Watch FIFA World Cup 2026™

LIVE, FREE and EXCLUSIVE starting June 12 2026

འབོད་སྒྲ་མང་མོས་འོས་བསྡུ་དེ་ག་རེ་ཡིན་མིན་དང་ཨོ་སི་ཊོ་ལི་ཡར་དེ་འདྲ་ཞིག་ཡོད་དགོས་པའི་རྒྱུ་མཚན་གང་ཡིན།

CANBERRA RECONCILIATION WEEK STOCK

The moon is seen behind the Australian flag, the Indigenous flag and the flag of the Torres Strait Islands flying outside Parliament House to mark Reconciliation week in Canberra, Tuesday, May 30, 2023. (AAP Image/Lukas Coch) NO ARCHIVING Source: AAP / LUKAS COCH/AAPIMAGE

འདི་ལོའི་ལོ་མཇུག་ཏུ་ཨོ་སི་ཊོ་ལི་ཡའི་མི་མང་གིས་གདོད་མའི་མི་རིགས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་དགོས་འདུན་འབོད་སྒྲ་སྐོར་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་དང་། འདི་ནས་འོས་བསྡུ་དེའི་བརྒྱུད་རིམ་སྐོར་ཤེས་དགོས་པའི་གནད་དོན་དང་། དེའི་ནང་ཆ་ཤས་བླང་དགོས་པའི་རྒྱུ་མཚན། གནས་ཚུལ་དེ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་དགོས་མཁོ་གནས་ཚུལ་ཁག་ཅིག་ངོ་སྤྲོད་འགྲེལ་བརྗོད།


Published

Updated

By SBS Audio

Presented by Maram Ismail

Source: SBS




Share this with family and friends


འདི་ལོའི་ལོ་མཇུག་ཏུ་ཨོ་སི་ཊོ་ལི་ཡའི་མི་མང་གིས་གདོད་མའི་མི་རིགས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་དགོས་འདུན་འབོད་སྒྲ་སྐོར་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་དང་། འདི་ནས་འོས་བསྡུ་དེའི་བརྒྱུད་རིམ་སྐོར་ཤེས་དགོས་པའི་གནད་དོན་དང་། དེའི་ནང་ཆ་ཤས་བླང་དགོས་པའི་རྒྱུ་མཚན། གནས་ཚུལ་དེ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་དགོས་མཁོ་གནས་ཚུལ་ཁག་ཅིག་ངོ་སྤྲོད་འགྲེལ་བརྗོད།


ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནར་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ནང་ངོས་འཛིན་མེད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།

ཨོ་སི་ཊོ་ལི་ཡའི་“གདོད་མའི་མི་རིགས་ཀྱིས་གྲོས་ཚོགས་ལ་བཏོན་པའི་དགོས་འདུན་འབོད་སྒྲ་”དེ་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ནང་བཀོད་དགོས་མིན་ཐད། ཨོ་སི་ཊོ་ལི་ཡ་གཞུང་གིས་མི་མང་གིས་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་ཅིག་བྱ་རྒྱུ་འབོད་སྐུལ་བྱས་ཡོད་པ་རེད།

ཡང་སྙིང་མི་མང་གི་མང་མོས་འོས་བསྡུ་དེ་ག་རེ་ཡིན་མིན་དང་། ཨོ་སི་ཊོ་ལི་ཡའི་ནང་སུ་ཞིག་གིས་འོས་ཤོག་དེ་འཕེན་པའི་ཐོབ་ཐང་ཡོད་མེད། གྲོས་ཚོགས་ལ་ཕུལ་བའི་འབོད་སྒྲ་དེ་ག་རེ་རེད་དམ།

ཨོ་སི་ཊོ་ལི་ཡའི་མཉམ་འབྲེལ་སྲིད་གཞུང་གིས་ཐོབ་ཐང་ཡོད་པའི་མི་མང་རྣམས་ལ་གདོད་མའི་མི་རིགས་རྣམས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་དགོས་འདུན་འབོད་སྒྲ་དེ་འཐུས་ཚབ་ཚོགས་ཆུང་ཞིག་བརྒྱུད་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་བཟོ་བཅོས་རྒྱག་ནས་རྩ་ཁྲིམས་ནང་བཀོད་དགོས་མིན་ཐད་འོས་ཤོག་གི་ལམ་ནས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

