གཙོ་གནད་ཁག།
- • ཁྱིམ་ཚང་གི་ཚོང་ལས་བདག་པོ་མང་ཆེ་བ་ཚོང་པ་རྐྱང་པ་ཐོ་འགོད་བྱེད་ཀྱི་ཡོད་ཀྱང་། བཟོ་ལས་ཁང་གི་རྣམ་པ་ཞིག་ཡིན་པས་འགྲོ་གྲོན་ཆེ་བ་ཡོད་སྲིད་ཀྱང་། ཉེན་ཁ་ཆེ་བའི་ཚོང་ལས་ལ་འཚམ་པོ་ཡོད་སྲིད།
- • ཁྱེད་རང་གི་ས་གནས་འཛིན་སྐྱོང་ལྷན་ཁང་ལ་ཆོག་མཆན་ཞུ་དགོས་མིན་འདྲི་དགོས། གལ་ཏེ་ཁང་པ་གླས་ནས་ཡོད་ཚེ་ཐོག་མར་ཁང་བདག་ལ་ངེས་པར་དུ་འདྲི་དགོས།
- • ཕྲུ་གུ་དང་ཟ་ཆས་ལ་འབྲེལ་བའི་ཚོང་ལས་གང་རུང་ལ་ཆོག་མཆན་གྱི་དགོས་མཁོ་འཕར་མ་དང་བདེ་འཇགས་ཀྱི་སྒྲིག་གཞི་དམ་པོས་བཅིངས་ཡོད།
ཁྱིམ་ནས་ཚོང་ལས་གཉེར་དུས་རང་དབང་དང་སྤྱི་ཡོངས་ཀྱི་འགྲོ་གྲོན་ཉུང་བ་སོགས་ཀྱི་ཁེ་ཕན་མང་པོ་ཡོད།
གང་ལྟར་ཁྱེད་རང་ཁྱིམ་ནས་ལས་ཀ་བྱེད་ཀྱི་ཡོད་ཡོད་པ་དང་། ཚོང་ཁང་གི་མདུན་ཕྱོགས་ནས་ཡིན་ནའང་འདྲ། ཡང་ན་ས་ཆ་གཞན་ཞིག་ནས་ལས་ཀ་བྱེད་ཀྱི་ཡོད་ནའང་འདྲ། ཚོང་ལས་ཚང་མར་རེ་ཞིག་ཡོངས་གྲགས་སམ་ཡང་ན་དོ་དག་ཚོང་ལས་དང་འབྲེལ་བའི་སྒྲིག་གཞི་ཡོད་པ་ཁག་ལ་བསྟུན་དགོས་ཀྱི་ཡོད།
ཁྱེད་རང་གིས་ཁྱིམ་གྱི་ཆ་ཤས་ཤིག་ཚོང་ཁོ་ནའི་ཕྱིར་བེད་སྤྱོད་བྱེད་ཀྱི་ཡོད་ན་དེ་ཁྱིམ་ཚང་ལ་གཞི་བཅོལ་བའི་ཚོང་ལས་ཤིག་ཡིན་ཞེས་ཨོ་སི་ཁྲུ་ལི་ཡའི་ཁྲལ་དོན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཨེན་ཇེ་ལ་ཨེ་ལན་གྱིས་འགྲེལ་བརྗོད་གནང་།
ཁོང་གིས་ "ཁྱེད་རང་གི་ཁྱིམ་དུ་སྐྲ་བཟོ་ཁང་ཞིག་གཉེར་གྱི་ཡོད་ན་དེ་ནི་ཁྱིམ་དུ་ཚོང་ལས་བྱེད་པའི་དཔེ་ཡག་ཤོས་ཤིག་རེད།" ཅེས་གསུངས།
གལ་ཏེ་ཁྱེད་ཀྱི་ཚོང་ལས་དེ་ཁྲལ་ཕོག་ཚོང་ལས་ལ་རྩིས་རྒྱག་དགོས་མིན་ཤེས་ཀྱི་མེད་ན། ཁྱེད་ཀྱིས་ཁྲལ་དོན་ལས་ཁུངས་ཀྱི་ ATO དྲ་ཚིགས་ ཁྲལ་དོན་ལས་ཁངས་ཀྱི་དྲྭ་ཚིགས། ལ་བལྟས་ན་ཤེས་ཐུབ།
