ཨོ་སི་ཊེ་ལི་ཡའི་ནང་སྤྱི་སྤྱོད་འགྲུལ་འཁོར་སྐོར་གྱི་གཞི་རྩའི་ཤེས་བྱ། Australia Explained

Smiling young woman waits for bus on busy street in Sydney, enjoying time outdoors with friends

ཨོ་སི་ཊེ་ལི་ཡའི་ནང་སྤྱི་སྤྱོད་འགྲུལ་འཁོར་དག་ལོ་ཚད་དང་། ནུས་པ། རིག་གཞུང་སོགས་རྒྱབ་ལྗོངས་མི་འདྲ་བ་ཚང་མས་བེད་སྤྱོད་བྱེད་ཀྱི་ཡོད། Credit: པར་ཁུངས། གྷི་ཊི་པར་རིས།

རྒྱལ་ཁབ་ཕལ་མོ་ཆེའི་འགྲོ་སྟངས་ལྟར་ཨོ་སི་ཊེ་ལི་ཡའི་ནང་སྤྱི་སྤྱོད་འགྲུལ་འཁོར་ནི་འགྲོ་བསྐྱོད་བྱེད་སའི་ཐབས་ལམ་གོང་ཁེ་ཤོས་དེ་ཡིན། དེའི་ནང་དུ་གློག་འཁོར་དང་། སྤྱི་སྤྱོད་རླངས་འཁོར། མེ་འཁོར། གྲུ་གཟིངས་སོགས་ཚུད་ཡོད། མངའ་སྡེ་དང་ས་ཁུལ་རེ་རེར་རང་ཉིད་ཀྱི་འགྲིམ་འགྲུལ་འགྲོ་ལུགས་རེ་ཡོད། འོན་ཀྱང་། ཨོ་སི་ཊེ་ལི་ཡའི་སྤྱི་སྤྱོད་འགྲུལ་འཁོར་གྱི་སྒྲོམ་གཞི་སྟབས་བདེ་ངང་སྤྱོད་རྒྱུར་དེའི་ལས་ཀ་བྱེད་སྟངས་དང་། ཞབས་ཞུའི་ཁྱབ་ཚད་རྣམས་ཤེས་རྟོགས་དགོས།


གཙོ་གནད།
  • མངའ་སྡེ་ཚང་མས་རང་ཉིད་ཀྱི་སྤྱི་སྤྱོད་འགྲུལ་འཁོར་གྱི་འགྲོ་ལུགས་གཉེར་གྱི་ཡོད་པར་བརྟེན་སྒྲིག་གཞི་དང་རིན་གོང་མི་འདྲ་བ་ཡོད།
  • གྲོང་ཁྱེར་ཆེ་ཁག་ཚང་མར་སྔོན་འཇལ་སྟབས་བདེའི་འགྲུལ་འཁོར་བྱང་བུའི་ཆ་རྐྱེན་ཡོད་པ་དང་། དངུལ་སྤྲོད་རྒྱུར་དངུལ་ཁང་གི་ལག་དེབ་ལ་རེག་ཐུག་མི་དགོས་པར་དྲྭ་ཐོག་ནས་ཐད་ཀར་སྤྲོད་རྒྱུ་སོགས་ཀྱི་གདམ་ཀ་ཡོད།
  • འགྲིམ་འགྲུལ་གྱི་འགྲོ་ལུགས་ཚང་མའི་ནང་དུ་ལས་བྱེད་པས་འཛིན་ཡིག་གི་མཐུན་མིན་དང་བདེ་འཇགས་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་མ་ཟད། དོ་དམ་བརྙན་འཕྲིན་ཀྱང་བེད་སྤྱོད་བྱེད་ཀྱི་ཡོད།

