གཙོ་དོན།
- རྩྭ་སྐམ་ཚ་ནད་ (ནམ་དུས་བྱེ་བྲག་གི་འཕྲོད་འབྱོར་འཁྲུགས་པའི་སྣའི་གཉན་ཚད་) ནི་རིམས་འགོག་མ་ལག་གིས་མེ་ཏོག་གི་ཟེགས་རྡུལ་དང་སྡེབ་ལས་བྱེད་སྐབས་བྱུང་བ་དང་། ལྷག་པར་དུ་རྩྭ་རིགས་ཀྱིས་སྣ་དང་མིག་ལ་ཟུག་གཟེར་སློང་གི་ཡོད།
- དབུགས་གསག་ནད་ལ་མེ་ཏོག་གི་ཟེགས་རྡུལ་གློ་བའི་ནང་དུ་འཛུལ་ནས་གློ་རྒྱག་པ་དང་། དབུགས་འབྱིན་རྔུབ་དཀའ་བ་དང་། ཧལ་བ་སོགས་ཡོང་གི་ཡོད།
- ཨོ་སི་ཁྲུ་ལི་ཡའི་མི་བཞི་རེའི་ནང་མི་གཅིག་ལ་རྩྭ་སྐམ་ཚ་ནད་ཕོག་པ་དང་། བརྒྱ་ཆའི་ ༡༠ ཡས་མས་ལ་དབུགས་གསག་ནད་ཕོག་ཡོད། དབུགས་ལམ་ལ་རྫས་རིགས་འཕྲོད་འབྱོར་འཁྲུག་པ་ནི་རྒྱལ་ཡོངས་ཀྱི་ཆེས་རྒྱུན་མཐོང་གི་འཕྲོད་འབྱོར་འཁྲུགས་པའི་ནད་རིགས་འབེལ་ཤོས་དེ་ཆགས་ཡོད།
- སྨན་པ་དང་སྨན་སྤྲོད་པས་ནད་རྟགས་ཞི་ལྷོད་དང་སྔོན་འགོག་བྱེད་པའི་སྨན་བཅོས་དང་སྨན་ཇི་བསྟེན་སྐོར་ལ་ལམ་སྟོན་བྱེད་ཐུབ།
- རྩྭ་སྐམ་ཚད་པ་དང་དབུགས་གསག་ནད་ཀྱི་རྒྱུན་མཐོང་གི་ནད་རྟགས་གང་དག་ཡོད།
- ཁྱེད་ཀྱིས་ནམ་དུས་བྱེ་བྲག་སྐབས་འཕྲོད་འབྱོར་འཁྲུགས་པའི་ནད་རིགས་ཇི་ལྟར་དོ་དམ་བྱེད་དགོས།
- ཅི་ཞིག་ལ་ལུས་སྲུང་རིམས་འགོག་གསོ་བཅོས་ཟེར།
- རྩྭ་སྐམ་ཚད་པ་དང་དབུགས་གསག་ཀྱི་ནད་ལ་སྨན་བཅོས་བྱེད་ཐབས་གང་དག་ཡོད།
- གནམ་གཤིས་ཀྱིས་འཕྲོད་འབྱོར་འཁྲུགས་པའི་ནད་རིགས་ཕོག་རྒྱུར་ཤུགས་རྐྱེན་ཐེབས་སྲིད་དམ།
- ཁྱོད་ཀྱིས་ནམ་དུས་བྱེ་བྲག་སྐབས་འཕྲོད་འབྱོར་འཁྲུགས་པའི་ནད་རིགས་ལ་གདོང་ལེན་བྱེད་ཐབས་ཀྱི་འཆར་གཞི་ཇི་ལྟར་གདིང་དགོས།
ནམ་དུས་བྱེ་བྲག་སྐབས་ཀྱི་འཕྲོད་འབྱོར་འཁྲུགས་པའི་ནད་གང་ཡོད།
དཔྱིད་ཀ་སླེབས་པ་དེས་རྩྭ་དང་། ལྗོན་ཤིང་། རྩི་ཤིང་བཅས་ཀྱིས་མཁའ་དབྱིངས་སུ་ཟེགས་རྡུལ་གཏོར་བའི་དུས་ཚིགས་ཡིན། མེ་ཏོག་སོགས་ཀྱི་ཟེགས་རྡུལ་ལ་ཚོར་བ་སྐྱེན་པའི་གང་ཟག་ཚོར་མཚོན་ན་རིམས་འགོག་མ་ལག་གིས་རྫས་རིགས་དེ་དག་ལ་སྡེབ་ནས་རྩྭ་སྐམ་ཚད་པ་དང་དབུགས་གསག་ནད་འབྱུང་བའི་གཞིར་གྱུར་གྱི་ཡོད།