དཔྱ་ཁྲལ་དང་ཐོ་འགོད་འགན་འཁྲི།
ཁྱེད་རང་གི་བཟོ་ལས་གང་གཉེར་རུང་ཚོང་ལས་དེར་ཁྲལ་འབབ་དང་ཐོ་འགོད་ཀྱི་འགན་འཁྲི་ངེས་པར་དུ་ཡོད།
ཁྱིམ་གཉེར་གྱི་ཚོང་ལས་ཡིན་མིན་ལ་མ་བལྟོས་པར་ཁྲལ་ཡིག་ཨང་གྲངས་(TFN)དང་ཨོ་སི་ཁྲུ་ལི་ཡའི་ཚོང་ལས་ཨང་གྲངས་(ABN)དགོས། གཉིས་ཀ་རིན་མེད་ངང་དྲྭ་ཐོག་ནས་ཞུ་ཐུབ།
ཁྱེད་རང་གིས་ཡོངས་བབས་ཇི་ཙམ་བྱུང་བ་དང་། ཚོང་གི་གཞི་རྒྱ་ཆེ་ཆུང་། གླ་མི་ཡོད་མེད་སོགས་ལ་གཞིགས་ནས་ཨོ་སི་ཁྲུ་ལི་ཡ་ཁྲལ་སྒྲིག་གི་ཆ་ཤས་དང་གཞན་ཟོག་དངོས་དང་ཞབས་ཞུའི་ཁྲལ།(GST) ཡོངས་སྒོ་གསང་ཉར་(PAYG) གྱི་ཁྲལ། ཁེ་ཕན་འཕར་མའི་ཁྲལ་ (FBT) སོགས་ལའང་ཐོ་འགོད་བྱེད་དགོས།” ཞེས་ལྕམ་ཨེ་ལན་གྱིས་གསུངས་སོང་།

ཁྱིམ་ནས་བགྲོད་ལམ་མཉམ་སྤྱོད་དང་གླ་འཁོར་གྱི་ཚོང་ལས་ཚང་མར་ GST ཕོག་གི་ཡོད། པར་ལེན་པ། གྷ་སུན། གྷེ་ཊི་པར་རིས། Credit: པར་ལེན་པ། གྷ་སུན། གྷེ་ཊི་པར་རིས།
ཨེ་ལེགས་སོ་ལོ་(Alex Solo)ནི་དྲ་ཐོག་ཁྲིམས་ལུགས་ཞབས་ཞུ་སྤྲོད་མཁན་ Sprintlaw ཞེས་པའི་གཞི་འཛུགས་མཉམ་འབྲེལ་པ་ཡིན། ཁོང་གིས་མི་སྒེར་གྱིས་ཁྱིམ་དུ་ཚོང་ལས་བཙུགས་པའི་སྒྲིག་བཀོད་ཁྱབ་ཆེ་ཤོས་དེ་སྒེར་ཚོང་ངམ་གང་ཟག་རྐྱང་པའི་ཚོང་ལས་ཞེས་ཀྱང་འབོད་པ་དེ་རེད་ཅེས་གསུངས་འདུག།
དེ་ནི་ཨོ་སི་ཁྲུ་ལི་ཡའི་ནང་མི་གཅིག་གི་ཚོང་ལས་ལ་འགྲོ་གྲོན་ཉུང་ཤོས་དང་མགྱོགས་ཤོས་ཀྱི་གདམ་ག་ཡིན། ཁྱོད་ཀྱིས་དེ་དག་དྲྭ་ཐོག་ནས་སྒྲུབ་ཐུབ། གཞན་བཟོ་གྲྭ་གཅིག་ལ་མཚོན་ན། ཐོག་མ་འགོ་འཛུགས་རྒྱུ་ཁོ་ནར་ཉུང་མཐར་ཨོ་སྒོར་ ༦༠༠ དགོས་པ་དང་དེ་བསྟུན་གྱི་ཁྲལ་དང་རིན་པ་དུ་མ་མཇལ་དགོས་ཀྱི་ཡོད། འོན་ཀྱང་དེའི་ཁེ་ཕན་ཆེ་ཤོས་ནི་ཉེན་ཁ་ལས་སྲུང་སྐྱོབ་ཡིན། དེ་ཡང་། གལ་ཏེ་ཚོང་ལས་ནང་ལ་གནས་སྟངས་འཛོལ་བ་དེ་འདྲ་བྱུང་ན། དོན་དངོས་སུ་ཁྱེད་རང་གི་སྒེར་གྱི་མི་ཚེ་དང་། ཁྱེད་རང་གི་ཁྱིམ་གྱི་རྒྱུ་ནོར་བཅས་དང་ཐ་དད་ཡིན། དེ་ཚོ་ཚང་མ་བཟོ་གྲྭ་ཁོ་ན་དང་འབྲེལ་ནས་ཡོད།
ཁྱིམ་ཚང་གི་ཚོང་ལས་ལ་ཡང་སྤྱི་མཐུན་གཞུང་དང་། མངའ་སྡེ། ཡང་ན་ས་གནས་གཞུང་གི་ཆོག་མཆན་དགོས་ངེས་ཡིན།
མི་ཚོས་ཚོང་ལས་རིགས་འགའ་ཤས་ལ་ས་གནས་འཛིན་སྐྱོངས་ལྷན་ཁང་གི་ཆོག་མཆན་དགོས་པ་ཤེས་ཀྱི་མེད་པ་འདྲ། ཞེས་ཨེ་ལེག་སི་སོ་ལོ་ལགས་ཀྱིས་གསུངས། དེའི་ནང་བདེ་ཐང་ཆེད་ལས་པ་དང་། སྒེར་གྱི་ལུས་སྦྱོང་སྤྲོད་མཁན། མཛེས་བཟོ་མཁས་པ་སོགས་གང་ལྟར་ཁྱིམ་ཚང་ནས་ཚོང་ཤག་ལ་ཞབས་ཞུ་སྒྲུབ་རིགས་ཚང་མར་གཞུང་གི་བཀའ་ཁྲོལ་དགོས་ཀྱི་ཡོད།

ཁྱིམ་ཚང་ཚོང་་རིགས་ཚང་མར་གཞུང་གི་བཀའ་ཁྲོལ་དགོས་ཀྱི་ཡོད། Credit: པར་ལེན་པ། ཨེ་ཌི་ཝིན་ཊན། གེ་ཊི་པར་རིས།
བཟའ་བཏུང་དང་དེའི་ཞབས་ཞུའི་ལས་རིགས།
ཟས་རིགས་དང་འབྲེལ་བའི་ཚོང་ལས་མང་ཆེ་བས་རང་ཉིད་ཀྱི་མངའ་སྡེ་གཞུང་གི་ཟས་རིགས་བདེ་འཇགས་ཁྲིམས་འཛིན་ལ་འབྲེལ་བ་བྱེད་ཀྱི་མེད་པར། སོ་སོའི་ས་གནས་འཛིན་སྐྱོང་ལས་ཁུངས་འབྲེལ་བ་བྱེད་ཀྱི་རེད།
“ཟས་རིགས་ཚོང་ལས་ཁང་གིས་ཐོག་མར་ཁོང་ཚོའི་ས་གནས་འཛིན་སྐྱོང་ལས་ཁུངས་ལ་འབྲེལ་བ་བྱས་ནས་ལམ་སྟོན་ཞུ་དགོས་པ་དེ་གལ་ཆེན་པོ་ཞིག་རེད། ལྷོ་ཝེལ་སི་གསར་པའི་ཟས་རིགས་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཨེན་ཌི་རུ་ཌེ་ཝིས་ཀྱིས་ལམ་སྟོན་གནང་ཡོད།
