གནད་དོན་གཙོ་བོ་ཁག
- མངལ་སྒོའི་སྐྲན་ནད་བརྟག་ཞིབ་ཀྱིས་མིའི་རིགས་ཀྱི་འགོས་ནད་ནད་དུག་པ་ཕི་ལོ་མ་འཚོལ་ཞིབ་ཀྱིས་ཚེ་སྲོག་སྐྱོབ་ཐུབ།
- སྔོན་ཚུད་ནས་མངལ་སྒོར་སྐྲན་ནད་ཡོད་མེད་བརྟག་ཞིབ་མ་བྱས་ཚེ་དེའི་རྐྱེན་གྱིས་སྐྲན་ནད་ཀྱིས་མནར་རྒྱུ་ལྟ་བུའི་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་སྲིད།
- སྔོན་ཚུད་ནས་མངལ་སྒོར་སྐྲན་ནད་ཡོད་མེད་བརྟག་ཞིབ་མ་བྱས་ཚེ་དེའི་རྐྱེན་གྱིས་སྐྲན་ནད་ཀྱིས་མནར་རྒྱུ་ལྟ་བུའི་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་སྲིད།
- རང་ངོས་ནས་བརྟག་ཞིབ་བྱེད་ཐུབ་པ་དེས་རིག་གཞུང་གི་ལམ་སྲོལ་གྱི་བཀག་རྒྱ་ལས་གྲོལ་ཐུབ།
མངལ་སྒོའི་འབྲས་སྐྲན་ཡོད་མཁན་གྱི་བརྒྱ་ཆ་ ༧༠ ལས་མང་བ་ནི་སྐྲན་ནད་དེ་ཡོད་མེད་བརྟག་ཞིབ་བྱས་མེད་མཁན་དང་བརྟག་ཞིབ་བྱ་དགོས་ངེས་རྣམས་ཡིན།
རྒྱུ་མཚན་འདི་ཉིད་ཀྱིས་མངལ་སྒོའི་སྐྲན་ནད་ཡོད་མེད་བརྟག་ཞིབ་བམ་སྨན་དཔྱད་བྱེད་རྒྱུའི་གནད་འགག་ར་འཕྲོད་བྱེད་ཐུབ།
མངལ་སྒོར་བརྟག་ཞིབ་བྱས་པ་དེས་མངལ་སྒོའི་སྐྲན་ནད་ལས་ཇི་ལྟར་སྐྱོབ་ནུས་སམ།
“མངལ་སྒོའི་སྦུག་ཕྲན་ལ་འགྱུར་བ་འགྲོ་གི་ཡོད་མིན་དང་དམིགས་བསལ་མིའི་རིགས་ཀྱི་འགོས་ནད་ནད་དུག་པ་ཕི་ལོ་མ་ཡོད་མེད་ལ་གཞིགས་ནས་ཐག་གཅོད་བྱེད། དེས་སྦུག་ཕྲན་རྣམས་སྒྱུར་ནས་ཕྱིས་སུ་འབྲས་སྐྲན་ཆགས་ཀྱི་ཡོད།” ཞེས་སྨན་རམས་པ་ཨ་ལམ་ཨིབ་ར་ཧིམ་གྱིས་གསུངས་ཡོད། ཁོ་མོ་ནི་སིཊ་ནི་ནང་གནས་སྡོད་ཚན་སྤྱིའི་སྨན་་པ་ཞིག་དང་སྤྱི་ཚོགས་སློབ་སྟོན་པ། སུ་དྷ་ནི་སི་ཨོ་སི་ཁྲུ་ལི་ཡ་འཕྲོད་བསྟེན་བདེ་དོན་ཚོགས་པ་དབུ་འཛུགས་མཁན་བཅས་ཡིན།སྦུག་ཕྲན་གྱི་འགྱུར་བ་སྔོན་ཚུད་ནས་རྟོགས་ཐུབ་ན་འབྲས་སྐྲན་མ་ཆགས་གོང་ནས་སྔོན་འགོག་ཐུབ་པ་རེད།
