Watch FIFA World Cup 2026™

LIVE, FREE and EXCLUSIVE

༄༅།། གློག་འཁོར་ལ་བརྗེ་སྒྱུར་བྱས་ན་དགེ་ཕན་གང་ཡོད་དམ། Australia Explained

Australia Explained – Fuel in Focus

གློག་འཁོར་གྱིས་ལོ་རེར་འབུད་རྫས་ཀྱི་ཐོག་བརྒྱ་ཆ་༧༠ དང་བདག་སྐྱོང་ཞབས་ཞུའི་ཐོག་བརྒྱ་ཆ་ ༤༠ བར་ཆག་ཡང་ཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད། Source: Moment RF / Tashdique Mehtaj Ahmed/Getty Images

ཉེ་དུས་རྡོ་སྣུམ་གྱི་རིན་གོང་བརྟན་པོ་མེད་པ་དང་ངེས་མེད་ཀྱི་གནས་སྟངས་ཀྱི་ཤུགས་རྐྱེན་ཚོར་ནས་གློག་འཁོར་ལ་བརྗེ་སྒྱུར་བྱེད་རྒྱུའི་བསམ་བློ་ཡོད་དམ། དེ་འདྲའི་བསམ་བློ་འཁོར་མཁན་ཁྱེད་རང་གཅིག་པུ་མིན། ཚོང་འགྲུལ་འཕར་བཞིན་ཡོད་པ་དང་། སྲིད་གཞུང་གི་སྐུལ་མ་ཁག་གིས་བརྗེ་སྒྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད། འོན་ཀྱང་ཨོ་སི་ཊེ་ལི་ཡའི་མི་ཚོར་སྒེར་འཁོར་བརྗེ་སྒྱུར་བྱེད་པ་དེ་ལག་བསྟར་ཐུབ་པ་ཞིག་ཡིན་ནམ།


Published

By Zoe Thomaidou

Presented by Melissa Compagnoni, Domnyershar Dadon

Source: SBS



Share this with family and friends


ཉེ་དུས་རྡོ་སྣུམ་གྱི་རིན་གོང་བརྟན་པོ་མེད་པ་དང་ངེས་མེད་ཀྱི་གནས་སྟངས་ཀྱི་ཤུགས་རྐྱེན་ཚོར་ནས་གློག་འཁོར་ལ་བརྗེ་སྒྱུར་བྱེད་རྒྱུའི་བསམ་བློ་ཡོད་དམ། དེ་འདྲའི་བསམ་བློ་འཁོར་མཁན་ཁྱེད་རང་གཅིག་པུ་མིན། ཚོང་འགྲུལ་འཕར་བཞིན་ཡོད་པ་དང་། སྲིད་གཞུང་གི་སྐུལ་མ་ཁག་གིས་བརྗེ་སྒྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད། འོན་ཀྱང་ཨོ་སི་ཊེ་ལི་ཡའི་མི་ཚོར་སྒེར་འཁོར་བརྗེ་སྒྱུར་བྱེད་པ་དེ་ལག་བསྟར་ཐུབ་པ་ཞིག་ཡིན་ནམ།


རྡོ་སྣུམ་གྱི་རིན་གོང་བརྟན་ལྷིང་མེད་པའི་སྐབས་འདིར་གློག་འཁོར་རམ་Electric Vehicles དར་ཁྱབ་ཇེ་མང་དུ་འགྲོ་བཞིན་ཡོད། ཚོང་ལས་ཀྱི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༢༦ ཟླ་བ་ ༤ པར་ཨོ་སི་ཊེ་ལི་ཡའི་ནང་ཚོང་འགྲུལ་བྱས་པའི་རླངས་འཁོར་དྲུག་ནས་གཅིག་ཙམ་ནི་གློག་འཁོར་ཡིན་པ་རེད།

ཨོ་སི་ཊེ་ལི་ཡའི་ནང་གློག་འཁོར་གྱི་རིན་གོང་ཇི་ཟམ་ཡིན་པ།

ཧུ་སེན་ཌི་ཡ་ནི་སི་ཝིན་བྷོན་གཙུག་ལག་སློབ་གཉེར་ཁང་གི་སྐྱེལ་འདྲེན་འཕྲུལ་རིག་དང་ཁོར་ཡུག་ལ་འཚམ་པའི་འཕེལ་རྒྱས་ཀྱི་སློབ་དཔོན་ཞིག་ཡིན་པ་དང་།