“དགོས་འདུན་འབོད་སྒྲ་”དེ་བཞིན་འོས་འདེམས་བྱས་པའི་ཚོགས་ཆུང་གིས་གནད་དོན་དེའི་ཐོག་གཞུང་ལ་ལམ་སྟོན་དང་ཁྲིམས་ལུགས་དེའི་ཐོག་ནས་མི་རིགས་དང་པོའི་ཚོའི་འཚོ་བའི་གནད་དོན་ལ་ཤུགས་རྐྱེན་དང་འགྱུར་བ་ཐེབས་རྒྱུ་ཡིན་པ་རེད།

ཨེ་ཝན་ཨེ་ཁེན་སི་མི་ཐི་ Evan Ekin-Smyth ལགས་ནི་རྒྱལ་ཡོངས་ཀྱི་རང་དབང་ལྡན་པའི་འོས་བསྡུ་བྱེད་མཁན་ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཁང་ AEC ཡི་མགྲིན་ཚབ་པ་ཞིག་རེད།

ཁོང་གིས་མི་མང་གི་བསམ་ཤོག་འོས་བསྡུ་དེ་ནི་གནས་ཚུལ་བྱེ་བྲག་པ་ཞིག་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ནང་འགྱུར་བ་གཏོང་དགོས་འདུག་གམ་མི་འདུག་ཅེས་རྒྱལ་ཡོངས་སུ་མི་མང་འོས་བསྡུ་བྱ་རྒྱུ་རེད། རྩ་ཁྲིམས་འགྱུར་བ་གཏོང་བར་ཐབས་ལམ་གཅིག་རང་ཡོད་པ་ནི་མི་མང་འོས་བསྡུ་བྱ་རྒྱུ་དེ་རེད། གྲོས་ཚོགས་ལ་དེ་འདྲའི་འགྱུར་བ་གཏོང་རྒྱུར་དབང་ཚད་ཡོད་པ་མ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ནི་ཨོ་སི་ཊོ་ལི་ཡ་མཉམ་འབྲེལ་སྲིད་གཞུང་གི་ལས་དོན་གང་འདྲ་བྱེད་དགོས་མིན་དང་། དེ་ནི་ཀོ་མོན་ཝལ་ཐི་ Commonwealth ཞེས་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་དབང་ལམ་ལུགས་དང་། མངའ་སྡེ། མི་མང་བཅས་གཞིར་བཞག་ནས་གཏན་འབེབས་དང་། དེའི་ནང་མངའ་སྡེ་དང་དབུས་གཞུང་གི་གྲོས་ཚོགས་ནས་ཁྲིམས་ལུགས་ག་རེ་བཟོ་ཆོག་གི་ཡོད་མེད་གསལ་ཡོད།

མི་མང་རྣམས་ལ་གཤམ་གྱི་དྲི་བ་དེའི་ཐོག་ནས་རྒྱབ་སྐྱོར་དང་མོས་མཐུན་ཡོད་ Yes དང་རྒྱབ་སྐྱོར་དང་མོས་མཐུན་མེད་ No ཅེས་དྲི་བར་ལན་འདེབས་དགོས་ཀྱི་ཡོད་པ་རེད།

“གྲོས་གཞི་བཏོན་པའི་ཁྲིམས་དེའི་ནང་། རྩ་ཁྲིམས་སྒྱུར་བཅོས་བཏང་ནས་ཨོ་སི་ཊོ་ལི་ཡའི་མི་རིགས་དང་པོ་ཨ་བྷོ་རི་ཇི་ནལ་དང་ཐོ་རེ་སི་གླིང་ཕྲན་གྱི་མི་རྣམས་ཀྱི་དགོས་འདུན་འབོད་སྒྲ་རྩ་ཁྲིམས་ནང་ངོས་འཛིན་བྱ་རྒྱུ།” ཡི་གྲོས་གཞི་དེར་ཁྱེད་ཀྱིས་མོས་མཐུན་ཡོད་དམ་”ཞེས་བཀོད་ཡོད།

ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཁང་ AEC ཡི་མགྲིན་ཚབ་པ་ཨེ་ཝན་ཨེ་ཁེན་སི་མི་ཐི་ Evan Ekin-Smyth ཡིས་བསམ་ཤོག་འོས་བསྡུ་དེ་གྲུབ་འབྲས་ཐོན་པར་ངེས་པར་དུ་མང་མོས་ཉིས་ལྡབ་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

