ཨོ་སི་ཁྲུ་ལི་ཡར་རླངས་འཁོར་ནང་ཡུལ་སྐོར་བྱེད་པ་དང་ལམ་ལ་མ་ཐོན་གོང་ཤེས་དགོས་པའི་གནད་དོན་ཁག

Young Family Enjoying Outdoor Meal in Sunlit Minivan

རླངས་འཁོར་ནང་འགྲུལ་བཞུད་རིང་པོ་མ་བྱས་གོང་ཁྱེད་རང་གིས་གྲ་སྒྲིག་བྱེད་དགོས་པ་གང་ཡོད། Credit: པར་དབང་། ཨ་ཛེ་མ་ཨན་ཨེལ།/གྷེ་ཊི་པར་རིས།

ཨོ་སི་ཁྲུ་ལི་ཡ་ལ་རླངས་འཁོར་གྱི་འགྲུལ་བཞུད་བྱེད་པ་ལས་ལྷག་པའི་ཉམས་མྱོང་ཞིག་མེད། རྒྱ་ཆེ་བའི་ས་གཞི་དང་། གྲོང་གསེབ་ཀྱི་བག་ལེབ། དེ་བཞིན་སྔོན་དཔག་མེད་པར་འཕྲད་སྲིད་པའི་རི་དྭགས་བཅས་ཀྱིས་རླངས་འཁོར་གྱི་འགྲུལ་བཞུད་བྱེད་པ་ནི་རང་ཉིད་ཀྱི་འདོད་པའི་མགྱོགས་ཚད་ལྟར་རྒྱལ་ཁབ་ལ་ལྟ་སྐོར་བྱེད་པའི་ཐབས་ལམ་ཞིག་ཡིན། འོན་ཀྱང་། ཁྱེད་རང་ཕྱི་རྒྱལ་དུ་རླངས་འཁོར་བཏང་མྱོང་ཡོད་ནའང་། ལྷག་པར་དུ་ལམ་ཁ་མེད་པའི་ས་ཁུལ་སོགས་སུ་འགྲོ་སྐབས་ཨོ་སི་ཁྲུ་ལི་ཡ་ལ་དམིགས་བསལ་གྱི་དཀའ་ངལ་འགའ་ཞིག་ཡོད།


གཙོ་དོན།
  • ཨོ་སི་ཁྲུ་ལི་ཡ་ནི་རླངས་འཁོར་གྱི་འགྲུལ་བཞུད་བྱེད་རྒྱུར་བདེ་འཚམས་ཡོད་ཀྱང་། རྒྱང་ཐག་རིང་པོ་དང་། ལུང་ཁུག་གི་ས་ཁུལ། རི་དྭགས་བཅས་ལ་སྔོན་ཚུད་ནས་གྲ་སྒྲིག་བྱེད་རྒྱུ་གལ་ཆེན་པོ་ཡིན།
  • ཆུ་དང་། ཟས། སྨན་སྒམ། དེ་བཞིན་ས་ཁྲག་ལྟ་མཁོ་ཆས་རྣམས་འཁྱེར་བ་དང་། རི་དྭགས་ལ་དོ་སྣང་བྱེད་དགོས་པ་དང་། ལྷག་པར་དུ་ཀེང་གྷ་རུ་ལ་དོ་སྣང་བྱེད་དགོས།
  • གྲོང་གསེབ་ཀྱི་བག་ལེབ་ཁང་དང་། གྲོང་སྡེ་ཆུང་ཆུང་། དེ་བཞིན་རྒྱལ་ཁབ་ཀྱི་སྤྱི་གླིང་བཅས་སུ་ཚ་འབོག་རྒྱག་པ་དང་། ཨོ་སི་ཁྲུ་ལི་ཡའི་རང་བྱུང་མཛེས་སྡུག་དང་། སྣ་མང་ཅན་གྱི་རིག་གཞུང་ལ་ལ་རོལ་རྒྱུར་དུས་ཚོད་གཏོང་དགོས།
  • རླངས་འཁོར་གྱི་འགྲུལ་བཞུད་བྱེད་རྒྱུར་གྲགས་ཆེ་བའི་ས་ཁུལ་གྱི་རྒྱ་ལམ་ཁག་ནི། གྷི་རེ་ཌི་ཨོ་ཤན་རོ་ཌི། པེ་སི་ཧྤིག་ཁོ་སི་ཊི། ཊཱ་སི་མེ་ནི་ཡ་བཅས་དང་། དེ་བཞིན་ཉེན་ཁ་ཆེ་བའི་འགྲུལ་བཞུད་ལ་དགའ་མཁན་རྣམས་ལ་གྷིབ་རི་བ་རོ་ཌི་འམ་ཡང་ན་ཀེབ་ཡོག་ནས་ཀེན་སི་བར་གྱི་ལམ་ཡང་ཡོད།
ཁྱེད་རང་གང་དུ་རླངས་འཁོར་གྱི་འགྲུལ་བཞུད་བྱེད་དགོས་སམ།

