Key Points
- There are many unwritten rules for what is deemed polite, appropriate, or rude.
- Differences in etiquette may pose as a barrier to migrants trying to break into a social or professional circle.
- Some migrants admit they have learned ‘the hard way’ about what is offensive in Australia.
གུས་ལུགས་ནི་དམིགས་བསལ་གྱི་སྤྱི་ཚོགས་ཞིག་དང་། རིག་གཞུང་། ཡང་ན་ཚོགས་སྡེ་བྱེ་བྲག་པའམ་ཆེད་ལས་ཀྱི་སྡེ་ཚན་ག་གེ་མོ་ཞིག་གི་ནང་གུས་ཞབས་དང་སྤྱོད་ལམ་བཟང་པོ་བྱེད་པའི་ལམ་དང་ལུགས་སྲོལ་ཚད་འཛིན་ཞིག་ཆགས་ཡོད།
ཨ་མན་དྷ་ཁིན་ Amanda King ལགས་ནི་ཨོ་སི་ཊོ་ལི་ཡའི་ལེགས་སྒྲིག་སློབ་གྲྭ་གསར་འཛུགས་གནང་མཁན་ཞིག་དང་། ཁོ་མོས་རིག་གཞུང་སྣ་ཚོགས་ཀྱི་རྒྱབ་ལྗོངས་ཅན་གྱི་མི་རྣམས་ལ་ཨོ་སི་ཊོ་ལི་ཡའི་ནང་ཁྲིམས་སྲོལ་དང་ལྡན་པའི་ཐོག་ནས་དང་ལེན་བྱེད་འོས་པའི་གུས་ལུགས་སྐོར་སློབ་ཁྲིད་བྱེད་བཞིན་ཡོད།
ཁོ་མོས་"སྤྱོད་ལམ་ཁྲོད་གུས་ལུགས་ཀྱི་གཞི་འཛིན་དེ་འདྲ་ཞིག་སྤྱི་ཚོགས་ནང་དགོས་གལ་ཆེན་པོ་ཡིན་སྐོར་"འགྲེལ་བརྗོད་གནང་འདུག
ལྕམ་ཁིན་ལགས་ཀྱིས་"གུས་ལུགས་བཟང་པོ་ཞིག་ཡོད་དགོས་པ་དེ་ནི་སྟབས་བདེའི་རྩ་དོན་ཧ་ཅང་ཉུང་ཉུང་ཞིག་ལས་མེད་ཅིང་། དེ་ནི་ང་ཚོའི་ཕྱི་ཚུལ་དང་སྤྱིར་བཏང་གི་རྣམ་འགྱུར་ལ་དམིགས་ནས་བཤད་པ་ཞིག་ཡིན་པས་སྣང་བརྙན་དེ་གྲུབ་པ་རེད།" འོན་ཀྱང་ཨོ་སི་ཊོ་ལི་ཡའི་ནང་གུས་ལུགས་དེ་གཙོ་བོར་ཁྱེད་རང་གི་དམིགས་བསལ་ཁོར་ཡུག་དེ་དང་གནས་སྟངས་ལ་ཡང་རག་ལུས་ཡོད་པ་རེད་ཅེས་གསུངས་འདུག
ཡང་ཁོ་མོས་"ང་ཚོ་ནི་མི་འབོར་དང་རིག་གཞུང་གི་ཐད་ནས་བཤད་ན་ཡོད་ཚད་འཛམ་གླིང་གི་ས་ཕྱོགས་གང་ས་ནས་འདུས་པ་ཞིག་དང་། དབྱིན་ཇིའི་སྐད་ཡིག་ནི་གཞི་རྩ་ཡིན། འོན་ཀྱང་རིག་གཞུང་ཐད་ནས་ཨོ་རོབ་དང་ཨ་རིའི་ལམ་ལུགས་ཀྱང་ཚུད་ཡོད། ང་ཚོ་རང་ཉིད་ཀྱི་ལུགས་སྲོལ་ཞིག་ཡོད་མོད་ཀྱང་། ང་ཚོ་ནི་འཛམ་གླིང་གི་ཆ་ཤས་ཤིག་ཀྱང་ཆགས་ཡོད།" ཅེས་གསུངས།