ཨོ་སི་ཊེ་ལི་ཡ་ཁྱོན་ཡོངས་ལ་སྤྱི་སྤྱོད་འགྲུལ་འཁོར་ཡོད་དམ།

ཨོ་སི་ཊེ་ལི་ཡར་མི་མང་ཆེ་བས་རླངས་འཁོར་བཏང་ནས་ལས་ཀར་འགྲོ་གི་ཡོད།

འདི་ནི་ཨོ་སི་ཊེ་ལི་ཡའི་རྩིས་ཐོ་ལས་ཁུངས་ཀྱིས་ ༡༩༧༦ ལོར་དྲི་བ་དེ་ཐོག་མར་བཏོན་པའི་རྗེས་པར་བའི་གྲངས་ཐོ་ཞིག་རེད།

སི་ཌི་ནི་མཐོ་སློབ་ཀྱི་འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་སྤྱོད་འགྲུལ་འཁོར་ཐད་ཀྱི་དགེ་རྒན་ཆེན་མོ་ཇོན་ནེལ་སོན་གྱིས་བརྗོད་དོན།

ཨོ་སི་ཊེ་ལི་ཡའི་རྒྱ་ཆེ་བའི་གྲོང་ཁྱེར་དང་དེ་དག་གི་བར་གྱི་རྒྱང་ཐག་ཤིན་ཏུ་རིང་པོ་ཡིན་པའི་རྒྱུ་མཚན་གྱིས་གྲོང་གསེབ་ཁུལ་དུ་སྤྱི་སྤྱོད་གླ་ཁོར་གྱི་ཆ་རྐྱེན་མཁོ་སྤྲོད་བྱེད་རྒྱུ་ཁག་པོ་ཡིན།

“ཐ་ན་སི་ཌི་ནི་ནས་ཕྱི་ལ་འགྲོ་སྐབས་ཀྱང་ཁང་པ་རྣམས་རྒྱ་ཆེར་འགྲམས་ཡོད་པ་མཐོང་ཐུབ།”

འོན་ཀྱང་མི་འབོར་མང་བའི་གྲོང་ཁྱེར་ཁུལ་དང་གྲོང་ཁྱེར་ཆེན་པོ་རྣམས་སུ་སྤྱི་པའི་སྐྱེལ་འདྲེན་ཞབས་ཞུ་ནི་མང་པོ་ཞིག་ལ་མཚོན་ན་མགྱོགས་པ་དང་། གོང་ཁེ་བ། ཐ་ན་མེད་དུ་མི་རུང་བ་ཞིག་ཀྱང་ཡིན།

GettyImages-90421860.jpg
སྒེར་འཁོར་བེད་སྤྱོད་བྱེད་པ་དང་བསྡུར་ན་སྣུམ་དང་ཉམས་གསོའི་འགྲོ་གྲོན་ཚུད་པའི་སྤྱི་པའི་སྐྱེལ་འདྲེན་ནི་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་ཆེན་པོ་རྣམས་སུ་འགྲིམ་འགྲུལ་བྱེད་པའི་ཐབས་ལམ་གོང་ཁེ་ཤོས་དེ་ཡིན། Credit: པར་ཁུངས། གྷི་ཊི་པར་རིས།

ཁྱེད་རང་སྡོད་སའི་གྲོང་ཁྱེར་ནང་གི་སྤྱི་སྤྱོད་འགྲུལ་འཁོར་གྱི་སྔོན་འཇལ་འགྲུལ་འཁོར་བྱང་བུ་དེ་གང་ཡིན་ནམ།

མངའ་སྡེ་དང་ས་ཁུལ་རེ་རེར་རང་ཉིད་ཀྱི་འགྲུལ་འཁོར་གྱི་འགྲོ་ལུངས་རེ་ཡོད་པ་དང་། གྲོང་ཁྱེར་ཆེན་པོ་དང་གྲོང་རྡལ་རྣམས་སུ་དངུལ་དམར་སྤྲོད་མི་དགོས་པར་འགྲུལ་གླ་སྤྲོད་ཐུབ་པའི་སྟབས་བདེའི་བྱང་བུ་བེད་སྤྱོད་བྱེད་ཀྱི་ཡོད།

