ཐེངས་འདིར་གསུང་བཤད་གནང་མཁན་ནང་རྒྱལ་ས་ཁེན་སྦ་ར་ནས་ཨོ་གླིང་རྒྱལ་ཡོངས་གཙུག་ལག་སློབ་ཆེན་ནས་སྨན་སྦྱོར་རིག་པ་སྐོར་སློབ་ཐོན་འབུམ་རམ་མ་དྭགས་པོ་བསྟན་འཛིན་སྒྲོལ་མ་ལགས་དང་། སིཌ་ནི་གཙུག་ལག་སློབ་ཆེན་ནས་འཛུགས་སྐྲུན་འཆར་འགོད་ཆེད་ལས་སྐོར་སློབ་ཐོན་གཙུག་ལག་རབ་འབྱམས་པ་ཡེ་ཤེས་ལགས།
སིཌ་ནིང་ནས་ཨོ་གླིང་རྒྱལ་ཡོངས་གཙུག་ལག་སློབ་ཆེན་ནས་སྐྱེ་དངོས་རིག་པ་སྐོར་སློབ་ཐོན་གཙུག་ལག་རབ་འབྱམས་པ་བསྟན་འཛིན་ནོར་འཛིན་ལགས།
མེལ་བྷོན་ནས་ཝི་ཊོ་རི་ཡ་ཁྲིམས་ལུགས་སློབ་ཆེན་ནས་ཁྲིམས་ལུགས་རིག་པ་སྐོར་སློབ་ཐོན་ཉེ་བའི་གཙུག་ལག་རབ་འབྱམས་པ་མགོན་པོ་བཀྲ་ཤིས་ལགས།
སིཌ་ནི་གཙུག་ལག་སློབ་ཆེན་ནས་འགུལ་རིས་བཟོ་འགོད་དང་ཁྲོམ་རའི་སྐོར་གཙུག་ལག་རབ་འབྱམས་པ་བསྟན་འཛིན་རབ་གསལ་བཅས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་དང་། འཛུལ་ཞུགས་གནང་སྟངས། སློབ་ཡོན་ཞུ་སྟངས། སོ་སོའི་ཉམས་མྱོངས་བཅས་རིམ་པར་ངོ་སྤྲོད་དང་གསུང་བཤད་གནང་ཡོད་པ་རེད།