མངལ་སྒོའི་བརྟག་ཞིབ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་མངལ་སྒོའི་བརྟག་ཞིབ་ལས་གཞི་ཚན་པས་(NCSP)དོ་དམ་བྱེད་ཀྱི་ཡོད། འཆར་གཞི་འདིའི་དམིགས་ཡུལ་ནི་མིའི་རིགས་ཀྱི་འགོས་ནད་དམ་པ་ཕ་ལོ་མ་ནད་དུག་ (HPV) ཀྱི་ཉེན་ཁར་ཡོད་པའི་མི་ཡོད་ཚད་ངོ་འཕྲོད་པ་བྱ་རྒྱུ་དེ་ཡིན། བརྟག་ཞིབ་ཐེངས་དང་པོ་བྱས་རྗེས་ཕྱིས་སུ་བརྟག་ཞིབ་ནམ་ཞིག་བྱེད་དགོས་མིན་ཁོ་ཚོས་ཁྱེད་ལ་དྲན་སྐུལ་གཏོང་གི་ཡོད།

འོ་ན་མངལ་སྒོའི་སྐྲན་ནད་ཡོད་མེད་ཀྱི་བརྟག་ཞིབ་བྱེད་དགོས་མཁན་རྣམས་སུ་ཡིན།
“མངལ་སྒོའི་སྐྲན་ནད་ཡོད་མེད་ཀྱི་བརྟག་ཞིབ་བྱེད་དགོས་མཁན་རྣམས་སུ་ཡིན་ཞེ་ན། མིའི་རིགས་ཀྱི་འགོས་ནད་ནད་དུག་འཕོག་ལ་ཉེ་བ་ཐམས་ཅད་ཡིན། སྨན་རམས་པ་ཨེབ་ར་ཧིམ་གྱིས་གསུངས་གསལ་བཞིན། ལོ་གྲངས་ ༢༥ ནས་༧༤ བར་གྱི་བུད་མེད་དང་གང་ཟག་སུ་འདྲ་ཞིག་ཡིན་རུང་འཁྲིག་སྤྱོད་ལ་རོལ་ཟིན་པ་ཡོངས་རྫོགས་ཚུད་ཀྱི་ཡོད།
བརྟག་ཞིབ་དེ་ལོ་ལྔའི་ནང་ཐེངས་རེ་བྱེད་དགོས་ཀྱི་ཡོད། དེ་ཡང་དེའི་རིང་བརྟག་ཞིབ་ཀྱི་གྲུབ་འབྲས་ལ་སྐྱོན་མེད་པ་དགོས། ཁྱེད་རང་གིས་འགོས་ནད་ནད་དུག་ཀྱི་སྔོན་འགོག་ཁབ་རྒྱབ་ཟིན་ཡང་བརྟག་ཞིབ་ཡང་ཡང་བྱེད་དགོས། དེའི་རྒྱུ་མཚན་ནི་སྔོན་འགོག་སྨན་ཁབ་དེས་འབྲས་སྐྲན་རིགས་ཚང་མར་ཁ་གཏད་གཅོག་ཐུབ་ཀྱི་མེད།“
བརྟག་ཞིབ་དེ་བྱེད་རྒྱུར་རྙོག་གྲ་སྤུ་ཙམ་མེད། ཁྱེད་ཀྱི་སྒེར་གྱི་ཚན་སྤྱིའི་སྨན་པའམ་བདེ་ཐང་སྨན་ཁང་དུ་སྐར་མ་འགའ་ཤས་ལས་གཏོང་མི་དགོས།
ངས་བརྟག་ཞིབ་དེ་ཇི་ལྟར་བྱ་དགོས་སམ།