གཤམ་དུ་མངའ་སྡེ་འམ་ས་ཁུལ་སོ་སོར་སྤྱོད་བཞིན་པའི་སྔོན་འཇལ་འགྲུལ་འཁོར་བྱང་བུ་ཇི་ཡིན་རྣམས་བཀོད་ཡོད།

སྟབས་བདེའི་འགྲུལ་འཁོར་བྱང་བུ་ཇི་ལྟར་བེད་སྤྱོད་བྱེད་དགོས་སམ།

དགེ་རྒན་ཆེན་མོ་ནེལ་སོན་ལགས་ཀྱིས་སྟབས་བདེའི་འགྲུལ་འཁོར་བྱང་བུ་ནི་སྤྱིར་བཏང་བེད་སྤྱོད་བྱེད་སླ་པོ་ཡིན།

འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་སྔོན་ཆད་བེད་སྤྱོད་བྱེད་མྱོང་མེད་ན། ཁྱེད་ཀྱིས་ཤེས་དགོས་པ་ནི།

"དེ་ནི་སྤྱིར་བཏང་དངུལ་ཁང་གི་བྱང་བུ་དང་ཆེ་ཆུང་འདྲ་བ་ཞིག་ཡིན་ལ། ཁྱེད་ཀྱིས་དེའི་ནང་དངུལ་གྲངས་གང་འདོད་པ་བླུག་ཆོག་པ་དང་། དེ་བེད་སྤྱོད་བྱས་ནས་སྤྱི་སྤྱོད་འགྲུལ་འཁོར་སྟེ། སྤྱི་སྤྱོད་རླངས་འཁོར་དང་། མེ་འཁོར། གློག་འཁོར། ཡང་ན་གྲུ་གཟིངས་སོགས་ཅི་རིགས་ནང་བསྐྱོད་ཆོག།"

དེ་བེད་སྤྱོད་བྱེད་སྟངས་སྐོར་ལ་བཤད་ན། གནས་སྐབས་ཕལ་མོ་ཆེར་བྱང་བུའི་ཐོག་གི་མིང་གིས་དེའི་བེད་སྤྱོད་གསལ་པོར་ཤེས་ཐུབ།

"འགྲུལ་འཁོར་བྱང་བུ་དེ་ཡར་འཛུལ་སྐབས་ཐུག་ཙམ་བྱེད་རྒྱུ་དང་མར་དོན་སྐབས་ཐུག་ཙམ་བྱེད་རྒྱུ་རེད། དེ་ཡང་སྐབས་རེ་རྒྱལ་སྒོ་འམ་འགག་སྒོ་ཞིག་ཡོད་པ་དེ་ལ་རང་ཉིད་ཀྱི་བྱང་བུ་ཐུག་ཙམ་བྱེད་དགོས་པ་དང་། ཡང་མིན་ན་དངུལ་སྤྲོད་རྒྱུའི་ཕྱིར་གློག་གི་ཀ་བ་དེ་འདྲ་ཡོད་པ་དེར་བྱང་བུ་རེག་ཙམ་བྱས་ཏེ་འགྲུལ་གླ་འཇལ་སྤྲོད་བྱེད་དགོས་ཀྱི་ཡོད" ཅེས་འགྲེལ་བཤད་གནང་ཡོད།

GettyImages-2186565614.jpg
འགྲུལ་འཁོར་བྱང་བུ་དང་དངུལ་ཁང་གི་བྱང་བུ་གཉིས་ཐ་དད་སུ་འཇོག་དགོས། དེ་ལྟར་མ་བྱས་ན་ལག་ཁྱེར་ཀློག་ཆས་ལ་རེག་དུས་འགྲུལ་གླ་གཉིས་ལྡབ་ཤོར་སྲིད་པ་རེད། Credit: པར་ཁུངས། གྷི་ཊི་པར་རིས།