ཨོ་སི་ཁྲུ་ལི་ཡ་ནི་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ཞིག་ཡིན་པས་སྐབས་རེ་ཡུལ་དེ་ལ་རྒྱུས་ལོན་བྱེད་ཐབས་ལེགས་ཤོས་ནི་རླངས་འཁོར་ནང་འགྲུལ་བཞུད་བྱས་ན་རྟོགས་རྒྱུ་དེ་ཡིན།

ཆར་ནགས་དང་། བྱེ་ཐང་། མཚོ་འགྲམ་གྱི་གྲོང་ཚོ། གླིང་ཕྲན་སོགས་མང་པོ་ཡོད་པས། ཨོ་སི་ཁྲུ་ལི་ཡའི་ས་བབ་དང་ས་ཁམས་ཀྱི་ཁྱད་ཆོས་སྣ་ཚོགས་ལ་ཚོར་བ་ཟབ་མོ་ཞིག་སྟེར་བ་མས་ཟད་ས་གནས་མི་མང་དང་འབྲེལ་བ་བྱེད་སྐབས་ཨོ་སི་ཁྲུ་ལི་ཡ་ཞེས་པ་དེ་གང་འདྲ་ཞིག་ཡིན་མིན་གྱི་གོ་བ་ཆེ་རུ་འགྲོ་གི་འདུག་ཅེས་འགྲུལ་བཞུད་རྩོམ་པ་པོ་ལཱ་ར་པི་ཀོ་ནེ་ཡིས་བརྗོད།

འོན་ཀྱང་རྒྱ་ཁྱོན་ཆེན་པོ་དེ་ཙམ་དང་། གནམ་གཤིས་ཚབས་ཆེན། ད་དུང་རི་དྭགས་བཅས་ཀྱི་དབང་གིས་སྔོན་ཚུད་ནས་འཆར་གཞི་འགོད་དགོས་པའི་དགོས་མཁོ་ཡོད།

