ཚིག་སྦྱོར་གསར་པ་རེ་སྦྱངས་ནས་ཁྱེད་རང་གི་ཨིན་སྐད་ལ་རང་བཞིན་གྱི་རྣམ་པ་ཤུགས་ཆེ་བ་དང་། གཞན་གྱིས་ཐོས་སྐབས་སྤྲོ་སྣང་འཕེལ་བ་ཡོང་ཐབས་བྱོས། ༼ང་ཚོས་སྤྱོད་པའི་མིང་ཚིག༽་ཅེས་པ་ནི་སྐད་གཉིས་ཤན་སྦྱར་གྱི་ལེ་ཚན་ཞིག་སྟེ། དེས་ཁྱེད་ལ་ "ཀིབ་ཡོར་ཨ་ཡི་སི་ཨོན་དྷ་བྷོལ་" Keep your eyes on the ball" ལྟ་བུའི་ཨིན་སྐད་ཀྱི་གཏམ་དཔེ་རྣམས་ལ་གོ་རྟོགས་སྤེལ་བར་ཕན་ཐོགས་ཡོང་ངེས་རེད།
ཁྱེད་ཀྱིས་ཨིན་སྐད་ནང་"ཀིབ་ཡོར་ཨ་ཡི་སི་ཨོན་དྷ་བྷོལ་"ཞེས་པའི་མིང་ཚིག་འདི་སྔོན་ནས་གོ་མྱོང་ཡོད་ངེས། ཚིག་དོན་ལྟར་ན་ཁྱེད་ཀྱིས་མིག་དེ་སྤོ་ལོའི་ཐོག་ལ་ཞོག་ཅེས་པའི་དོན་ཡིན།སྤོ་ལོ་རྩེད་སྐབས་རྩེད་མཁན་ཚོས་སྤོ་ལོ་ལས་དོ་སྣང་མ་ཤོར་བ་བྱེད་དགོས་པས་དེ་ལྟར་བརྗོད། གཞན་ཡང་ང་ཚོས་ཨིན་སྐད་ཐོག་"ཀིབ་ཡོར་ཨ་ཡི་སི་ཨོན་དྷ་བྷོལ་" ཞེས་བརྗོད་སྐབས་བྱ་བ་གལ་ཆེན་གང་རུང་ལ་དོ་སྣང་དང་གཟབ་གཟབ་བྱེད་དགོས་པའི་དོན་ལ་འཇུག།
ལེ་ཚན་འདིའི་ནང་ཁྱེད་རང་གིས་ཚིག་འདི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གནས་སྟངས་འདྲ་མིན་སྣ་ཚོགས་ནང་བེད་སྤྱོད་བྱེད་ཚུལ་ཤེས་ཐུབ།
རྩེད་འགྲན་སྐབས་རྩེད་མོ་རྩེད་མཁན་ཚོར་སེམས་རྩེ་གཅིག་ཏུ་གནས་ཕྱིར་དྲན་སྐུལ་བྱེད་སྐབས།
- Keep your eye on the ball: don’t let the other team score!
རྐང་རྩེད་སྤོ་ལོའི་དགེ་རྒན་ཚོས་རང་ཉིད་ཀྱི་རུ་ཁག་ལ་སྐུལ་མ་བྱེད་སྐབས།
- We can still win this game. Eyes on the ball and stay focused!
ཁྱེད་ཀྱིས་ནང་སྦྱོང་ལ་དོ་སྣང་མི་བྱེད་པའི་ཕྲུ་གུ་ཞིག་ལ།
- You’ve got to read the question carefully! Keep your eye on the ball!
ལས་ཁུངས་སུ་ལས་མི་ཞིག་ལ་གལ་ཆེའི་ལས་འགན་ཞིག་ལེགས་སྒྲུབ་ཡོང་རྒྱུར་སྐུལ་བར་འདི་ལྟར་བརྗོད་ཆོག།
- Keep your eye on the ball, you cannot mess up this report!
ཡང་སྐབས་རེ་མི་ཞིག་ལ་ཁྱེད་རང་བྱ་བ་ཞིག་ལ་དོ་སྣང་སྤྲོད་དགོས་ཀྱི་ཡོད་ཅེས་བརྗོད་སྐབས།
- Don’t distract me, I’m trying to keep my eye on the ball here.
༼ང་ཚོས་སྤྱོད་པའི་མིང་ཚིག༽ གི་མུ་སྦྲེལ་སྒྲ་སྒམ་ཚང་མ་གསན་པར་འདིར་གནོན་རོགས།
Credits
Host: Nick Pagano
Written by: Nick Pagano
Graphic design: Dory Wang
Educational consultant: Professor Lynda Yates
Produced by: Dory Wang






