design: Dory Wang
Educational consultant: Professor Lynda Yates
Produced by: Dory Wang
Thanks also to the learners from SisterWorks in Springvale, Victoria.