ཁོ་མོས། གཞིས་སྤོ་བ་ཚོས་སྤྱི་ཚོགས་ནང་སྐབས་རེར་ཡིག་ཐོག་ཏུ་མ་བཀོད་པའི་ཡ་རབས་གུས་སྲོལ་དེ་དག་ཀྱང་སྦྱང་དགོས་པ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་དཔེར་ན་མིའི་མཐོང་སྣང་དང་། ལུགས་སྲོལ། སྤྱོད་ལམ། འབྲེལ་འདྲིས་བཅས་ཀྱི་ལམ་ནས་ཀྱང་ཡ་རབས་ཀྱི་སྤྱོད་ཚུལ་གལ་ཆེན་ཡིན་སྐོར་གསུངས་འདུག
Communication is the real key one — how to be a skilful conversationalist. At the end of the day, that's quite difficult when English may not be your first language.Amanda King, etiquette expert and instructor

མི་སྒེར་གྱི་མི་ཚེ་འཚོ་བ་དང་འབྲེལ་བའི་དྲི་བ་འདྲི་མི་རུང་ལ་འདྲི་མི་འོས།
ཨོ་སི་ཊོ་ལི་ཡའི་ནང་ཡིག་ཐོག་ཏུ་མ་བཀོད་པའི་སྤྱོད་ལམ་སྐོར་གནད་འགག་ཆེ་ཤོས་ཤིག་ནི། འོས་བབས་མ་ཡིན་པ་དང་མི་སྒེར་གྱི་མི་ཚེའི་འཚོ་བ་དང་འབྲེལ་བའི་སྐད་ཆ་འདྲི་མི་རུང་། དེས་མི་གཞན་གྱི་ཚོར་བ་མི་བདེ་བ་བཟོ་སྲིད། ད་དུང་བཟའ་ཚང་གི་གནས་ཚུལ་དང་། དཔལ་འབྱོར་གྱི་གནས་སྟངས། ཆོས་ལུགས། ཆབ་སྲིད་སོགས་ཚུད་ཡོད།
ལྕམ་ཁིན་ལགས་ཀྱིས་"མི་གཞན་དང་ཐུན་མོང་གི་བརྗོད་གཞི་འཚོལ་ན་ད་གཟོད་འབྲེལ་འདྲིས་བྱེད་ཐུབ། དེར་བརྟེན་ང་ཚོས་བརྗོད་གཞི་གཞན་དག་ཐོག་ནས་བཀའ་མོལ་གནང་དགོས་པ་ལས་ཧ་ཅང་མི་སྒེར་གྱི་གནས་ཚུལ་དང་འབྲེལ་བའི་ཐོག་ནས་སྐད་ཆ་བྱས་ཚེ་དེས་མི་ལ་ཕོགས་ཐུག་གཏོང་སྲིད།" ཅེས་གསུངས།
འོན་ཀྱང་རིག་གཞུང་རེ་རེར་ལྟ་ཚུལ་མ་འདྲ་བ་ཡོད་པ་དང་། གནས་སྤོ་ལ་སླེབས་པའི་མི་རྣམས་ཀྱིས་ཁོང་ཚོ་སོ་སོའི་ལུང་པ་དང་རིག་གཞུང་ཐོག་ནས་དང་ལེན་བྱེད་ཐུབ་པའི་ལུགས་སྲོལ་དང་གནས་ཚུལ་ཁག་ཅིག་ཨོ་སི་ཊོ་ལི་ཡའི་ནང་ནག་ཉེས་ཆགས་ཀྱི་ཡོད།
ཝིན་མཱ་ཡུས་ Winmas Yu ནི་ཧོང་ཀོང་ནས་ཡིན་ཞིང་ཨོ་སི་ཊོ་ལི་ཡར་འབྱོར་ནས་ལོ་ ༡༠ ཙམ་འགྲོ་བཞིན་ཡོད། ཁོང་གིས་ཧོང་ཀོང་ནང་མི་གཞན་གྱི་ལུས་གཟུགས་ལ་འགྲེལ་བཤད་རྒྱག་རྒྱུ་དེ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་མིན་ཡང་ང་ཚོའི་ཕ་མ་དང་སྤོ་སྤོ་རྨོ་རྨོ་ཚོས་ང་ཚོ་ལ་ཁྱེད་རང་ཁ་ལག་མང་ཙམ་བཟའ་དགོས་ཀྱི་འདུག་གཟུགས་པོ་སྐམ་པོ་རེད་འདུག་ཟེར་བ་དང་། ཁྱེད་རང་ཁ་ལག་ཉུང་ཙམ་བཟའ་དགོས་ཀྱི་འདུག་ཁྱེད་རང་གཟུགས་པོ་རྒྱག་པ་