SKIP TO MAIN CONTENT

༄༅། །བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་ཚབས་ཆེན་ནང་གར་སོང་ཆ་མེད་དུ་གྱུར་བའི་ཁྲོད་ཨོ་སི་ཊེ་ལི་ཡའི་མི་༣༥ ཙམ་ཡོད་པ།

dfasd.jpg

ཉེ་དུས་བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་བྱུང་བའི་ཆུ་ལོག་དྲག་པོ་དེའི་རྗེས་སུ་ཉུང་མཐར་མི་གྲངས་ ༡༦༠ ལྷག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཨོ་སི་ཊེ་ལི་ཡའི་ཡུལ་སྐོར་སྤྲོ་འཆམ་པ་ ༣༤ ཚུད་པའི་མི་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།


Published

Presented by Domnyershar Dadon

Source: SBS


Skip to podcast episode content

ཉེ་དུས་བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་བྱུང་བའི་ཆུ་ལོག་དྲག་པོ་དེའི་རྗེས་སུ་ཉུང་མཐར་མི་གྲངས་ ༡༦༠ ལྷག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཨོ་སི་ཊེ་ལི་ཡའི་ཡུལ་སྐོར་སྤྲོ་འཆམ་པ་ ༣༤ ཚུད་པའི་མི་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།


ཉེ་དུས་བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་བྱུང་བའི་ཆུ་ལོག་དྲག་པོ་དེའི་རྗེས་སུ་ཉུང་མཐར་མི་གྲངས་ ༡༦༠ ལྷག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཨོ་སི་ཊེ་ལི་ཡའི་ཡུལ་སྐོར་སྤྲོ་འཆམ་པ་ ༣༤ ཚུད་པའི་མི་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

ས་གནས་དབང་འཛིན་པ་ཚོས་མི་ ༡༥༠ ལྷག་གི་ཕུང་པོ་རྙེད་ཡོད་པ་དང་། ཆུ་ལོག་གི་ཉེན་ཁ་ཡོད་པའི་ས་ཁུལ་དུ་གནས་སྡོད་བྱེད་མཁན་ཚོ་བདེ་སར་གནས་སྤོ་བྱེད་བཞིན་ཡོད་པ་རེད།

ཕྱི་སྲིད་བློན་ཆེན་པེ་ནི་ཝོང་གིས་གར་སོང་ཆ་མེད་དུ་གྱུར་བ་དེ་དག་ནི་ལོགས་སུ་གྱེས་པའི་གནས་མཇལ་དང་ཡུལ་སྐོར་ཚོགས་པ་ཡིན་པར་བརྗོད་ཡོད།

གོད་ཆག་དེའི་ནང་འབོར་བརླང་སོང་བའི་མི་རྣམས་མུ་མཐུད་འཚོལ་ཞིབ་བྱེད་བཞིན་པའི་སྐབས་འདིར་ཕྱོགས་གང་ས་ནས་ཡང་སྙིང་དཀའ་ངལ་དེའི་འབྱུང་ཁུངས་རྩད་འདྲི་བྱེད་བཞིན་ཡོད།

ཤོ་ཡྨ་རཱ་ཇྷ་བྷན་དྷ་རི་ནི་ཆུ་ལོག་གིས་གནོད་སྐྱོན་ཚབས་ཆེན་བྱུང་བའི་བལ་ཡུལ་གྱི་ནུའུ་ཝ་ཀོ་ཊི་རྫོང་དུ་གནས་སྡོད་བྱེད་མཁན་ཞིག་ཡིན་ཞིང་ཁོང་གིས་གསུངས་དོན།

བོད་དང་བལ་ཡུལ་གྱི་ས་མཚམས་སུ་བྱུང་བའི་ཆུ་ལོག་གི་དོན་རྐྱེན་དེས་ཉུང་མཐར་མི་གྲངས་ ༡༦༠ ལྷག་རྐྱེན་ལམ་དུ་ཤོར་ཡོད།

