Watch FIFA World Cup 2026™

LIVE, FREE and EXCLUSIVE

༄༅།།རྡོ་སྣུམ་གྱི་རིན་གོང་འཕར་བཞིན་པའི་སྐབས་སུ་འགྲོ་གྲོན་གྱི་ཤུགས་གནོན་ལ་གདོང་ལེན་བྱེད་ཐབས། Australia Explained

Couple having financial stress with credit card debt

གཞོན་ནུ་བཟའ་ཚང་གཉིས་འགྲོ་གྲོན་གྱི་སེམས་ཁྲལ་ལ་གདོང་ལེན་བྱེད་ཐབས་འཚོལ་བཞིན་པ། Source: iStockphoto / གྷི་ཊི་པར་རིས།

ཨ་རི་དང་ཨི་རན་གྱི་དམག་འཁྲུག་རྒྱུན་མཐུད་དེ་ཟླ་བ་གསུམ་ཙམ་འགྲོ་བཞིན་པའི་དུས་འདིར། ཨོ་སི་ཊེ་ལི་ཡའི་རྡོ་སྣུམ་གྱི་རིན་གོང་ད་དུང་མཐོ་བོར་གནས་ཡོད། ཨོ་སི་ཊེ་ལི་ཡའི་ཁྱིམ་ཚང་དག་ལ་མཚོན་ན། ཟླ་འདིར་དབུས་དངུལ་ཁང་ནས་དངུལ་བུན་གྱི་སྐྱེད་ཀ་སྤར་རྗེས་གནོན་ཤུགས་ལྡབ་འགྱུར་འཕྲད་བཞིན་ཡོད། མི་མང་གིས་སྣུམ་གྱི་རིན་གོང་མཐོ་རུ་འགྲོ་བཞིན་ཡོད་པ་དང་། ད་དུང་ཟས་རིགས། ཁང་གླ། ཁང་པའི་གཏའ་དངུལ། དེ་བཞིན་ཉེར་མཁོའི་དངོས་རྫས་གཞན་དག་གི་རིན་གོང་འཕར་བཞིན་པའི་སྐབས་ལ་འགྲོ་གྲོན་གཏོང་དགོས་ཀྱི་ཡོད། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ལེ་ཚན་འདིའི་ནང་དུ། རིན་མེད་ཞབས་ཞུ་ཁག་ངོས་སྦྱོར་གྱིས་འགྲོ་གྲོན་གྱི་གནོན་ཤུགས་ཡང་དུ་གཏོང་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།


Published

By Sahil Makkar

Presented by Domnyershar Dadon

Source: SBS



Share this with family and friends


ཨ་རི་དང་ཨི་རན་གྱི་དམག་འཁྲུག་རྒྱུན་མཐུད་དེ་ཟླ་བ་གསུམ་ཙམ་འགྲོ་བཞིན་པའི་དུས་འདིར། ཨོ་སི་ཊེ་ལི་ཡའི་རྡོ་སྣུམ་གྱི་རིན་གོང་ད་དུང་མཐོ་བོར་གནས་ཡོད། ཨོ་སི་ཊེ་ལི་ཡའི་ཁྱིམ་ཚང་དག་ལ་མཚོན་ན། ཟླ་འདིར་དབུས་དངུལ་ཁང་ནས་དངུལ་བུན་གྱི་སྐྱེད་ཀ་སྤར་རྗེས་གནོན་ཤུགས་ལྡབ་འགྱུར་འཕྲད་བཞིན་ཡོད། མི་མང་གིས་སྣུམ་གྱི་རིན་གོང་མཐོ་རུ་འགྲོ་བཞིན་ཡོད་པ་དང་། ད་དུང་ཟས་རིགས། ཁང་གླ། ཁང་པའི་གཏའ་དངུལ། དེ་བཞིན་ཉེར་མཁོའི་དངོས་རྫས་གཞན་དག་གི་རིན་གོང་འཕར་བཞིན་པའི་སྐབས་ལ་འགྲོ་གྲོན་གཏོང་དགོས་ཀྱི་ཡོད། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ལེ་ཚན་འདིའི་ནང་དུ། རིན་མེད་ཞབས་ཞུ་ཁག་ངོས་སྦྱོར་གྱིས་འགྲོ་གྲོན་གྱི་གནོན་ཤུགས་ཡང་དུ་གཏོང་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།


