ཚིག་སྦྱོར་གསར་པ་རེ་སྦྱངས་ནས་ཁྱེད་རང་གི་ཨིན་སྐད་ལ་རང་བཞིན་གྱི་རྣམ་པ་ཤུགས་ཆེ་བ་དང་། གཞན་གྱིས་ཐོས་སྐབས་སྤྲོ་སྣང་འཕེལ་བ་ཡོང་ཐབས་བྱོས། ༼ང་ཚོས་སྤྱོད་པའི་མིང་ཚིག༽་ཅེས་པ་ནི་སྐད་གཉིས་ཤན་སྦྱར་གྱི་ལེ་ཚན་ཞིག་སྟེ། དེས་ཁྱེད་ལ་ "མན་ཨོན་" Man on!" ལྟ་བུའི་ཨིན་སྐད་ཀྱི་གཏམ་དཔེ་རྣམས་ལ་གོ་རྟོགས་འཕེལ་བར་ཕན་ཐོགས་ཡོང་ངེས་རེད།
ཁྱེད་ཀྱིས་ཨིན་སྐད་ནང་"མན་ཨོན་"ཞེས་སྐད་ཤུགས་ཐོན་པོས་བརྗོད་པ་གོ་མྱོང་ཡོད་ངེས། རྐང་རྩེད་སྤོ་ལོ་རྩེད་སྐབས་རྩེད་མཁན་ཚོས་རང་གི་རོགས་པ་ལ་ཕྱོགས་གཞན་གྱི་རྩེད་མཁན་ཞིག་རྒྱུག་ནས་ཡོང་གི་ཡོད་པའི་ཉེན་བརྡ་གཏོང་ཕྱིར་ཚིག་དེ་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་རྒྱུན་གཏན་ང་ཚོས་ཨིན་སྐད་ཐོག་"མན་ཨོན་" ཞེས་བརྗོད་སྐབས་གཟབ་གཟབ་བྱོས། རྒྱབ་ལ་མི་འདུག་ཅེས་པར་ཡང་གོ་ཡི་ཡོད།
ལེ་ཚན་འདིའི་ནང་ཁྱེད་རང་གིས་ཚིག་འདི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གནས་སྟངས་འདྲ་མིན་སྣ་ཚོགས་ནང་བེད་སྤྱོད་བྱེད་ཚུལ་ཤེས་ཐུབ།
རྩེད་ཐང་ཐོག་ཁ་གཏད་པ་ཞིག་ཁྱེད་ཀྱི་ཕྱོགས་སུ་རྒྱུགས་ཡོང་བ་མ་མཐོང་ཚེ། རོགས་པ་ཞིག་གིས་ཉེན་བརྡ་གཏོང་ཆེད་འདི་ལྟར་སྐད་རྒྱག་སྲིད།
- Man on! Number 10 is right behind you!
སྐབས་རེ་རྩེད་མཁན་ཚོས་ཉེན་བརྡ་གསལ་པོ་ཐོས་པའི་ཆེད་དུ་ཐེངས་མང་པོར་འདི་ལྟར་སྐད་རྒྱག་གི་རེད།
- Man on! Man on! Man on!
གལ་ཆེ་བ་ཞིག་ལ་ཚིག་འདིའི་ནང་ལ་ ‘མན་’ ཞེས་བེད་སྤྱོད་བྱས་ཡོད་ཀྱང་ཕོ་མོ་གང་རུང་ཚང་མས་བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་དགོས།
- She shouted “Man on!” to warn her teammate during the match.
ཁྱེད་ཀྱིས་ས་གནས་གཞན་དག་ཏུ་ཡང་ཚིག་འདི་ཐོས་སྲིད། དཔེར་ན། བྲེལ་ཟིང་ཆེ་བའི་ཟ་ཁང་ཞིག་གི་ནང་དུ་ལས་བྱེད་པ་ཞིག་གིས།
- Man on, Jenny! Behind you! བརྗོད་སྲིད། དེའི་དོན་ནི་གཟབ་གཟབ་བྱོས། ཁྱེད་རང་གི་རྒྱབ་ཏུ་མི་འདུག་ཟེར་བ་ཡིན།
གལ་ཏེ་ཁྱེད་རང་ཆང་ཁང་ཞིག་གི་ནང་དུ་ཡོད་པ་དང་ཆང་འཐུང་མཁན་ཚོའི་ཅོག་ཙེ་ལ་ཆང་འཁྱེར་ནས་འགྲོ་བཞིན་ཡོད་ན་ཁྱེད་ཀྱིས་མདུན་གྱི་མི་ཚོར་འདི་ལྟར་བཤད་ཆོག
- Man on! Coming through!
༼ང་ཚོས་སྤྱོད་པའི་མིང་ཚིག༽ གི་མུ་སྦྲེལ་སྒྲ་སྒམ་ཚང་མ་གསན་པར་འདིར་གནོན་རོགས།
Credits
Host: Nick Pagano
Written by: Nick Pagano
Graphic design: Dory Wang
Educational consultant: Professor Lynda Yates
Produced by: Dory Wang