ས་གནས་ཉེན་རྟོག་པས་ད་ལྟའི་ཆར་ཕུང་པོ་ ༡༥༧ རྙེད་ཡོད་པ་དང་། ལས་བྱེད་པ་ཚོས་ཆུ་ལོག་གི་ཉེན་ཁ་ཡོད་པའི་ས་ཁུལ་དུ་གནས་སྡོད་བྱེད་མཁན་ཚོ་བདེ་འཇགས་ཡོད་སར་གནས་སྤོ་བྱེད་བཞིན་ཡོད།

ཁང་པ་དང་། ལམ་ཁ། ཟམ་པ་བཅས་དུ་མ་ཞིག་ཆུ་ལོག་གི་འདྲེན་ཤུགས་དང་ལྷན་དུ་མངོན་རྒྱུ་མེད་པར་གྱུར་ཡོད།

སྲིད་བློན་ཨན་ཐོ་ནི་ཨལ་བྷ་ནི་སིས་མཆོག་གིས་གོད་ཆག་དེའི་ནང་ཨོ་སི་ཊེ་ལི་ཡའི་མི་ ༣༤ ཚུད་པའི་མི་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པར་གསུངས་ཡོད།

དེའི་ནང་དུ་ལོ་ ༡༡ དང་ ༡༤ ཅན་གྱི་བྱིས་པ་གཉིས་ཚུད་ཡོད།

ཕྱི་སྲིད་བློན་ཆེན་པེ་ནི་ཝོང་གིས་གར་སོང་ཆ་མེད་དུ་གྱུར་བ་དེ་དག་ནི་ལོགས་སུ་གྱེས་པའི་གནས་མཇལ་དང་ཡུལ་སྐོར་ཚོགས་པ་ཡིན་པ་བརྗོད་ཡོད།

ཁོང་གིས་ཨོ་སི་ཊེ་ལི་ཡའི་ངོས་ནས་བལ་ཡུལ་གཞུང་དང་མིའི་རིགས་ཀྱི་རོགས་རམ་ཁག་ལ་མཉམ་འབྲེལ་བྱེད་བཞིན་ཡོད་པ་གསུངས་ཡོད།

བལ་ཡུལ་ཡུལ་སྐོར་ལྷན་ཁང་གིས་གསལ་བསྒྲགས་བྱས་པར་གཞིགས་ན་གར་སོང་ཆ་མེད་དུ་གྱུར་བའི་ཡུལ་སྐོར་བ་ ༤༠༣ གྱི་ཁྲོད་ནས་མང་ཆེ་བ་ཕྱི་རྒྱལ་གྱི་མི་སེར་ཡིན་པ་རེད།

དེ་དག་གི་ཁྲོད་དུ་རྒྱ་གར་བ་དང་། ཨོ་སི་ཊེ་ལི་ཡ། དབྱིན་ཇི། མ་ལེ་ཤི་ཡ། ཧོ་ལན་ཌི། པོར་ཅུ་གྷལ། ལྷོ་ཨ་ཧྥི་རི་ཀ། ལྷོ་ཀོ་རི་ཡ། ཨ་རི་བཅས་ཀྱི་མི་ཡོད་པ་རེད།

ཕྱི་སྲིད་དང་ཚོང་འབྲེལ་ལས་ཁུངས་གིས་ས་གནས་དེར་ཡོད་པའི་ཨོ་སི་ཊེ་ལི་ཡའི་མི་སེར་ཚོའི་བདེ་འཇགས་ཀྱི་ཕྱིར་ཛ་དྲག་ངང་ལས་ཀ་བྱེད་བཞིན་ཡོད་པ་དང་། ས་གནས་དབང་འཛིན་པ་དང་ཡུལ་སྐོར་ཚོང་པ་ཚོ་དང་མཉམ་དུ་འབྲེལ་གཏུག་བྱེད་བཞིན་ཡོད་པ་རེད།

ཀེ་ཤབ་པར་ས་ཌ་བྷ་རལ་ཡིས་ཁང་པའི་ཐོག་ཁར་བསྐྱོད་ཐུབ་ནས་གསོན་ཐར་བྱུང་ཀྱང་། རང་གི་ཆུང་མ་ཆུ་ལོག་གིས་འཁྱེར་བའི་རྐྱེན་གྱིས་སེམས་སྡུག་ཚད་མེད་བྱུང་ཡོད་པར་བརྗོད།