ཁྱེད་རང་གིས་རང་ཉིད་ཀྱི་ཚན་སྤྱིའི་སྨན་པ་དང་། སྤྱི་ཚོགས་འཕྲོད་བསྟེན་ལྟེ་གནས་། ཡང་ན་བུད་མེད་ཀྱི་འཕྲོད་བསྟེན་སྨན་ཁང་། གཞན་གདོད་དམངས་འཕྲོད་བསྟེན་ཞབས་ཞུ་ཁང་ཁ་ཤས་སོགས་སུ་བསྐྱོད་ཆོག གལ་ཏེ་ཁྱེད་རང་ལ་གཞུང་གི་སྨན་བཅོས་ལྟ་སྐྱོང་ལག་འཁྱེར་ཡོད་ཚེ་སྨན་པ་བསྟེན་དུས་ཕྱོགས་སྡོམ་གྱིས་གཞུང་གྲོན་ནང་བསྡུ་གི་ཡོད་སྟབས་རང་ངོས་ནས་འགྲོ་གྲོན་གཏོང་དགོས་དོན་མེད།
སྐྲན་ནད་འདི་རྟགས་དཔྱད་བྱེད་རྒྱུའི་ཐབས་ལམ་གཉིས་ཡོད། ཁྱོད་ཀྱི་སྨན་པས་ཁྱེད་རང་ལ་ཐབས་ལམ་གཉིས་པོ་འགྲེལ་བརྗོད་བྱེད་ཀྱི་རེད།
བརྟག་དཔྱད་ཀྱི་རིགས་གཉིས་གང་ཡིན་ནམ།
ཁྱེད་རང་གིས་སྨན་པའམ་སྨན་ཞབས་པ་གང་རུང་ཞིག་ལ་སྨན་ཁང་རང་དུ་བརྟག་ཞིབ་དེ་བྱེད་བཅུག་ན་འགྲིག སྨན་རམས་པ་ཨེམ་ར་ཧིམ་གྱིས་གསུངས་དོན། “བརྟག་ཞིབ་ཀྱི་རྒྱུ་ཆ་བསྡུ་རྒྱུར་ང་ཚོས་མཚན་མའི་ཐོད་ནས་རྩེ་ཐོག་སྲིང་བལ་ཅན་གྱི་དབྱུག་གུ་ཞིག་གིས་མཚན་ཁུ་ཅུང་ཙམ་ཞིག་ལེན་དགོས་ཀྱི་ཡོད།”
གཞན་སྨན་ཁང་གི་ལས་བྱེད་མ་ཡིན་པར་རང་ངོས་ནས་མཚན་ཁུ་བསྡུ་རྒྱུའི་གདམ་ག་ཡང་ཡོད། འདིས་གང་ཟག་དེར་རང་ཉིད་ཀྱི་མཚན་མ་ནས་ཧྲིང་བལ་ཆུང་ཆུང་ཞིག་གི་ཐོག་མཚན་ཁུ་ལེན་འཇུག་གི་ཡོད། དེ་ནི་རང་སྒེར་གྱིས་བྱེད་རྒྱུ་ཡོད་པ་དང་བརྟག་ཞིབ་ཀྱི་རྒྱུ་ཆ་ཆུང་ཆུང་ཞིག་གིས་མིའི་རིགས་ཀྱི་འགོས་ནད་ནད་དུག་འཚོལ་ཞིབ་བྱེད་རྒྱུར་ཏག་ཏག་འཐུས་ཀྱི་ཡོད།
བརྟག་ཞིབ་ཀྱི་ཐབས་ལམ་གཉིས་ཀར་དུས་ཚོད་སྐར་མ་འགའ་ལས་འགོར་གྱི་མེད།

རང་ངོས་ནས་བརྟག་ཞིབ་གྱི་རྒྱུ་ཆ་བསྡུ་བའི་ཕན་ཡོན།
