SBS ཡི་སྐད་ཡིག་སྣ་ཚོགས་ཀྱི་ཞབས་ཞུ་ཁག་བསྐྱར་ཞིབ།

SBS Language Services

Source: SBS

SBS ཡི་སྐད་ཡིག་སྣ་ཚོགས་ཀྱི་ཞབས་ཞུ་ཁག་བསྐྱར་ཞིབ་དང་བསྐྱར་ཞིབ་ཀྱི་གྲུབ་དོན་དེའི་ཐོག་ནས་ SBS གསར་འཛུགས་གནང་ནས་ལོ་ ༥༠ འཁོར་བའི་དུས་དྲན་བསུ་རྒྱུ་དང་། བསྐྱར་ཞིབ་དེ་གཙོ་བོར་འདི་ལོའི་མི་འབོར་ཞིབ་བཤེར་ལ་གཞིར་བཅོལ་ནས་མ་འོངས་ལོ་ ༥ ཡི་རིང་སྐད་ཡིག་གི་ལེ་ཚན་ཁག་ཡར་རྒྱས་གོང་འཕེལ་གཏོང་ཆེད་ཡིན་པ་རེད།


ཕྱི་ལོ་ ༡༩༧༥ SBS ཐོག་མར་བཙུགས་སྐབས་སྐབས་དེར་སྐད་ཡིག་མ་འདྲ་བ་ ༨ ལས་མེད་པ་དང་། སྐབས་དེར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་ SBS ཡི་སྒྲ་ལྡན་གསར་འགྱུར་དང་སྐད་ཡིག་སྡེ་ཚན་གྱི་འགན་འཛིན་David Hua ལགས་ཀྱིས་རང་གི་སྐད་ཡིག་ཐོག་ནས་གསར་འགྱུར་གོ་དུས་དགའ་ནས་གཞས་འཁྲབ་མཁན་བྱུང་ཡོད་སྐོར་གསུངས་དོན་ཁོང་གིས་ཐོ་ཁེ་མི་རིགས་དོལ་སྐྱེལ་རླངས་འཁོར་གཏོང་མཁན་ཞིག་གིས་ SBS ཡི་རླུང་འཕྲིན་ནང་ཁོ་ཚོའི་སྐད་ཡིག་ཐོག་ནས་གསར་འགྱུར་ཐོག་མར་གོ་དུས་དགའ་དྲག་ནས་དོལ་སྐྱེལ་རླངས་འཁོར་ནས་མར་བབས་ནས་ཁྲོམ་གྱི་དཀྱིལ་ལ་གཞས་འཁྲབ་པའི་གནས་ཚུལ་བྱུང་ཡོད་པ་རེད་ཅེས་གསུངས་འདུག


SBS ཡིས་ད་བར་འདས་པའི་ལོ་ ༤༦ རིང་ལ་གདིང་ཆ་འདྲ་མིན་ཐོག་སྐད་ཡིག་ ༦༠ ལྷག་ཙམ་ནང་གསར་འགྱུར་རྒྱང་སྲིང་ཞུས་ཡོད་པ་དང་། དེ་ནི་སྐད་ཡིག་སྣ་ཚོགས་དང་རིག་གཞུང་སྣ་ཚོགས་ལ་གཞིར་བཞག་ནས་མི་མང་གི་མངོན་འདོད་སྒྲུབ་བཞིན་ཡོད།

ཨོ་སི་ཊོ་ལི་ཡའི་རྣམ་གྲངས་རིག་པའི་ཐོག་ནས་ལོ་ལྔ་རེའི་མཚམས་སུ་མི་འབོར་བསྐྱར་ཞིབ་དང་བསྟུན་ནས་ SBS ཡི་ལོ་ལྔ་རེའི་མཚམས་སུ་སྐད་ཡིག་གི་ཞབས་ཞུ་ཁག་བསྐྱར་ཞིབ་རེ་བྱེད་བཞིན་ཡོད་པ་རེད།