བལ་ཡུལ་གྱི་སྲིད་བློན་བྷ་ལེན་ཌ་ར་ཤ་ཡིས་སྤྱི་ཚོགས་དྲ་ལམ་ཐོག་གི་གསལ་བསྒྲགས་ཤིག་གི་ནང་དུ་ཆུ་ལོག་གི་གནོད་འཚེ་ཕོག་མཁན་ཚོ་ཁེར་རྐྱང་མིན་པ་དང་། དཀའ་ངལ་གྱི་དུས་སྐབས་འདིར་རོགས་རམ་གང་ཐུབ་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད།

ལྷོ་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཏུ་ཕྱི་ཟླ་དྲུག་པ་ནས་དགུ་པའི་བར་གྱི་ཆར་དུས་ཀྱི་རྐྱེན་གྱིས་ཆུ་ལོག་དང་ས་རུད་ཡང་ཡང་ཡོང་གི་ཡོད།

གནོད་འཚེ་དེས་འཛམ་གླིང་ནང་གི་སྐྱོབ་གསོའི་ལས་འགུལ་སྙོབ་ཁག་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱེད་བའི་ཐོག་རྡོག་རྫིས་ཟེར་བ་ལྟར་བརྡ་རྟགས་ཡོངས་སུ་ཆད་ནས་འབྲེལ་གཏུག་བྱེད་རྒྱུ་དེ་བས་དཀའ་རུ་ཕྱིན་ཡོད།

བལ་ཡུལ་རྒྱལ་སྤྱིའི་རྒྱ་འགྲམ་དམར་པོ་ཚོགས་པ་དང་ཟླ་དམར་མཐུན་ཚོགས་ཀྱི་འགན་འཛིན་ཌེ་ཝི་ཌི་ཧྤི་ཤར་གྱིས་གྲོང་གསེབ་དང་ཁྲོམ་ར་ཡོངས་རྫོགས་རྩ་མེད་བཟོས་ཡོད་པ་བརྗོད་ཡོད།

ཊ་ར་གྷོ་ཏམ་ནི་ཨོ་སི་ཊི་ལི་ཡའི་ནང་ཡོད་པའི་བལ་ཡུལ་གྱི་གཞུང་ཚབ་ཁང་ནས་ཡིན་ཁོང་གི་གསུངས་གསལ།

འོན་ཀྱང་མི་མང་པོ་ཞིག་གིས་ཆུ་ལོག་དེའི་རྐྱེན་རྩ་གང་ཡིན་མིན་འདྲི་བཞིན་ཡོད།

བལ་ཡུལ་གྱི་རང་ཆུང་གོད་ཆག་ལས་ཁུངས་ལྟར་ན། མཁའ་དབྱིངས་ནས་བླངས་པའི་གནས་ཚུལ་གྱིས་བལ་ཡུལ་དང་རྒྱ་ནག་གི་ས་མཚམས་སུ་གངས་ཀྱི་ཕུང་པོ་ཆེན་པོ་ཞིག་ཉེར་བ་དེས་ཆུ་ལོག་བསླངས་ཡོད་སྲིད་པ་བསྟན་ཡོད།

བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཁ་ནལ་གྱིས་ས་ཡོམ་ཞིག་གིས་རི་རུད་བསླངས་པ་དང་། དེས་རྒྱུག་ཆུ་ཞིག་བཀག་རྗེས་གློ་བུར་ཆུ་ཤུགས་ཆེན་པོར་གྱུར་བར་ཡིད་ཆེས་བྱེད་བཞིན་ཡོད།

ཆུ་ལོག་གི་རྒྱུ་རྐྱེན་དེ་གསལ་པོ་མེད་ཀྱང་། ཆེད་མཁས་པ་ཚོས་རྒྱུག་ཆུའི་ཐོག་གི་འགག་རྡོ་དེ་རྒྱུན་མཐུད་ནས་ལྷག་ན་ཆུ་ལོག་གཞན་ཞིག་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད།