ཇོ་ཤི་བ་ཨོ་ལི་ཝར་གྱིས་སྤྱི་ཚོགས་སློབ་གསོའི་འདུ་འཛོམས་ཤིག་གི་སྐབས་རང་ངོས་ནས་བརྟག་ཞིབ་རྒྱུ་ཆ་བསྡུ་རྒྱུའི་གདམ་གའི་སྐོར་ལ་ཤེས་རྟོགས་བྱུང་ཡོད། ཁོ་མོས་བརྗོད་དོན། "མངལ་སྒོའི་བརྟག་དཔྱད་བྱེད་རྒྱུ་དེ་ང་ཚོ་ཚང་མས་ཤེས་གསལ་ལྟར་སྨན་པ་དང་འབྲེལ་བ་དང་ཐུག་འཕྲད་བྱེད་དགོས་སྟབས་ལུས་སེམས་གཉིས་ཀའི་ཆ་ནས་མ་བདེ་བ་ཞིག་ཆགས་འགྲོ་གི་ཡོད། དེར་བརྟེན་ངས་རང་ཉིད་ཀྱི་མངལ་སྒོའི་བརྟག་དཔྱད་ཀྱི་གདམ་ག་དེ་ཤེས་འདོད་ཆེན་པོ་བྱུང་། ངས་ཚོད་ལྟ་བྱས་རྗེས་དྲང་པོར་བཤད་ན་དེ་ནི་ཉམས་མྱོང་ཧ་ཅང་བཟང་པོ་ཞིག་རེད། མངལ་སྒོའི་བརྟག་དཔྱད་བྱ་རིམ་བརྒྱུད་ནས་ཡོ་ཆས་དེ་ང་ལ་སྤྲད་བྱུང་། ཡོ་ཆས་དེའི་ཐོག་གི་ལམ་སྟོན་ལག་བསྟར་བྱེད་རྒྱུ་ཧ་ཅང་ལས་སླ་པོ་འདུག །གུས་མོར་མཚོན་ན་སྨན་པས་གང་བཤད་བྱེད་མཁན་གྱི་ནད་པ་ཞིག་མ་ཡིན་པར་རང་ཉིད་ལ་སྒེར་སྲུང་དང་རང་དབང་ཡོངས་རྫོགས་ཡོད་པ་དེས་སེམས་ཁྲལ་ཤིན་ཏུ་ཆུང་དུ་བཏང་བ་དེས་དགེ་ཕན་ཆེ་བ་བྱུང་།"
ཨོ་ལི་ཝར་གྱིས་མོ་རང་གི་ཚན་སྤྱིའི་སྨན་པ་བསྟེན་རྒྱུའི་དུས་ཚོད་བཟོས་རྗེས་བརྟག་ཞིབ་དེ་ལས་སླ་པོའི་ཐོག་བྱས་ཡོད།
གུས་མོར་མཚོན་ན་སྨན་པས་གང་བཤད་བྱེད་མཁན་གྱི་ནད་པ་ཞིག་མ་ཡིན་པར་རང་ཉིད་ལ་སྒེར་སྲུང་དང་རང་དབང་ཡོངས་རྫོགས་ཡོད་པ་དེས་སེམས་ཁྲལ་ཤིན་ཏུ་ཆུང་དུ་བཏང་བ་དེས་དགེ་ཕན་ཆེ་བ་བྱུང་།སྨན་པ་བསྟེན་མཁན་ཇོ་ཤི་བ་ཨོ་ལི་ཝར།
མངལ་སྒོའི་བརྟག་དཔྱད་ཀྱི་འགོག་རྐྱེན་ལས་རྒྱལ་ཐབས་བྱེད་པ།
མངལ་སྒོའི་འབྲས་སྐྲན་མེད་པར་བཟོ་མཁན་གྱི་རྒྱལ་ཁབ་དང་པོ་དེ་ཨོ་སི་ཁྲུ་ལི་ཡ་ཆགས་སྲིད་པ་དེ་ནི་དངོས་གནས་དགའ་འོས་པ་ཞིག་རེད། ཡིན་ནའང་སྐད་ཡིག་དང་རིག་གཞུང་གི་འགོག་རྐྱེན་འགའ་ཤས་ཀྱིས་རིག་གནས་སྣ་མང་དང་གདོད་དམངས་བུད་མེད་ཀྱི་ནང་དུ་བརྟག་དཔྱད་བྱེད་ཚད་དམའ་རུ་གཏོང་བཞིན་ཡོད།