སྟབས་བདེའི་འགྲུལ་འཁོར་བྱང་བུའི་རྒྱུན་གཏན་གྱི་ཁྱད་ཆོས་ཁག་གི་ནང་དུ་ན་གཞོན་དང་རྒན་རྒོན་ལ་འགྲུལ་གླའི་ཆག་ཡང་། གུང་སེང་དང་གཟའ་མཇུག་ཏུ་འགྲུལ་བཞུད་བྱེད་པར་དམིགས་བསལ་ཆག་ཡང་། དེ་བཞིན་ཉིན་གཅིག་དང་བདུན་གཅིག་གི་འགྲུལ་རིན་གྱི་ཚད་བབས་མཐོ་ཤོས་བརྒལ་བའི་གུན་གསབ་སོགས་ཚུད་ཡོད།

ཁྱེད་ཀྱིས་ཨོ་སི་ཊེ་ལི་ཡའི་ནང་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲུལ་བཞུད་བྱ་ཕྱིར་དངུལ་ཁང་གི་བྱང་བུ་བེད་སྤྱོད་བྱེད་ཆོག་གམ།

ཁྱེད་རང་འགྲུལ་བཞུད་བྱེད་སའི་ས་གནས་ལ་གཞིགས་ནས། ཁྱེད་ཀྱིས་ཤོག་དངུལ་སྤྲད་ནས་འཛིན་བྱང་ཉོ་ཐུབ་སྲིད་པ་རེད། དཔེར་ན། ནུབ་ཨོ་སི་ཊེ་ལི་ཡའི་ནང་དུ་ད་དུང་ཤོག་དངུལ་ཁས་ལེན་བྱེད་ཀྱི་ཡོད།

འོན་ཀྱང་། སྤྱི་སྤྱོད་འགྲུལ་འཁོར་ལ་དངུལ་ཁང་གི་བྱང་བུ་བེད་སྤྱོད་བྱེད་རྒྱུ་དེ་རྒྱལ་ཡོངས་སུ་ཇེ་མང་དུ་འགྲོ་བཞིན་ཡོད།

ནིའུ་སའོ་ཐ་ཝེལ་སིའི་འགྲུལ་འཁོར་སྤྱི་ཁྱབ་འབྲེལ་འཐུས་པ་ཧོ་ཝར་ཌི་ཁོ་ལིན་སི་ལགས་ཀྱིས་འགྲེལ་བཤད་གནང་དོན། "མངའ་སྡེ་དང་གྲོང་ཁྱེར་ཚང་མར་ད་དུང་དེ་འདྲའི་མཐུན་རྐྱེན་མེད་"

"འོན་ཀྱང་། ནིའུ་སའོ་ཐ་ཝེལ་སི་ལྟ་བུའི་ས་གནས་སུ། ད་ཆ་འགྲུལ་གླ་སྤྲོད་ལེན་གྱི་བརྒྱ་ཆ་དྲུག་བཅུ་ཙམ་དངུལ་ཁང་གི་བྱང་བུ་བརྒྱུད་ནས་བྱེད་ཀྱི་ཡོད།"

"མི་མང་པོ་ཞིག་གིས་དངུལ་ཁང་གི་བུན་བྱང་དང་འཐེན་བྱང་བེད་སྤྱོད་བྱེད་ཀྱི་ཡོད། མཚམས་རེ་ཁོང་ཚོས་ཆུ་ཚོད་དམ་ཁ་པར་བེད་སྤྱོད་བྱས་ནས་ཕྱི་ནང་དུ་འཛུལ་ཐོན་བྱེད་ཀྱི་ཡོད།"

འཛིན་བྱང་ཞིབ་བཤེར་བྱེད་མཁན་གྱིས་ལག་ཁྱེར་ཀློག་ཆས་སུ་ཁྱེད་ཀྱི་དངུལ་ཁང་བྱང་བུ་བཤེར་དུས། ཁོང་ཚོས་ཁྱེད་ཀྱི་འཇལ་སྤྲོད་གང་བྱས་པ་ཁོ་ན་ལས་གཞན་མཐོང་མི་ཐུབ་ཅེས་སྐུ་ཞབས་ཀོ་ལིན་སི་ལགས་ཀྱིས་མུ་མཐུད་ནས་གསུངས་ཡོད།