དེ་ཡང་ཁོང་གིས་“ཟས་རིགས་བདེ་འཇགས་ཀྱི་ལྟ་ཚུལ་ནས་བཤད་ན། གལ་ཏེ་ཁོར་ཡུག་དང་ཡོ་ཆས་དང་ཟ་མ་གཡོ་སྦྱོར་བྱེད་ཚུལ་གྱི་གཏན་འབེབས་ཚད་འཛིན་དང་མཐུན་པ་བཅས་ཡོད་ན། ཟས་རིགས་ཚོང་ལས་གང་འདྲ་ཞིག་ཡིན་རུང་ཁྱིམ་ནས་གཉེར་ཆོག་ཅེས་གསུངས་འདུག།
དེ་ནས་ཁྱེད་རང་གིས་ཟས་རིགས་ལེན་རྒྱུའི་དུས་ཚོད་དང་། ཉར་ཚགས། བཀོལ་རིམ། འགྲེམས་སྟོན། ཐུམ་སྒྲིལ། སྐྱེལ་འདྲེན་སོགས་བྱེད་རྒྱུའི་ཉུང་མཐར་གྱི་ཆ་རྐྱེན་གྱི་གནད་དོན་རྣམས་རྟོགས་ཐུབ།

ཁྱིམ་དུ་ཟ་མ་བཟོ་བའི་ཚོང་ལས་ནང་ཟ་མ་འཁྱེར་བའི་རླངས་འཁོར་དང་། ཟ་ཁང་མཁོ་སྤྲོད་བྱེད་མཁན། ཉལ་ཁང་དང་ཞོགས་ཇའི་སྡོད་གནས་དང་། Credit: པར་ལེན་པ། ཨེ་ལེགས་ལིའུ་།གེ་ཊི་པར་རིས།
བྱིས་པ་ཁྱིམ་དུ་གཉོར་སྐྱོང་།
བྱིས་པའི་སློབ་གསོའི་ལས་བྱེད་པ་ཚོས་ཨོ་སི་ཁྲུ་ལི་ཡའི་གཞུང་གིས་མ་དངུལ་ཆ་ཤས་བཏང་བའི་ཁྱིམ་ཚང་གི་ཉིན་མོའི་བྱིས་གཉོར་ཁང་གི་ལྟ་སྐྱོང་ཞབས་ཞུའི་དཔེ་སྟོན་འོག་ཁྱིམ་ནས་ལས་ཀ་བྱེད་ཐུབ།
སྤྱིར་བཏང་ཁྱིམ་ཚང་གི་ཉིན་མོའི་ལྟ་སྐྱོང་སློབ་གསོ་བ་ཞིག་ཚོང་པ་རྐྱང་པའི་ངོ་བོའི་ཐོག་ཐོ་འགོད་བྱེད་ཆོག་པ་དང་ཆོག་མཆན་ཐོབ་པའི་ཞབས་ཞུ་སྤྲོད་མཁན་ཞིག་གི་གན་རྒྱའི་འོག་ཚོང་གཉེར་བྱེད་ཀྱི་ཡོད།
ཨོ་སི་ཁྲུ་ལི་ཡའི་ཁྱིམ་ཚང་ཉིན་མོའི་བྱིས་གཉོར་ལྟ་སྐྱོང་ཚོགས་པའི་འགན་འཛིན་གཙོ་བོ་ཨན་ཌི་རུ་པེ་ཊར་སན་གྱིས་གལ་ཆེའི་སྔོན་འགྲོའི་ཆ་རྐྱེན་བཀོད་པ་གཤམ་གསལ།
· བྱིས་པའི་སློབ་གསོ་དང་གཉོར་སྐྱོང་གི་ལག་འཁྱེར་དཔང་ཡིག་ཚད་གཞི་གསུམ་པ་ལྡན་པ།
· བྱིས་པ་དང་འབྲེལ་བའི་ལས་དོན་གཉེར་ཆོག་པ་དང་ཉེན་རྟོག་པས་ཞིབ་བཤེར་གྱི་ལགས་འཁྱེར།