ཞབས་ཞུ་མ་ཐོབ་པའི་ས་ཁུལ་དེ་དག་ནང་བརྟག་དཔྱད་ཀྱི་གྲངས་འབོར་མང་དུ་གཏོང་རྒྱུར་འབད་བརྩོན་བྱེད་རྒྱུ་དེ་ཨོ་སི་ཁྲུ་ལི་ཡའི་རིག་གནས་སྣ་མང་འཕྲོད་བསྟེན་མཉམ་འབྲེལ་ཚོགས་པས་འགན་འཁུར་བྱེད་ཀྱི་ཡོད།
ནི་ཌི་ཡ་ར་ཡ་མཱར་ཊི་ནེ་ཛི་ནི་མཉམ་འབྲེལ་ཚོགས་པའི་ལས་རིམ་འགན་འཛིན་བགྲེས་པ་ཡིན། ཁོང་གིས་ཨོ་སི་ཁྲུ་ལི་ཡའི་རིག་གཞུང་སྣ་མང་གི་སྤྱི་ཚོགས་ཚོགས་པ་ཁག་དང་མཉམ་དུ་ཚོད་ལྟའི་ཚད་གཞི་མཐོ་རུ་གཏོང་རྒྱུའི་ཕྱག་ལས་གནང་གི་ཡོད།
མངལ་སྒོའི་བརྟག་དཔྱད་བྱེད་སྐབས་རིག་གནས་སྣ་མང་གི་རྒྱབ་ལྗོངས་ཡོད་པའི་བུད་མེད་ཚོ་རྒྱབ་ལ་ལུས་ཡོད་པ་དང་། ལྷག་པར་དུ་གསར་དུ་འབྱོར་བའི་བུད་མེད་ཚོ་རྗེས་སུ་ལུས་ཡོད་ཅེས་མར་ཊི་ནེ་ཛི་ཡིས་གསུངས།

"རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གོ་བ་ཡོད་མཁན་གྱི་འཕྲོད་བསྟེན་ལྟ་སྐྱོང་བ་ཞིག་མེད་པ་དེ་དཀའ་ངལ་སྣ་མང་གི་ཐོག་མ་དེ་ཡིན། དེ་ནས་སྨན་ཁང་དུ་འབྱོར་རྗེས་དཀའ་ངལ་གཞན་ཡོད། བརྟག་ཞིབ་དེ་བྱེད་རྒྱུར་ངོ་ཚ་སྣང་དང་གོན་པ་ཕུད་རྒྱུ་སྔངས་འཚབ་ཡོང་སྲིད།"
དེར་བརྟེན་རང་ངོས་ནས་བརྟག་ཞིབ་ཀྱི་རྒྱུ་ཆ་བསྡུ་རུབ་བྱེད་རྒྱུའི་ཐབས་ལམ་འདིས་བརྟག་ཞིབ་དེའི་ངོ་བོ་ཡོངས་སུ་བསྒྱུར་ཐུབ་ཡོད།
རང་ཉིད་ཀྱི་མངལ་སྒོའི་བརྟག་དཔྱད་ལ་སྟངས་འཛིན་བྱེད་པ་དེས་བུད་མེད་ཚོས་ཚེ་སྲོག་སྐྱོབ་ཐུབ་པའི་བརྟག་དཔྱད་དེ་བྱེད་པར་བཀག་འགོག་བྱེད་པའི་འགལ་རྐྱེན་དེ་དག་མྱོང་དགོས་ཀྱི་མེད།
དེ་ལྟ་ན་ཡང་ད་དུང་བརྟག་ཞིབ་ཡང་སྨན་ཁང་ནས་བྱེད་དགོས་ཀྱི་ཡོད་ནའང་དེར་རང་ཉིད་རས་ཡོལ་གྱི་རྒྱབ་ཏུ་གསང་སྟབས་ཀྱིས་གོན་པ་ཕུད་རྗེས་བརྟག་ཞིབ་ཀྱི་རྒྱུ་ཆ་བླངས་རྗེས་གཞི་ནས་སྨན་པའི་སར་འགྲོ་དགོས། སྐབས་རེ་ཁོ་ཚོས་ཁྱེད་རང་སོ་སོར་གསང་སྤྱོད་དུ་ཡང་གཏོང་སྲིད། དེ་ནི་ངོ་ཚ་སྣང་ཡོད་མཁན་ཚོ་ལ་སྟབས་བདེ་བ་མ་ཟད་སྨན་པ་སྐྱེས་པ་ཡིན་ན་དེ་བས་བཟང་བ་ཡིན།