མེལ་བྷོན་དུ་གནས་སྡོད་བྱེད་མཁན་ཨིམ་ཏི་ཡ་ཛ་ཨེ་ཧེ་མ་དྷི་ནི་ཉིན་མོར་གློག་ཀླད་ཞབས་ཞུ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། གཟའ་མཇུག་དང་དགོང་མོར་ཁོང་གི་ནང་མི་གསོ་སྐྱོང་བྱ་ཆེད་གླ་འཁོར་གཏོང་བཞིན་ཡོད།

སྐུ་ཞབས་ཨེ་ཧེ་མ་དྷི་ཡིས་རྡོ་སྣུམ་གྱི་རིན་གོང་མཐོ་རུ་འགྲོ་བ་ནི་དཀའ་ངལ་གྱི་ཆ་ཤས་གཅིག་ཙམ་ཡིན།

འགྲུལ་པ་ཉུང་དུ་འགྲོ་བ་དང་། གླ་རིན་་མཐོ་རུ་འགྲོ་བ། ཉིན་རེའི་འཚོ་བའི་འགྲོ་གྲོན་བཅས་ཀྱིས་ཁ་ལོ་བ་ཚོས་འཚོ་ཐབས་འགྲིག་ཐབས་བྱེད་རྒྱུར་དཀའ་ངལ་སྤྲོད་ཀྱི་ཡོད།

སྐུ་ཞབས་ཨེ་ཧེ་མ་དྷི་ཡིས་ད་ཆ་རྒྱལ་ཡོངས་བུ་ལོན་རོགས་སྐྱོར་ལམ་སྟོན་ཁང་ལ་འབྲེལ་བ་བྱེད་རྒྱུའི་བསམ་བློ་གཏོང་བཞིན་ཡོད། དེ་ནི་ཨོ་སི་ཊེ་ལི་ཡའི་ནང་དུ་རིན་མེད་དང་། རང་དབང་ལྡན་པ། གསང་རྒྱ་ཡོད་པའི་ཞབས་ཞུ་ཞིག་རེད།

ལམ་སྟོན་ཁང་དེས་དཔལ་འབྱོར་གྱི་དཀའ་ངལ་གྱི་གནོན་ཤུགས་འོག་ཏུ་ཚུད་པའི་མི་མང་དང་། དངུལ་རྩའི་སློབ་སྟོན་པ་མཐུད་སྦྱོར་བྱེད་ཀྱི་ཡོད་ཁར་ཁོང་ཚོས་མི་མང་གི་ཐོབ་ཐང་དང་གདམ་ཀའི་སྐོར་ལ་འགྲེལ་བཤད་རྒྱག་ཐུབ།

རྒྱལ་ཡོངས་བུ་ལོན་རོགས་སྐྱོར་ལམ་སྟོན་ཁང་གི་ཝི་ཀི་སི་ཊ་ཧྥ་ཡིས་མི་མང་པོ་ཞིག་གིས་ད་ཆ་སྣུམ་དང་ཟས་རིགས་ལྟ་བུའི་ཉེར་མཁོའི་དངོས་རྫས་ཀྱི་ཐོག་ཏུ་ཡོང་འབབ་མང་བ་གཏོང་གི་ཡོད་པ་དང་། དེ་ལས་གཞན་པའི་གལ་ཆེའི་འགྲོ་གྲོན་གྱི་ཆེད་དུ་དངུལ་ཉུང་བ་ལྷག་གི་ཡོད་པ་བརྗོད་ཡོད།

སྐུ་ཞབས་སི་ཊ་ཧྥ་ཡིས་མི་མང་པོ་ཞིག་གིས་དངུལ་ཁང་ངམ་དངུལ་བུན་གཏོང་མཁན་ནས་དངུལ་རྩའི་དཀའ་ངལ་སེལ་ཐབས་གོ་སྒྲིག་བྱེད་པའི་ཐོབ་ཐང་ཡོད་པ་ཤེས་ཀྱི་མེད་པ་རེད།