· ཐོག་མའི་མྱུར་སྐྱོབ་དང་བདེ་འཇགས་མཁོ་སྤྲོད་ཀྱི་ཤེས་ཚད་བཅས་དགོས་པ་དང་།
ཁྱིམ་ཚང་ནས་ཉིན་མོ་བྱིས་པ་ཉར་སྐྱོང་གི་ལས་དོན་གཉེར་རིགས་གཞུང་གི་ཁྲིམས་ལུགས་འོག་སྟངས་འཛིན་བྱེད་ཀྱི་ཡོད་སྟབས་སྒྲིག་ཁྲིམས་དང་བདེ་འཇགས་ཀྱི་དགོས་མཁོ་རྣམས་རྒྱལ་ཡོངས་ལ་གཅིག་གྱུར་ཡིན།
ཡིན་ནའང་བྱིས་པའི་སློབ་གསོ་བ་ཚོས་ས་གནས་འཛིན་སྐྱོང་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས་པ་དང་། དེ་བཞིན་གྱི་ཆ་རྐྱེན་ཡང་མི་འདྲ་བ་ཡོད།
ཁྱེད་རང་གིས་ཁྱིམ་ཚང་བྱིས་གཉོར་ཉིན་མོའི་ལྟ་སྐྱོང་ཆོག་མཆན་ཐོབ་པའི་ཞབས་ཞུའི་ནང་ཐོ་འགོད་བྱས་རྗེས། ཁོང་ཚོས་ས་གནས་གཞུང་གི་དགོས་མཁོ་གང་རུང་ལ་དོ་དམ་བྱེད་པར་རོགས་སྐྱོར་བྱེད་ཐུབ།ཨན་ཌི་རུ་པེ་ཊར་སན།
ད་དུང་ཁྲལ་གྱི་ཐོ་འགོད་དང་ཉེན་འགོག་མ་འཇོག་སོགས་ཡོངས་ཁྱབ་ཀྱི་ཚོང་ལས་འགན་འཁྲི་དག་ད་དུང་ཡང་ལག་བསྟར་བྱེད་དགོས་ཀྱི་ཡོད། ཅེས་སྐུ་ཞབས་པེ་ཊར་སན་གྱིས་ནན་བཤད་གནང་ཡོད།
“ཁྱིམ་ཚང་གི་ཉིན་མོའི་བྱིས་པ་གཉོར་སྐྱོང་ནི་བྱིས་པ་ལྟ་རྟོག་དང་ཉར་ལྟ་བྱེད་པའི་ལས་ཀ་མིན།
“ཁྱེད་རང་བྱིས་པའི་སློབ་གསོའི་ཆེད་ལས་པ་ཞིག་ཡིན་པའི་ཐོག་ནས་སྡེ་ཚན་འདིའི་ནང་དུ་ཡོང་རྒྱུ་གལ་ཆེན་པོ་ཡིན་མོད། ཁྱོད་ཀྱིས་ཚོང་ལས་ཞིག་གཉེར་བཞིན་ཡོད་པ་དང་། ཁྲིམས་འཛིན་མཐོ་བའི་ཁོར་ཡུག་ནང་ལས་ཀ་བྱེད་ཀྱི་ཡོད་པ་དེ་ཡང་རྟོགས་དགོས།

གལ་ཏེ་ཁྱེད་ཀྱི་ཁྱིམ་ཚང་གི་ཚོང་ལས་ནང་ཁྱེད་ཀྱི་ཚོང་ཤག་ནས་འཕྲོད་བསྟེན་གྱི་གནས་ཚུལ་བསྡུ་རུབ་བྱེད་པ་དེ་ཚུད་ཡོད་ན། ཁྱོད་ཀྱིས་སྒེར་གྱི་བདག་དབང་གི་ཁྲིམས་སྒྲིག་དག་དང་མཐུན་གྱི་ཡོད་པ་དགོས། Credit: པར་ལེན་པ། ཧྤ་ཟའོ་གློག་བརྙན་ཁང་། ལ་ཊིན་ནོ། གེ་ཊི་པར་རིས།