རྒྱལ་ཡོངས་ཕུལ་བྱུང་འཕྲོད་འབྱོར་འཁྲུགས་པའི་ནད་རིགས་ལྷན་ཁང་གྱི་འཕྲོད་འབྱོར་འཁྲུགས་པའི་དབུགས་ནད་སྡེ་ཚན་གྱི་མཉམ་འབྲེལ་ཚོགས་གཙོ་དང་མཚན་ཐོག་སློབ་དཔོན་གཞོན་པ་སྨན་པ་ཇྷོ་ཡི་ལི་ཡིས་འགྲེལ་བརྗོད་གནང་དོན།
"རྩྭའི་མེ་ཏོག་གི་ཟེགས་རྡུལ་ནི་འཕྲོད་འབྱོར་འཁྲུགས་པའི་སྣའི་གཉན་ཚད་དང་ནམ་དུས་བྱེ་བྲག་གི་འཕྲོད་འབྱོར་འཁྲུགས་པའི་དབུགས་གསག་ན་ཚའི་རྒྱུ་རྐྱེན་གཙོ་བོ་ཡིན། དེ་དག་མཉམ་དུ་འདུས་ནས་དབུགས་ལམ་ལ་འཕྲོད་འབྱོར་འཁྲུག་པའི་ནད་ཟེར། ཨོ་སི་ཁྲུ་ལི་ཡའི་མི་འབོར་གྱི་བཞི་ཆ་གཅིག་ཡས་མས་ལ་རྩྭ་སྐམ་གྱི་ཚད་ནད་ཕོག་པ་དང་། ཧ་ལམ་བརྒྱ་ཆའི་ ༡༠ ཡས་མས་ལ་དབུགས་གསག་ནད་ཕོག་གི་ཡོད། རྐྱེན་དེ་གཉིས་ཡང་ཡང་ལྷན་དུ་ཡོང་གི་ཡོད། དེའི་རྐྱེན་གྱིས་གལ་ཏེ་ཁྱོད་ལ་དཀའ་ངལ་འདི་གཉིས་ནས་གཅིག་ཡོད་ན། གཞན་དེ་འབྱུང་བའི་ཉེན་ཁ་ཅུང་མཐོ་བ་རེད"ཅེས་བཤད།
ཝིག་ཊོ་རི་ཡ་དང་། ནིའུ་སའོ་ཐ་ཝེལ་སི། ཨོ་སི་ཁྲུ་ལི་ཡའི་རྒྱལ་སའི་མངའ་ཁུལ་སོགས་ཤར་ལྷོའི་ས་ཁུལ་དུ་ཡུག་པོའི་རྩྭ་ནི་རྩྭ་་སྐམ་གྱི་རིམས་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན། མེ་ཏོག་གི་ཟེགས་རྡུལ་གྱི་དུས་ཚིགས་ནི་ཟླ་དགུ་པ་ནས་དང་པོའི་བར་རྒྱུན་བསྲིངས་པ་དང་། ཟླ་བ་བཅུ་གཅིག་པར་ཤུགས་ཆེ་ཤོས་སུ་གྱུར་གྱི་ཡོད།
སློབ་དཔོན་ཆེ་མོ་ལི་ལགས་ཀྱིས་བཤད་རྒྱུར། "དཔེར་ན་ཁུན་སི་ལནཌི་ལྟ་བུ་ཨོ་སི་ཁྲུ་ལི་ཡའི་ས་ཁུལ་གཞན་དག་ཏུ་དབྱར་ཁ་ནས་ཟླ་བ་གཉིས་པ་དང་གསུམ་པའི་བར་མེ་ཏོག་གི་ཟེགས་རྡུལ་ཡོང་བའི་དུས་ཚིགས་ཅུང་ཕྱི་བ་ཡོད་སྲིད། "

འབུམ་རམས་པ་ཌྷང་ཁན་ མེག་ཀིན་ནན། མི་ཁའི་ལ་ དྷི་ཡ་ཛ། སློབ་དཔོན་ཆེ་མོ་ཇྷོ་ཡི་ལི།