སློབ་སྟོན་པ་ཚོས་མི་མང་གི་དཔལ་འབྱོར་གྱི་གནས་སྟངས་ཤེས་རྟོགས་བྱེད་དགོས་པ་དང་། དེ་ནས་འོས་འཚམ་གྱི་གནས་ཚུལ་དང་ལག་ལེན་བསྟར་ཐུབ་པའི་གདམ་ཀ་སྤྲོད་དགོས་ཞེས་བརྗོད་ཡོད།

རྒྱལ་ཡོངས་བུ་ལོན་རོགས་སྐྱོར་ལམ་སྟོན་ཁང་ལ་འབྲེལ་བ་བྱེད་ཐུབ་པའི་ཐབས་ལམ་གསུམ་ཡོད།

མི་མང་གིས་ ༡༨༠༠ ༠༠༧ ༠༠༧ ལ་ཁ་པར་གཏོང་ཆོག་པ་དང་། ndh.org.au དྲྭ་ཚིགས་ལ་གཟིགས་པ། ཡང་ན་དྲྭ་ཚིགས་ཐོག་ཏུ་ཡོད་པའི་ཐད་ཀར་འཕྲིན་གཏོང་གི་ཞབས་ཞུ་བེད་སྤྱོད་བྱེད་ཆོག

གལ་ཏེ་མི་མང་གིས་ཨིན་ཇིའི་སྐད་མ་ཤེས་ཚེ། རྒྱལ་ཡོངས་བུ་ལོན་རོགས་སྐྱོར་ལམ་སྟོན་ཁང་གིས་ཁ་པར་ལ་ལན་བྱེད་སྐབས་སྐད་སྒྱུར་གྱི་རོགས་རམ་གོ་སྒྲིག་བྱེད་ཐུབ།

སྐུ་ཞབས་སི་ཊ་ཧྥ་ཡིས་རོགས་རམ་དགོས་མཁན་དུ་མ་ཡོད་པར་བརྟེན། བྲེལ་ཟིང་ཆེ་བའི་དུས་ལ་མི་མང་གིས་ངང་སྒུག་བྱེད་དགོས་སྲིད་པར་བརྗོད་ཡོད། འོན་ཀྱང་། ཁོ་མོས་གལ་ཏེ་ཁ་པར་མ་འཕྲོད་ཚེ་རྗེས་སུ་བསྐྱར་དུ་འབྲེལ་བ་བྱེད་རྒྱུའམ་ཡང་ན་ཐད་ཀར་འཕྲིན་གཏོང་གི་ཞབས་ཞུ་ལེན་པའམ་འབྲེལ་གཏུག་བྱེད་ཐབས་གཞན་དག་བེད་སྤྱོད་བྱེད་རྒྱུར་ལམ་སྟོན་བྱས་ཡོད།

ད་དུང་སྤྱི་ཚོགས་ཚོགས་པ་ཁག་བརྒྱུད་ནས་རིན་མེད་ཀྱི་རོགས་རམ་གཞན་དག་ཡོད་མེད་ཞིབ་བཤེར་བྱེད་རྒྱུར་སྐུལ་མ་བྱས་ཡོད། དཔེར་ན། སལ་བེ་ཤོན་ཨར་མི་ཡི་དངུལ་དོན་རོགས་སྐྱོར་ཞབས་ཞུ་དང་། ཨེན་གྷི་ལི་ཁེར་གྱི་དངུལ་རྩའི་སློབ་སྟོན་ཞབས་ཞུ་ཁག་འགའ། སྤྱི་ཚོགས་ཁྲིམས་ལུགས་ལྟེ་གནས་ཁང་། མི་མང་གི་བུན་ཆེན་རོགས་སྐྱོར་ཁང་དང་དངུལ་རྩའི་ཐོབ་ཐང་ཁྲིམས་ལུགས་ལྟེ་གནས་བཅས་ཡོད།།

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now