Dvid Hua  ལགས་ཀྱིས་འདི་ལོའི་རྒྱལ་ཡོངས་སུ་སྐྱར་ཞིབ་གྲུབ་དོན་དེ་ལོ་རྗེས་མའི་ཕྱི་ཟླ་ ༦ པའི་ནང་ལག་བསྟར་བྱ་རྒྱུ་ཡིན་སྐོར་གསུངས་འདུག

David ཡིས་བསྐྱར་ཞིབ་དེའི་ཐོག་ནས་སྐད་ཡིག་གང་ཞིག་སྤྱི་ཚོགས་དེ་ལ་དགོས་མཁོ་ཆེ་བ་ཡོད་མེད་དང་།  མི་མང་གི་མཉམ་ཞུགས་ག་ཚོད་ཡོད་མེད་ཤེས་རྟོགས་ཐུབ་རྒྱུ་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་གསུངས་འདུག


David ཡིས་དུས་ཡུན་བདུན་ཕྲག་ ༦ རིང་མི་མང་གི་བསམ་འཆར་བསྡུ་ལེན་བྱེད་ས་ཞིག་སྒོ་ཕྱེས་ཡོད་པ་དང་།  བསམ་ཚུལ་བསྡུ་ལེན་དེའི་ཐོག་ནས་ SBS ཡི་སྐད་ཞིག་ཞབས་ཞུ་ཁག་ཡར་རྒྱས་གཏོང་ཕྱོགས་ཐད་ལག་བསྟར་གནང་འཆར་ཡོད་འདུག

ཁོང་གིས་“ང་ཚོས་མི་མང་གི་བསམ་འཆར་བསྡུ་ལེན་བྱེད་སའི་དྲ་ཚིགས་ཤིག་སྒོ་ཕྱེས་ཡོད་པ་དང་།དེའི་ཐོག་ནས་རླུང་འཕྲིན་ཉན་མཁན་དང་།དྲ་ཐོག་ Podcast ནས་སྒྲ་ལྡན་གསར་འགྱུར་ཉན་མཁན།གཞན་ཡང་གློག་ཆས་སྣ་ཚོགས་ཀྱི་ཐོག་ནས་གསར་འགྱུར་ཉན་མཁན་གྱི་མི་མང་རྣམས་ལ་ SBS ཡི་རིག་གཞུང་སྣ་ཚོགས་དང་སྐད་ཡིག་སྣ་ཚོགས་ཀྱི་ཞབས་ཞུ་ལས་ཡར་རྒྱས་གཏོང་ཕྱོགས་བསམ་ཚུར་བསྡུ་ལེན་བྱེད་བཞིན་ཡོད་”ཅེས་གསུངས་འདུག

མོ་ཧ་མོ་དེ་ཨལ་ཁ་པཱ་ཇི་ལགས་ནི་ཨོ་སི་ཊོ་ལི་ཡའི་མི་རིགས་བྱེ་བྲག་པའི་མཉམ་འབྲེལ་བདེ་དོན་ལྷན་ཁང་གི་རྒྱུན་ལས་ཤིག་རེད།

ཁོང་གིས་“SBS ནི་ཨོ་སི་ཊོ་ལི་ཡའི་ནང་གསར་དུ་འབྱོར་མཁན་དང་།སྐྱབས་བཅོལ་བའི་སྤྱི་ཚོགས་ལ་མཚན་ན་ཧ་ཅང་གལ་ཆེན་པོ་རེད་འདུགསྐད་ཡིག་གཞན་ཁག་མེད་པ་མ་བཟོ་བར་སྐད་ཡིག་གཞན་དག་དེ་ལས་མང་བ་ཁ་སྣོན་རྒྱག་རྒྱུའི་རེ་བ་ཡོད།སི་ཊོ་ལི་ཡའི་ནང་རིག་གཞུང་སྣ་ཚོགས་ཅན་ཇེ་མང་དུ་འགྲོ་བཞིན་ཡོད་པས་གཞུང་གིས་མ་དངུལ་གཏོང་ནས་ SBS ཡིས་སྐད་ཡིག་སྔ་ལས་མང་བ་་སྣོན་ཐུབ་པའི་ང་ཚོས་རེ་བ་རྒྱག་གི་ཡོད་”ཅེས་གསུངས་འདུག