ཁོང་གིས་གློག་འཁོར་ལ་ཐོག་མའི་མ་འཇོག་དེ་ད་དུང་ཡང་རྡོ་སྣུམ་གྱི་འགྲུལ་འཁོར་ལས་མཐོ་བ་ཡོད་ཀྱང་། དེའི་བེད་སྤྱོད་དང་འདེམས་ཀ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་རིན་གོང་ཆག་ཡོད་ཅེས་བརྗོད། ཁྱེད་ཀྱི་མངའ་སྡེ་དང་ས་ཁུལ་གྱི་སྲིད་གཞུང་ནས་གློག་འཁོར་ཉོ་བའི་བར་ཕན་ཐོགས་པའི་རོགས་རམ་རྣམས་ཞིབ་འཚོལ་བྱེད་དགོས།

གླ་ཕོགས་ལེན་མཁན་གྱི་ལས་བྱེད་པ་ཚོས་གློག་འཁོར་གླ་གཡར་བྱེད་པར་དཔྱ་ཁྲལ་གྱི་ཆག་ཡང་ཐོབ་ཐུབ།

ནུབ་ཨོ་སི་ཊེ་ལི་ཡའི་འགྲུལ་འཁོར་མཐུན་ཚོགས་ཀྱི་རླངས་འཁོར་དང་རྡོ་སྣུམ་ཀྱི་དོ་དམ་པ་ཨལ་ལེག་སི་ཕོ་རེ་སི་ཊི་ Alex Forrest ཡིས་འགྲེལ་བཤད་གནང་དོན།

གློག་འཁོར་རྣམས་བེད་སྤྱོད་བྱེད་རྒྱུར་འགྲོ་གྲོན་ཆུང་བ་ཡོད་དམ།

རྡོ་སྣུམ་སྤྱོད་པའི་འགྲུལ་འཁོར་ཁག་དང་བསྡུར་ན་གློག་འཁོར་རྣམས་བེད་སྤྱོད་བྱེད་རྒྱུར་གོང་ཁེ་བ་ཡོད། ལོ་རེར་འབུད་རྫས་ཀྱི་ཐོག་བརྒྱ་ཆ་༧༠ དང་བདག་སྐྱོང་ཞབས་ཞུའི་ཐོག་བརྒྱ་ཆ་ ༤༠ བར་ཆག་ཡང་ཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད།

རྡོ་སྣུམ་སྤྱོད་པའི་འགྲུལ་འཁོར་ཁག་དང་བསྡུར་ན་གློག་འཁོར་རྣམས་བེད་སྤྱོད་བྱེད་རྒྱུར་གོང་ཁེ་བ་ཡོད། གང་ཡིན་ཟེར་ན་འཕྲུལ་འཁོར་གྱི་བཀོད་སྒྲིག་གི་སྒྲོམ་གཞི་སྟབས་བདེ་བ་ཡོད།
ཧུ་སེན་ཌི་ཡ།

གློག་འཁོར་གྱིས་རྒྱང་ཐག་རིང་ལོས་ཇི་ཙམ་རྒྱུག་ཐུབ།

ད་ལྟའི་ཁྲོམ་རའི་ནང་གློག་འཁོར་རྣམས་ཀྱི་འགྲོ་ཐུབ་པའི་རྒྱང་ཐག་ཇི་ཙམ་ཡོད་དམ་ཞེ་ན། རྨང་གཞིའི་བཟོ་བཀོད་ཅན་ཚོས་གློག་ནུས་གསོག་དུས་རེ་རེས་ཀེ་ལོ་མི་ཊར་ ༤༠༠ ནས་༥༠༠ ཙམ་འགྲོ་ཐུབ།

འོན་ཀྱང་རྒྱང་ཐག་རིང་སར་བསྐྱོད་སྐབས་འཆར་གཞི་གདིང་དགོས། གང་ཡིན་ཟེར་ན་མཐའ་མཚམས་སོགས་ཀྱི་ཁུལ་དུ་གློག་གསོག་ས་ཚིགས་ཡོད་པ་དཀོན་པོ་ཡིན།