"དེར་བརྟེན། ཁྱེད་ཀྱི་དངུལ་ཁང་གི་བུན་བྱང་ངམ་འཐེན་བྱང་ཐོག་གི་ཁ་བྱང་ངམ་གནས་དོན་གཞན་དག་ལ་སེམས་ཁྲལ་བྱེད་དགོས་དོན་མེད།"

GettyImages-1360154406.jpg
སྤྱི་སྤྱོད་འགྲུལ་འཁོར་གྱི་ནག་ཉེས་ཁག་གི་ནང་དུ་འགྲུལ་འཁོར་བེད་སྤྱོད་བྱེད་སྐབས་ངོས་ལེན་བྱེད་ཐབས་མེད་པའི་སྤྱོད་ཚུལ་རྣམས་ཚུད་ཡོད། དཔེར་ན། རྐུབ་སྟེགས་ཐོག་རྐང་པ་འཇོག་པ་ལྟ་བུ། Credit: པར་ཁུངས། གྷི་ཊི་པར་རིས།

དབང་ཚད་ཡོད་པའི་ལས་བྱེད་པས་འགྲུལ་འཁོར་ས་ཚིགས་དང་འགྲུལ་བཞུད་སྐབས་གང་ལ་ཞིབ་བཤེར་བྱེད་ཆོག་གམ།

འགྲུལ་འཁོར་ནང་དང་ས་ཚིགས་ཁག་ཏུ་དོ་དམ་བརྙན་འཕྲིན་སྒྲིག་འཛུགས་བྱས་ཡོད་ཁར།དབང་ཆ་ཡོད་པའི་ལས་བྱེད་པས་འཛིན་བྱང་དང་བདེ་འཇགས་ཞིབ་བཤེར་བྱེད་ཀྱི་ཡོད།

ཤར་ལོ་ཊི་ཧེ་སི་ཡིས་མི་ཚོས་བདེ་འཇགས་དང་འབྲེལ་བའི་གནད་དོན་གྱི་ཕྱིར་སྤྱི་སྤྱོད་འགྲུལ་འཁོར་ལས་བྱེད་པའི་གམ་དུ་བཅར་རྒྱུར་གདེང་ཚོད་ཡོད་པ་དགོས་ཞེས་བརྗོད།

ཁོང་ནི་ནུབ་ཨོ་སི་ཊེ་ལི་ཡའི་སྤྱི་སྤྱོད་འགྲུལ་འཁོར་དོ་དམ་ལས་ཁུངས་ཀྱི་ཚོང་མགྲོན་ཐབས་ཇུས་དང་འབྲེལ་ལམ་འགན་འཛིན་གཙོ་བོ་ཡིན།

"ང་ཚོའི་བདེ་འཇགས་མི་སྣ་རྣམས་རོགས་རམ་བྱ་ཕྱིར་དུས་རྟག་ཏུ་ཡོད།

"དེས་ན་གལ་ཏེ་ཁྱེད་ཀྱིས་སྤྱི་ཚོགས་དང་མི་མཐུན་པའི་བྱ་སྤྱོད་མཐོང་བའམ། ཡང་ན་ཁྱེད་རང་ལ་མི་འོས་པའི་བྱ་སྤྱོད་ཀྱི་དཀའ་ངལ་འཕྲད་ན། བདེ་འཇགས་ལས་བྱེད་པར་སྐད་ཆ་བཤད་ན་འོས་འཚམ་ཡིན།" ཞེས་ཧེ་སི་ལགས་ཀྱིས་གསུངས།