ཚོང་གཉེར་འགོ་མ་བཙུགས་གོང་རྒྱབ་སྐྱོར་འཚོལ་དགོས།
གལ་ཏེ་ཁྱེད་རང་ཚོང་ལས་ནང་གསར་དུ་ཞུགས་ཀྱི་ཡོད་ན། ཆེད་ལས་རོགས་རམ་འཚོལ་རྒྱུ་དེ་བསམ་ཚུལ ཐབས་ཤེས་ཡག་པོ་ཞིག་རེད།
ཁྱེད་རང་གིས་ཁྱེད་རང་གི་མངའ་སྡེའམ་མངའ་ཁོངས་ཀྱི་འབྲེལ་ཡོད་གཞུང་ལས་ཁང་ལ་འབྲེལ་བ་བྱས་ནས་གཞུང་གིས་རོགས་སྐྱོར་བྱེད་པའི་ལས་རིམ་གང་རུང་ཡོད་པའི་སྐོར་ལ་སློབ་སྟོན་དང་གནས་ཚུལ་ཐོབ་ཐུབ།
ནུབ་ཕྱོགས་ཨོ་སི་ཁྲུ་ལི་ཡའི་ཚོང་ལས་ཆུང་གྲས་གོང་འཕེལ་ལས་ཁུངས་ཀྱི་ཚོང་ལས་སློབ་སྟོན་པ་གཞོན་པ་ཁི་རི་སི་ཨོ་ཧ་རེ་ཡིས་ཚོང་བདག་གསར་པ་ཚོས་མ་དངུལ་དོ་དམ་དང་ཁྲིམས་ལུགས་ལག་བསྟར་གྱི་གཞི་རྩའི་ཤེས་བྱ་སློབ་སྦྱོང་བྱེད་པར་འགྲོ་གྲོན་གཏོང་་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད།
རྒྱུ་མཚན་ནི་མཐར་ཁྱེད་རང་གིས་ཁྲིམས་རྩོད་པའམ་རྩིས་པ་གང་རུང་ཞིག་གླས་ནས་ཁོང་ཚོས་ཁྱེད་རང་ལ་བསམ་འཆར་ཅི་ཞིག་སྤྲོད་མིན་ལ་མ་བལྟོས་པར་ཁྱེད་རང་ཚོང་ལས་དེའི་བདག་པོ་ཡིན་པའི་ཆ་ནས་ཐག་གཅོད་ཅི་ཞིག་བྱེད་མིན་མཐར་ཐུག་ཁྱོད་རང་ལ་རག་ལུས་ཡོད། མང་པོ་ཞིག་གིས་ཚོང་ལས་དེ་རང་ཉིད་ཀྱི་འཇོན་ཐང་བེད་སྤྱོད་ལེགས་སར་བྱེད་རྒྱུའི་བསམ་པས་འགོ་འཛུགས་ཀྱི་ཡོད། འོན་ཀྱང་རང་ཉིད་ངོས་ནས་དཔལ་འབྱོར་གྱི་སྐོར་ལ་ལེགས་པར་ཤེས་རྒྱུ་དེ་ནི་འདམ་ག་མེད་པའི་གནད་འགག་ཅིག་ཡིན།