ཁྱེད་ཀྱིས་རང་ཁྱིམ་དུ་གློག་འཁོར་གྱི་གློག་རྫས་བསགས་ན་འགྲིག་གམ།

འོན་ཀྱང་སྤྱི་པའི་གློག་གསོག་ས་ཚིགས་ནས་གློག་ཤུགས་ཉོ་བའི་སྐབས་ཁྱིམ་དུ་གློག་གསོག་པ་ལས་གོང་ཆེ་བ་སྤྲོད་དགོས་པས་གྲོན་ཆུང་དེ་ཉུང་དུ་འགྲོ་སྲིད་པ་ཤེས་དགོས།

འོན་ཀྱང་མང་པོ་ཞིག་ལ་ཁྱིམ་ཚང་གི་གློག་ཤུགས་འདོན་ས་ནས་གློག་འཁོར་གི་གློག་སྐུད་སྦྲེལ་བ་ཙམ་གྱིས་ལས་ཀ་བྱེད་ཐུབ་ཅེས་སྐུ་ཞབས་ཕོ་རེ་སི་ཊི་ཡི་གསུངས།

འགྲུལ་བཞུད་རིང་སར་བསྐྱོད་སྐབས་རང་ཁྱིམ་གི་གློག་གསོག་ཆས་བེད་སྤྱོད་ཆེ་བ་ཡོང་གི་ཡོད།
ཨལ་ལེག་སི་ཕོ་རེ་སི་ཊི།

གལ་སྲིད་ཁྱེད་རང་མི་མང་འདུས་པའི་ཁང་རིན་སྤྲོད་སའི་ཁང་མིག་Apartment ཞིག་གི་ནང་སྡོད་ཀྱི་ཡོད་ན། གློག་འཁོར་གི་གློག་གསོག་ཆས་ཤིག་ཆེད་མངགས་འཛུགས་རྒྱུར་ཁང་པའི་དོ་དམ་ལྷན་ཚོགས་ཀྱི་ཆོག་མཆན་དགོས་སྲིད།

བསྐྱར་ཚོང་བྱེད་པའི་གློག་འཁོར་ཞིག་མ་ཉོས་གོང་ཤེས་དགོས་པ་གང་ཡོད།

ཨོ་སི་ཊེ་ཡའི་ནང་སྒེར་འཁོར་དེ་རིགས་ཐོན་ནས་ལོ་ ༢༠ ལས་ཉུང་བ་ཕྱིན་ཡོད་པས་། བེད་སྤྱོད་བྱས་ཟིན་པའི་གློག་འཁོར་གྱི་ཁྲོམ་ར་ད་དུང་ཡང་ཆུང་ཆུང་རེད།

གང་ལྟར་འདས་པའི་ཟླ་བ་ཁ་ཤས་རིང་བེད་སྤྱོད་བྱས་ཟིན་པའི་གློག་འཁོར་ཉོ་མཁན་ཚོའི་ཡིད་ཆེས་འཕེལ་ཡོད་པས། བསྐྱར་ཚོང་གི་རིན་གོང་དེ་རྡོ་སྣུམ་རླངས་འཁོར་དང་ཧ་ལམ་འདྲ་མཚུངས་ཆགས་ཡོད།

གལ་ཏེ་ཁྱེད་རང་གློག་འཁོར་གསར་པ་ཉོ་རྒྱུའི་བསམ་བློ་གཏོང་གི་ཡོད་ན། ཉོས་ཟིན་བའི་རྗེས་ཀྱི་རྒྱབ་སྐྱོར་དང་བདག་སྐྱོང་ཞབས་ཞུ་ཡག་པོ་ཡོད་མེད་ལ་བསམ་བློ་གཏོང་དགོས།

གློག་འཁོར་ཉོ་མཁན་ཚོས་གློག་རྫས་ཀྱི་འགན་ལེན་ནམ་warrantyལ་ཡང་བལྟ་དགོས། སྐུ་ཞབས་ཕོ་རེ་སི་ཊི་ཡིས་གློག་འཁོར་གྱི་ཁྲོམ་རར་འགྲན་རྩོད་ཆེ་བས་ཉོ་མཁན་ཚོར་ཁེ་ཕན་ཡོད་ཅེས་གསུངས་པ་དེ་ནི་གཏམ་བཟང་ཞིག་ཡིན།།

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now