སྤྱི་སྤྱོད་འགྲུལ་འཁོར་ནང་བཀག་སྡོམ་ཡོད་པའི་ཉེས་པ་འགའ་ཞིག།

སྤྱི་སྤྱོད་འགྲུལ་འཁོར་གྱི་ནག་ཉེས་ནང་འཛིན་བྱང་དང་སྤྱོད་ལམ་གྱི་ཉེས་གསོག་ཚུད་ཡོད་པ་དང་། གལ་ཏེ་ཁྱེད་རང་གིས་ནག་ཉེས་བསགས་ན་ཉེས་ཆད་ཕོག་སྲིད།

ཨོ་སི་ཊེ་ལི་ཡའི་ནང་ལག་བསྟར་བྱེད་བཞིན་པའི་ནག་ཉེས་ཀྱི་དཔེ་མཚོན་ཁག་ནི།

  • འཛིན་བྱང་འོས་འཚམ་མེད་པར་འགྲུལ་བཞུད་བྱེད་པའམ་།
  • ཁྱེད་ཀྱི་ཆག་ཡང་ཐོབ་ཐང་ར་སྤྲོད་མེད་པར་འགྲུལ་བཞུད་བྱེད་པ།
  • ཐ་མག་འཐེན་པ་དང་ཆང་རག་འཐུང་བ།
  • རྐང་པ་རྐུབ་སྟེགས་སྟེང་དུ་འཇོག་པ།

གལ་ཏེ་ཁྱེད་ལ་ཉེས་ཆད་ཕོག་ན་ཅི་ཞིག་འབྱུང་ངམ།

གལ་ཏེ་ཁྱེད་ལ་ཉེས་ཆད་བཏང་བ་དང་། ཁྱེད་ཀྱིས་རང་ལ་ནོར་འཁྲུལ་ཤོར་མེད་སྙམ་ན། ཁྲིམས་ལུགས་ཀྱི་རོགས་རམ་འཚོལ་བའམ་ཡང་ན་ཁྱེད་ཀྱི་སྤྱི་སྤྱོད་འགྲུལ་འཁོར་ལས་ཁུངས་བརྒྱུད་ནས་རྩོད་གླེང་བྱེད་ཆོག

"ཉེས་ཆད་ལ་བལྟ་རྟོགས་བྱེད་མཁན་གྱི་རུ་ཁག་ཅིག་ཡོད། ཁྱེད་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་དྲྭ་ཚིགས་སུ་ཕྱིན་ན་དེར་ཉེས་ཆད་རྩོད་གླེང་བྱེད་སྟངས་བསྟན་ཡོད།" ཅེས་ཧེ་སི་ལགས་ཀྱིས་འགྲེལ་བཤད་གནང་།

"ཉེས་ཆད་དེ་ཆ་སྒམ་ནང་བླུགས་ནས་བརྗེད་དུ་མ་འཇུག གང་ཡིན་ཟེར་ན་ཉེས་ཆད་དེ་དག་འཕར་སྲིད་པ་དང་། དེས་ཁྱེད་ཀྱི་ལེགས་སྤྱོད་ཀྱི་ཚད་དང་། རླངས་འཁོར་གཏོང་རྒྱུའི་ལག་ཁྱེར་ལེན་པའི་ནུས་པ། དེ་བཞིན་གལ་གནད་ཆེ་བའི་དོན་དག་གཞན་ལ་དོ་ཕོག་ཐེབས་སྲིད།"

ཨོ་སི་ཊེ་ལི་ཡའི་ནང་སྤྱི་སྤྱོད་འགྲུལ་འཁོར་བེད་སྤྱོད་བྱེད་པར་བཟང་སྤྱོད་ཅི་འདྲ་ཞིག་དགོས་སམ།

ཨོ་སི་ཊེ་ལི་ཡའི་ནང་སྤྱི་སྤྱོད་འགྲུལ་འཁོར་བེད་སྤྱོད་བྱེད་སྐབས་ཀྱི་སྤྱིར་བཏང་གི་སྒྲིག་གཞི་དང་རེ་བ་ཁག་ནི།