ཀ་ཐ་མན་ཌུ་རུ་ཡོད་པའི་རྒྱལ་སྤྱིའི་རི་རྒྱུད་མཉམ་འབྲེལ་གོང་འཕེལ་ལྟེ་གནས་ཁང་ (ICIMOD) གི་རྒྱང་ཚོར་དང་ས་ཁམས་ཆ་འཕྲིན་དབྱེ་ཞིབ་པ་སར་ཐག་ཤེ་རེ་སི་ཐ་ཡིས་སྔོན་འགྲོའི་དཔྱད་ཞིབ་ལྟར་ན། རྒྱ་ནག་གི་ས་མཚམས་ནས་དམིགས་བསལ་གྱི་འགྱུར་བ་གང་ཡང་བྱུང་མེད་པ་བསྟན་ཡོད།

ཚན་རིག་པ་ཚོས་གནམ་གཤིས་འགྱུར་ལྡོག་གིས་ས་ཁུལ་དེར་ཛ་དྲག་གི་གནམ་གཤིས་ཀྱི་དོན་རྐྱེན་ཡོང་ཚད་དང་ཤུགས་ཚད་མང་དུ་གཏོང་བཞིན་ཡོད་པ་བརྗོད་ཡོད།

རྒྱལ་སྤྱིའི་རི་རྒྱུད་མཉམ་འབྲེལ་གོང་འཕེལ་ལྟེ་གནས་ཁང་གིས་ཆུ་ལོག་གཉིས་པ་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད།

དེ་དང་ཆབས་ཅིག་བལ་ཡུལ་གྱི་ཁིར་ཀེ་ཊི་རུ་ཁག་ཞིག་ཊོབ་ཨེན་ཌི་ཊི་ ༢༠ པའི་འགྲན་བསྡུར་ཆེད་ཌར་ཝིན་ལ་ཡོད་པས་བྱང་ཕྱོགས་ས་ཁུལ་གྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་སྔོན་དུ་སྐར་མ་གཅིག་རིང་ངག་བཅད་བྱ་རྒྱུ་རེད།

སྐྱོབ་གསོ་རུ་ཁག་ཚོས་འདམ་རྙོག་ནང་དུ་འབྲོ་བཞིན་གསོན་ཐར་བྱུང་བ་ཚོ་འཚོལ་བཞིན་པ་དང་། ཛ་དྲག་རུ་ཁག་ཚོས་རོགས་སྐྱོར་གཏོང་བཞིན་པའི་སྐབས་འདིར་ཨོ་སི་ཊེ་ལི་ཡར་ཡོད་པའི་འབྲེལ་ཡོད་ནང་མི་ཚོར་བློ་འཚབ་ཆེན་པོ་ཡོང་གི་ཡོད།

གནས་སྟངས་འདིའི་ནང་དུ་ལྷུང་བའི་མི་ཚོར་གཅིག་མཚུངས་གི་རེ་བ་ནི་གནས་ཚུལ་རྗེས་མ་དེ་བཀྲ་ཤིས་པ་ཞིག་ཡོང་རྒྱུ་དེ་རེད།

གསལ་བསྒྲགས།

ཛ་དྲག་གི་གཞུང་ཚབ་ལས་དོན་གྱི་ཆེད་དུ་ཨོ་སི་ཊེ་ལི་ཡ་བ་ཚོས་ཕྱི་སྲིད་དང་ཚོང་འབྲེལ་ལས་ཁུངས་ཀྱི་ཛ་དྲག་གི་གཞུང་ཚབ་ལས་དོན་ལྟེ་གནས་ཁང་ལ་ ༡༣༠༠ ༥༥༥ ༡༣༥ ཐོག་ཏུ་འབྲེལ་བ་བྱེད་ཆོག་པ་དང་། ཕྱི་རྒྱལ་ནས་ཡིན་ན་ +༦༡ ༢ ༦༢༦༡ ༣༣༠༥ ཐོག་ཏུ་འབྲེལ་བ་བྱེད་ཆོག

གསར་འགྱུར་དེ་ནི་ཧེ་ལེ་ན་ཀི་རི་ཤི་ན་མོ་ཐི་ཡིས་ཨེ་སི་བྷི་ཨེ་སི་སྐད་ཡིག་ལས་རིམ་གྱི་ཆེད་དུ་རྩོམ་སྒྲིག་ཞུས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now