“མི་རེ་ཞིག་ལ་དངུལ་གྱི་སྐོར་དེ་བརྗོད་ན་མི་འགྲིག་པའི་གནད་དོན་ཞིག་ཡིན་འདུག འོན་ཀྱང་གལ་ཏེ་ཁྱེད་ལ་དངུལ་མེད་པར་གྱུར་ནས་ཁྱེད་ཀྱི་ཚོང་ལས་སྒོ་བརྒྱབ་ན་ཁྱེད་ཀྱིས་མི་ག་ཚོད་ལ་རོགས་རམ་བྱེད་ཐུབ་ཀྱི་ཡོད་དམ།” གལ་ཏེ་ཁྱེད་རང་ཁང་གླ་ལེན་པའི་སྐབས་ཁྱིམ་དུ་ཚོང་ལས་འཛུགས་བཞིན་ཡོད་ན། ཁང་བདག་ལ་ཆོག་མཆན་སྔ་པོ་ནས་ལེན་རྒྱུ་མ་བརྗེད་རོགས།
“གང་ཡིན་ཟེར་ན་ཁོང་ཚོས་ཁྱེད་ལ་གླས་ཁང་ནས་ཚོང་གཉེར་བྱེད་དུ་མ་བཅུག་པ་ཡང་ཡོང་སྲིད། ཁྱེད་རང་གིས་ཁྱིམ་ནས་ཚོང་ལས་ཞིག་འགོ་བཙུགས་ཟིན་པ་དང་། གློ་བུར་དུ་ཁྱེད་རང་གི་གླས་ནས་ཡོད་པའི་ཁང་པའི་གན་རྒྱའི་ཆ་རྐྱེན་ལ་འགལ་འཛོལ་བྱུང་བའི་རྐྱེན་གྱིས་མུ་མཐུད་སྡོད་རྒྱུའི་ཆོག་མཆན་མེད་པར་འགྱུར་ཚེ་གནས་སྟངས་དེ་ཧ་ཅང་འཇིག་སྣང་ཅན་ཞིག་ཆགས་རྒྱུ་ཉག་གཅིག་རེད།
ཁྱེད་ཀྱི་ཁྱིམ་ཚང་གི་ཚོང་ལས་ལ་ཁྲལ་སྤྲོད་ཀྱི་དུས་སྐབས་ཀྱི་གལ་ཆེའི་གནས་ཚུལ་དང་། ཁྱིམ་ནང་ཚོང་ལས་གཉེར་རྒྱུའི་ཆེད་ཕན་པའི་ཤེས་བྱ་ཐོབ་པའི་ཕྱིར། ཨོ་སི་ཁྲུ་ལི་ཡ་ཁྲལ་དོན་ལས་ཁུངས་ཀྱི་བཟོ་ཚོང་ཆུང་རིགས་འཕེལ་རྒྱས་ཤེས་བྱ། ལ་གཟིགས་རོགས།
ཁྱེད་རང་གི་མངའ་སྡེ་དང་ས་ཁོངས་ནང་ཚོང་ལས་ཀྱི་ལམ་སྟོན་དང་རོགས་རམ་ཆེད་གཤམ་གསལ་གྱི་གཞུང་འབྲེལ་དྲྭ་ཚིགས་ལ་གཟིགས་རོགས།
ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བ་གསར་པར་གཞིས་ཆགས་པའི་སྐོར་གྱི་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་ཐོབ་ཕྱིར་ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད་ཚན་པའི་སྒྲ་འཇུག་ཀྱི་རྗེས་སུ་འཇུག་པའམ་ཚོགས་ཞུགས་བྱོས།
ཁྱེད་ལ་དོགས་འདྲི་དང་བརྗོད་གཞི་གཞན་ཅི་ཞིག་ཡོད་ཚེ་ང་ཚོར་གློག་རྡུལ་འཕྲིན་ཡིག་ཐོག་བསྐུར་གནང་རོགས། australiaexplained@sbs.com.au