  • ཁ་ལོ་བར་དཀྲོག་རྐྱེན་མི་བཟོ་བ།
  • དགོས་མཁོ་ཡོད་པ་ཚོར་རྐུབ་སྟེགས་སྤྲོད་པ།
  • འགྲུལ་པ་བབས་རྗེས་གཞི་ནས་འཛུལ་བ།
  • ཁུག་མ་རྣམས་རྐུབ་སྟེགས་སྟེང་དུ་མི་འཇོག་པ།
  •  དྲི་ངན་ཡོད་པའི་ཟས་རིགས་མི་ཟ་བ།

ཨོ་སི་ཊེ་རེ་ལི་ཡ་ནང་དུ་སྤྱི་སྤྱོད་འགྲུལ་འཁོར་བེད་སྤྱོད་བྱེད་སྐབས་ཁ་ཁུ་སིམ་པོ་བྱེད་དགོས་སམ།

ཨོ་སི་ཊེ་ལི་ཡའི་རྒྱལ་ཡོངས་སུ་འགྲེམ་འགྲུལ་བརྒྱུད་ལམ་ཁག་གི་ནང་དུ་འགྲུལ་པ་ཚོས་གླེང་མོལ་དང་རོལ་དབྱངས་སྐད་ཤུགས་ཆུང་ངུ་བྱེད་པའི་རེ་བ་བྱེད་ཀྱི་ཡོད།

ཧེ་སི་ལགས་ཀྱིས་བརྗོད་དོན། "ཁོར་ཡུག་མཉམ་སྤྱོད་བྱེད་པ་དེས་སྐད་སྒྲ་མཉམ་སྤྱོད་བྱེད་པ་དང་གཅིག་པ་ཡིན།"

"བཟང་སྤྱོད་དེ་དག་གིས་སྤྱི་པའི་སྐྱེལ་འདྲེན་མ་ལག་ཁག་མི་ཚང་མར་ཕན་ཐོགས་ཡོང་གི་ཡོད།"

"བཟང་སྤྱོད་དེ་དག་གིས་སྤྱི་པའི་སྐྱེལ་འདྲེན་མ་ལག་ཁག་མི་ཚང་མར་ཕན་ཐོགས་ཡོང་གི་ཡོད།"

དེ་བཞིན་དུ་ཁྱེད་རང་ཁུ་སིམ་པོ་དགོས་པའི་ས་ཆ་ཞིག་ཏུ་ཡོད་མེད་རྟག་ཏུ་ཞིབ་བཤེར་བྱེད་དགོས་ཞེས། སི་ཌི་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ནེལ་སོན་གྱིས་ལམ་སྟོན་བྱས།

"དེའི་དོན་ནི་སྐད་ཤུགས་ཆེན་པོས་གླེང་མོལ་མི་བྱེད་པ་དང་ཁ་པར་གྱི་སྒྲ་འཕྲིན་མི་གཏོང་སོགས་ཡིན།

"ཁུ་སིམ་པོ་དགོས་པའི་འགྲུལ་འཁོར་གྱི་ཚན་པ་ཁག་ལ་བརྩི་བཀུར་ཆེན་པོ་བྱེད་ཁུལ་ཡིན་པས། མི་ཚོས་ཁྱེད་རང་ལ་ཁུ་སིམ་དགོས་པའི་ས་ཆར་ཡོད་པས་སྐད་ཆ་ཤོད་མཚམས་འཇོག་དགོས་པའི་རེ་བ་བྱེད་མི་སྲིད་པ་མིན།"

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་སྒྲ་བརྙན་ལེ་ཚན་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now

ཨོ་སི་ཊེ་ལི་ཡའི་ནང་སྤྱི་སྤྱོད་འགྲུལ་འཁོར་སྐོར་གྱི་གཞི་རྩའི་ཤེས་བྱ། Australia Explained | SBS Tibetan