དེའི་སྐོར་གྱི་ཤེས་བྱ་སྤྱི་ཚོགས་ནང་ཁྱབ་སྤེལ་བྱ་རྒྱུ།
མཉམ་ལས་ཀྱི་ལས་དོན་འདི་གྲུབ་འབྲས་ལྡན་པ་ཞིན་ཏུ་གྱུར་ཡོད། དེའི་རྒྱུ་རྐྱེན་ནི་དམངས་སྡེའི་ཚོགས་པ་ཁག་དང་ལག་འབྲེལ་གྱིས་བུད་མེད་ཚོས་སྡེ་ཁག་སྤྱི་ཚོགས་སོ་སོའི་ནང་ལས་རིམ་ཁག་བརྒྱུད་གནད་དོན་འདིའི་ཐད་རང་ངོས་ནས་གོ་རྟོགས་སྤེལ་གྱིན་བརྟག་ཞིབ་བྱ་རྒྱུའི་དུས་གཅད་བཟོ་བ་དང་། སྐབས་རྗེས་མར་ཚོགས་ཆུང་བཟོས་ནས་ཀྱང་བརྟག་ཞིབ་བྱེད་ཀྱི་ཡོད།
གཞན་ཡང་མར་ཀྲི་ནེ་ཛི་ལགས་ཀྱིས་"གོ་རྟོགས་ལྡན་མཁན་ཚོ་སྨན་པའི་ལྷན་ཏུ་དེའི་སྐོར་གླེང་སློང་བྱེད་རྒྱུ་བདེ་པོ་ཆགས་པ་དང་དེ་ནས་རང་ཉིད་ཀྱི་གཉེན་ཉེ་དུ་ལ་འགྲོས་བྱེད་པ་མ་ཟད། ཁྱོ་ག་ཚོས་ནང་ལ་ལོག་ནས་རང་གི་བཟའ་ཟླ་དང་བུ་མོ། ཨ་མ་སོགས་ལ་བརྟག་ཞིབ་དེ་བྱེད་རྒྱུར་བསྐུལ་མ་གཏོང་དགོས།" ཞེས་གསུངས།
ནར་འགྱངས་མ་བྱེད།
ཨོ་ལི་ཝར་གྱི་གསུངས་དོན། "བརྟག་ཞིབ་དེ་བྱ་རྒྱུར་ནར་འགྱངས་འགྲོ་བ་དེ་ཆོས་ཉིད་རེད། འོན་ཀྱང་དེ་ལྟར་ནར་འགྱངས་གཏོང་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད། རང་ངོས་ནས་བརྟག་ཞིབ་ཀྱི་རྒྱུ་ཆ་ལེན་རྒྱུའི་ཐབས་ལམ་དེར་ཚོད་ལྟ་ཞིག་གནང་དང་། མ་འོངས་པར་དེ་ལྟར་བྱས་པ་དེ་ངོ་མ་འགྱོད་པ་མེད་པ་ཞིག་བྱུང་ངེས་ཏན་ཁེལ་བ་རེད།"
Subscribe or follow the Australia Explained podcast for more valuable information and tips about settling into your new life in Australia.
Do you have any questions or topic ideas? Send us an email to australiaexplained@sbs.com.au