ཁྱེད་རང་གང་དུ་རླངས་འཁོར་གྱི་འགྲུལ་བཞུད་བྱེད་དགོས་སམ།

རླངས་འཁོར་གྱི་འགྲུལ་བཞུད་བྱེད་མཁན་གསར་པ་ཚོར་པི་ཀོ་ནེས་བསམ་འཆར་འདི་འདྲ་ཞིག་བཏོན་འདུག། ཁོ་མོས་བརྗོད་དོན། “ཝིག་ཊོ་རི་ཡ་མངའ་སྡེའི་ནང་དུ་ཡོད་པའི་གྷི་རེ་ཊི་ཨོ་ཤན་རོ་ཌི་དེ་ནི་མཛེས་སྡུག་ལྡན་པའི་མཚོ་འགྲམ་ཞིག་ཡིན་པ་དང་། དེ་བཞིན་བྷི་རི་སི་བྷན་ནས་སི་ཌི་ནི་བར་དུ་འགྲོ་བའི་པེ་སི་ཧྤིག་ཁོ་སི་ཊི་ཡང་ཡོད། རླངས་འཁོར་ནང་མཚོ་འགྲམ་དེའི་ཐོག་བསྐྱོད་སྐབས་ལམ་བར་དུ་གྲོང་རྡལ་མང་པོ་ཡོད། ཊ་སི་མེ་ནི་ཡ་ནི་རླངས་འཁོར་གྱི་འགྲུལ་བཞུད་བྱེད་སའི་ས་ཆ་ཡག་པོ་ཞིག་ཡིན་ཏེ། དེ་ནི་ཧ་ཅང་ཆེན་པོ་མིན་པས་ཡུ་རོབ་ཀྱི་རྒྱལ་ཁབ་ཅིག་དང་འདྲ། ཁྱེད་རང་གིས་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་རླངས་འཁོར་བཏང་ནས་ཡུལ་ལྗོངས་མི་འདྲ་བ་མཐོང་ཐུབ།”
ཡང་ན་གལ་ཏེ་ཁྱེད་རང་ལ་ཉེན་ཁ་ཆེ་བའི་ཉམས་མྱོང་ལ་དགའ་མཁན་ཞིག་ཡིན་ན། བྱང་ཕྱོགས་ཀྱི་ཁུན་སི་ལན་ཌི་མངའ་སྡེའི་ཁེན་སི་ནས་ཁེབ་ཡོག་བར་གྱི་ལམ་བུ་དང་། ནུབ་ཕྱོགས་ཀྱི་ཨོ་སི་ཁྲུ་ལི་ཡའི་གྷིབ་གཙང་པོའི་ལམ་བུ། ཡང་ན་ཝིག་ཊོ་རི་ཡ་ནས་ནིའུ་སའོ་ཐི་ཝལ་སི་བར་དུ་ཁྱབ་པའི་མུ་རི་ལམ་བུ་སོགས་ཡོད།
རླངས་འཁོར་གྱི་འགྲུལ་བཞུད་ཐོག་བསམ་འཆར་མང་ཙམ་ཤེས་འདོད་ན། ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་སྤྲོ་འཆམ་དང་། ཡང་ན་ཁྱེད་རང་གི་མངའ་སྡེ་དང་ས་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་དྲ་ཚིགས་ལ་གཟིགས་དང་། དེ་དག་གི་ནང་དུ་རླངས་འཁོར་གྱི་འགྲུལ་བཞུད་བྱེད་པའི་ལམ་སྟོན་དང་འཆར་འགོད་ཀྱི་ལག་ཆ་ཞིབ་ཕྲ་མང་པོ་ཡོད།
ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བ་གསར་པར་གཞིས་ཆགས་པའི་སྐོར་གྱི་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་ཐོབ་ཕྱིར། ཨོ་སི་ཁུ་ལི་ཡ་འགྲེལ་བརྗོད་ལེ་ཚན་གྱི་སྒྲ་སྒམ་གྱི་རྗེས་སུ་འཇུག་པའམ་ཚོགས་ཞུགས་བྱོས།

ཁྱོད་ལ་དོགས་འདྲི་དང་བརྗོད་གཞི་གཞན་ཅི་ཞིག་ཡོད་ཚེ་ང་ཚོར་གཤམ་གྱི་དྲྭ་བྱང་ཐོག་གློག་འཕྲིན་བསྐུར་གནང་ཡོད་པ་ཞུ། australiaexplained@sbs.com.au

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
ཨོ་སི་ཁྲུ་ལི་ཡར་རླངས་འཁོར་ནང་ཡུལ་སྐོར་བྱེད་པ་དང་ལམ་ལ་མ་ཐོན་གོང་ཤེས་དགོས་པའི་གནད་དོན་ཁག | SBS Tibetan