David Hua ལགས་ཀྱིས་སྐད་ཡིག་སྐོར་མི་འབོར་མང་ཉུང་གི་གནད་དོན་ཞིག་ཆགས་ཀྱི་མེད་སྐོར་གསུངས་དོན།

“ཨོ་སི་ཊོ་ལི་ཡའི་ནང་སྐད་ཡིག་ཁག་ཅིག་ཤོད་མཁན་མི་གྲངས་སྟོང་ཕྲག་ཁ་ཤས་ལས་མེད་ཀྱང་ SBS ཡིས་གསར་འགྱུར་ཞབས་ཞུ་ཡོད་པ་དེ་ནི་ང་རང་སྤོབས་པ་སྐྱེ་བཞིན་ཡོད།དེ་ནི་སྤྱི་ཚོགས་ཤིག་ལ་མཚོན་ན་ཧ་ཅང་དགོས་ངེས་ཤིག་ཆགས་ཡོད་པ་རེད་”ཅེས་གསུངས་འདུག

༢༠༡༨ ལོར་བསྐྱར་ཞིབ་མཐའ་མའི་སྐབས་སུ་ SBS ཡིས་བོད་སྐད་དང་།  སོག་སྐད། ཀོ་རོན་ཌེད། ཀོ་རེ་ཡན། རོ་ཧན་ཇ། ཏེ་ལུ་གྷུ། གཞན་ཡང་འབར་མའི་ནུབ་ཕྱོགས་མངའ་སྡེ་ Karchen ནང་སྤྱོད་བཞིན་པའི་སྐད་ཡིག Hakha Chin བཅས་སྐད་ཡིག་གསར་པ་བདུན་ཁ་སྣོན་བྱས་ཡོད་པ་རེད།

ཡང་ SBS ཡི་སྐད་ཡིག་ལེ་ཚན་གྱི་འགན་འཛིན་ Davide སི་ཁེ་པཱ་ཕེ་ཊར་ལགས་ཀྱིས་སྐད་ཡིག་གི་ཞབས་ཞུ་ཁག་མུ་མཐུད་འགྱུར་ལྡོག་འགྲོ་བཞིན་ཡོད་སྐོར་གསུངས་དོན་་་་་་་་་་་་་

ཁོང་གིས་“མི་འབོར་ཞིབ་བཤེར་ལ་བལྟས་ན་ཨོ་སི་ཊོ་ལི་ཡའི་ནང་སྐད་ཡིག་དང་རིག་གཞུང་སྣ་ཚོགས་ཀྱི་ཚོགས་སྡེ་འཕེལ་རྒྱས་འགྲོ་བཞིན་པ་དང་བསྟུན་ནས་ང་ཚོའི་སྐད་ཡིག་ཞབས་ཞུ་ཁག་ཀྱང་ཡར་རྒྱས་གཏོང་ཆེད་མུ་མཐུད་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད་”ཅེས་གསུངས་འདུག

ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་དེ་ཡང་མ་འོངས་པའི་ལས་དོན་གལ་ཆེན་ཞིག་ཆགས་ཡོད་པ་རེད།

འདི་ལོའི་མི་འབོར་ཞིབ་བཤེར་ལྟར་ན་ས་མཚམས་སྒོ་བརྒྱབ་པའི་རྐྱེན་གྱིས་གཞིས་སྤོ་བ་མང་པོ་ཡོང་ཐུབ་ཀྱི་མེད་པའི་རྐྱེན་གྱིས་དེས་ SBS ཡི་སྐད་ཡིག་ཞབས་ཞུ་ཁག་ལ་གདོང་ལེན་འཕར་མ་ཆགས་ཡོད་པ་རེད།

SBS ཡི་སྐད་ཡིག་ཞབས་ཞུ་སྐོར་དྲ་ཚིགས་ sbs.com.au/consultation ཐོག་ཕྱི་ཟླ་ ༡༠ ཚེས་ ༥ ཉིན་འགོ་འཛུགས་ཀྱིས་ཕྱི་ཟླ་ ༡༡ པའི་ཚེས་ ༡༢ བར་མི་མང་གི་བསམ་འཆར་བསྡུ་ལེན་གནང་བཞིན་ཡོད་པ་རེད།


Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service