རེད་འདུག་དེ་འདྲ་ལབ་ཀྱི་ཡོད་རེད། འོན་ཀྱང་ང་རང་ཨོ་སི་ཊོ་ལི་ཡའི་ནང་འབྱོར་རྗེས་མི་གཞན་གྱི་གཟུགས་པོའི་བཟོ་ལྟ་དང་། ཁོང་ཚོས་ཁ་ལག་ག་ཚོད་བཟའ་མིན་སྐོར་འགྲེལ་བརྗོད་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་དང་དེ་ནི་མི་སྒེར་གྱི་འཚོ་བའི་གནད་དོན་གཞན་གྱིས་ཇུས་གཏོགས་བྱེད་མི་འོས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་སོང་ཟེར།

སཱ་རཱ་ Sarah ལགས་ནི་ལུང་པ་མོ་རོ་ཀོ་ Morocco ནས་ཡིན་ཞིང་། ཁོ་མོ་ཨོ་སི་ཊོ་ལི་ཡར་འབྱོར་ནས་ལོ་ངོ་ ༡༥ ཙམ་ཕྱིན་ཡོད། ཁོ་མོས་ཨ་རབ་ཀྱི་རིག་གཞུང་ནང་དཔེར་ན་མི་གཞན་གྱི་དཔལ་འབྱོར་གྱི་གནས་བབས་སྐོར་སྐད་ཆ་འདྲི་སྲོལ་མེད་ཀྱང་། བཟའ་ཚང་གི་གནས་སྟངས་སྐོར་དཔེར་ན་ཕྲུ་གུ་ག་ཚོད་ཡོད་མེད་སོགས་ཕན་ཚུན་འདྲི་རེས་བྱེད་སྲོལ་ཡོད་པ་དང་། དེ་བཞིན་དཔེར་ན་གལ་སྲིད་བཟའ་ཚང་གཉིས་ཆང་ས་བརྒྱབ་ནས་ཟླ་བ་ ༩ ཙམ་ཕྱིན་ཡོད་ཚེ། ད་དུང་ཕྲུ་གུ་མེད་དམ་ག་རེ་བྱས་པ་རེད། དཀའ་ངལ་ག་རེ་འཕྲད་སོང་ལྟར་བུ་ཆོབ་སློང་རེས་བྱེད་སྲོལ་ཡོད་སྐོར་བརྗོད་འདུག
ལས་ཀ་འཚོལ་སྐབས་གུས་ལུགས་ཀྱི་གལ་གནད།
གུས་ལུགས་བྱེད་སྟངས་མ་ཤེས་ཚེ་གཞིས་སྤོ་བ་དེ་ཚོ་མཚམས་རེར་ལས་ཀ་བྱེད་ས་དང་ལས་ཀ་འཚོལ་སྐབས་དཀའ་ངལ་འཕྲད་སྲིད། ཧྥ་བྷའོ་ལཱ་ཁེམ་བྷིལ་ Fabiola Campbell ལགས་ནི་ཝི་ནེ་ཛོ་ལཱ་ལུང་པ་ནས་ཡིན་ཞིང་ཁོ་མོ་ཨོ་སི་ཊོ་ལི་ཡར་སླེབས་ནས་ལོ་ ༡༨ ཙམ་ཕྱིན་ཡོད། ཁོ་མོས་ཕྱི་ལོ་ ༢༠༡༩ ལོར་གཞིས་སྤོ་བུད་མེད་ཀྱི་ཆེད་ལས་ཞེས་པའི་ཚོགས་པ་ཞིག་གསར་འཛུགས་བྱས།
ཚོགས་པ་དེའི་དམིགས་ཡུལ་ནི་གཞིས་སྤོའི་བུད་མེད་དང་ཆེད་ལས་ཀྱི་ལས་ཀ་དབར་བར་ཐག་ཉེ་རུ་གཏོང་ནས། ལས་མེད་དང་ལས་ཤོར་གྱི་བུད་མེད་རྣམས་ལ་ཆེད་ལས་ཀྱི་ལས་ཀ་རག་ཐབས་སྐོར་སྦྱོང་བརྡར་དང་གོ་རྟོགས་སྤེལ་རྒྱུ་དེ་ཡིན། བུད་མེད་དེ་དག་ལག་རྩལ་དང་ཉམས་མྱོངས་ཐད་ནས་མ་འདང་བ་མེད་ཀྱང་གཙོ་བོར་ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་ཞུགས་སྟངས་ཀྱི་བརྒྱུད་རིམ་ཤེས་རྟོགས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་འདུག

ལྕམ་ཁེམ་བྷེལ་ Ms Campbell’s ལགས་ཀྱི་ཕྱི་རྒྱལ་གྱི་བུད་མེད་རྣམས་ལ་ནུས་སྟོབས་སྤེལ་བའི་འབྲེལ་མཐུད་ཁང་དེས་ཁོང་ཚོར་སྦྱོང་བརྡར་ལས་རིམ་བརྒྱུད་ཨོ་སི་ཊོ་ལི་ཡའི་ལས་ཞུགས་ཁྲོམ་རའི་ནང་ཞུགས་སྟངས་སྐོར་སྦྱོང་བརྡར་སྤྲོད་ཀྱི་ཡོད།
There are certain things you learn the hard way. Some people, maybe because of their culture, they want to be seen as taking the initiative, but can come across as being a bit pushy.Fabiola Campbell, Founder of Migrant Professional Women
ལྕམ་ཁེམ་བྷེལ་ལགས་ཀྱིས་ལས་ཀ་འཚོལ་སྐབས་ཐབས་ཇུས་ཡག་ཤོས་ཤིག་ནི་མི་གཞན་ལ་ཧམ་ཤེད་བྱེད་མི་རུང་བ་དང་། གུས་ཞབས་ལྡན་པའི་ཐོག་ནས་མི་ལ་འབྲེལ་འདྲིས་དང་བཀའ་འདྲི་ཞུ་དགོས་པ་ཡིན། ད་དུང་ཁྱེད་རང་གི་མི་ཞིག་ཐུག་སྐབས་སྔོན་ལ་ཕར་ཕྱོགས་དེར་སྐད་ཆ་ཤོད་བཅུག་དགོས་པ་རེད་ཅེས་གསུངས་འདུག
ཁོ་མོས་མི་ཞིག་ཐུག་སྐབས་ཐོག་མར་ཁོང་ལ་སྐད་ཆ་ཤོད་རྒྱུའི་གོ་སྐབས་སྤྲད་ནས་ཁོང་གི་ས་ནས་རྒྱུས་ལོན་བྱེད་དགོས་པ་ཡིན། དེ་རྗེས་ཁོང་ལ་ཁྱེད་རང་ལ་ལས་ཀ་དེ་གང་འདྲ་བྱེད་ནས་རག་གི་ཡོད་མེད་དང་། ལས་གནས་དེར་ཞུགས་ཐབས་གང་འདྲ་བྱེད་དགོས་མིན་བཀའ་འདྲི་ཞུས་ཆོག བཀའ་མོལ་གནང་སྐབས་མི་གཞན་དེ་སྤྲོ་སྣང་ལྡན་པ་ཞིག་བཟོ་ཐབས་བྱེད་དགོས་པ་དང་། དེ་དང་ཆབས་ཅིག་ཁྱེད་རང་གིས་ཁོང་གི་ས་ནས་གནས་ཚུལ་ཁག་རྒྱུས་ལོན་བྱེད་ཐུབ་ཅེས་གསུངས་འདུག

གུས་ལུགས་སྐོར་ལམ་སྟོན་གནང་མཁན་ཨ་མན་དྷ་ཁིན་ Amanda King ལགས་ཀྱིས་སྤྱི་ཚོགས་དང་ཆེད་ལས་རང་བཞིན་གྱི་ལས་གནས་སྐབས་སུ་གལ་ཆེ་ཤོས་ནི་དུས་ཐོག་ཏུ་འབྱོར་ཐུབ་པ་བྱེད་དགོས། གལ་སྲིད་ཚོགས་འདུ་ལྟར་བུར་ཁྱེད་རང་རྗེས་ལུས་ཐེབས་ཀྱི་ཡོད་ན་གོ་སྒྲིག་བྱེད་མཁན་ལ་ངེས་པར་དུ་སྐར་མ་ ༡༥ དང་ ༢༠ ཙམ་གྱི་སྔོན་ནས་བརྡ་ལན་སྤྲད་དགོས་པ་ཡིན། ད་དུང་ཚོགས་འདུ་དང་ཐུག་འཕྲད་སྐབས་སུ་ཁྱེད་རང་སོ་སོ་ངོ་སྤྲོད་ཁ་གསལ་དང་གདེང་ཚོད་ཡོད་པའི་ཐོག་ནས་གཞན་ལ་འགྲེལ་བཤད་དང་གཞན་གྱི་གདོང་པ་ཁ་གཏན་ནས་སྐད་ཆ་ཤོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་ལམ་སྟོན་གནང་འདུག