མི་མང་གི་བསམ་ཤོག་འོས་བསྡུ་དེ་རྒྱལ་ཁ་ཐོབ་པར་མངའ་སྡེ་མང་ཆེ་བ་དང་རྒྱལ་ཡོངས་སུ་རྒྱབ་སྐྱོར་དང་མོས་མཐུན་ཡོད་ Yes  ཞེས་མང་མོས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པ་རེད། མ་མཐའ་ཡང་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དྲུག་ནང་ནས་མངའ་སྡེ་བཞིའི་ནང་རྒྱབ་སྐྱོར་ Yes མང་མོས་དགོས་ཀྱི་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་རྒྱལ་སའི་མངའ་ཁུལ་དང་བྱང་ཕྱོགས་ས་ཁུལ་བཅས་ནས་ཀྱང་ཨོ་སི་ཊོ་ལི་ཡའི་མངའ་སྡེ་གཞན་ལྟར་མི་མང་ཚོས་རྒྱབ་སྐྱོར་ཡོད་ Yes དང་རྒྱབ་སྐྱོར་མེད་ No ཅེས་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་རེད། ས་ཁུལ་དེ་གཉིས་ཀྱི་འོས་ཤོག་ནི་རྒྱལ་ཡོངས་ཀྱི་མང་མོས་འོས་ཤོག་ཕྱོགས་སུ་བརྩི་དགོས་ཀྱི་ཡོད་པས། མངའ་ཁུལ་དང་ས་ཁུལ་དེ་གཉིས་ཀྱི་འོས་ཤོག་ཀྱང་གལ་ཆེན་པོ་ཆགས་ཡོད་པ་རེད་ཅེས་གསུངས་འདུག

གྲོས་ཚོགས་ལ་བཏོན་པའི་གྲོས་གཞི་དེའི་ནང་ཕོ་མོ་དོ་མཉམ་ཡིན་པའི་གདོད་མའི་མི་རིགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག གདོད་མའི་མི་རིགས་ཀྱི་ཚོགས་སྡེ་ཁག་གི་བདམས་ནས། ཚོགས་ཆུང་དེས་གདོད་མའི་མི་རིགས་ཀྱི་ཚབ་བྱས་ནས་གྲོས་ཚོགས་ལ་གདོད་མའི་མི་རིགས་ལ་ཕན་ནུས་ལྡན་པའི་ཁྲིམས་ལུགས་ཟིན་བྲིས་ལམ་སྟོན་བྱ་རྒྱུ་ཡིན་པ་རེད།

སློབ་དཔོན་མེ་གྷན་ཌ་ཝེ་སི་ Megan Davis ལགས་ནི་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་གྱི་མི་རིགས་ཤིག་ཡིན་པ་དང་། ཁོ་མོ་ནི་ནིའུ་སའོ་ཐི་ཝལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་རྩ་ཁྲིམས་ཁྲིམས་ལུགས་སྐོར་གྱི་ཚོགས་གཙོ་ཞིག་རེད། མ་ཚད་ཁོ་མོ་ནི་ཨ་བྷོ་རེ་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱི་དགོས་འདུན་འབོད་སྒྲ་དེ་ངོས་འཛིན་གྱིས་རྩ་ཁྲིམས་ནང་བཅུག་རྒྱུའི་སྐོར་གྱི་ཆེད་མཁས་མི་སྣའི་ཚོགས་མི་ཤིག་ཀྱང་རེད།

ཁོ་མོས་རྒྱལ་ཁབ་གཞན་དེ་འདྲའི་ནང་འདི་དང་ཆ་འདྲ་བའི་གནས་ཚུལ་གྲོས་གཞི་དེ་འདྲ་གྲུབ་འབྲས་ལྡན་པ་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཁོ་མོས་འདི་ནི་སྤྱི་སྟངས་ཀྱི་སྒྱུར་བཅོས་ཤིག་སྟེ་འཛམ་གླིང་གི་མང་གཙོའི་ལམ་ལུགས་ནང་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཞིག་རེད། དེ་ཡང་གདོད་མའི་མི་རིགས་ཀྱི་མི་རྣམས་ཀྱིས་གཞུང་གི་ཁོང་ཚོའི་སྐོར་ཁྲིམས་དང་སྲིད་བྱུས་བཟོ་སྐབས་འབོད་སྒྲ་དེ་ཐོས་ཐུབ་པའི་ཆེད་དུ་ཡིན།

 ང་ཚོས་ཨོ་སི་ཊོ་ལི་ཡའི་ནང་སྐྱོན་ཆའི་བར་སྟོང་ཞིག་བསྐངས་མ་ཐུབ་པའི་རྒྱུ་མཚན་གཅིག་ནི་གཞུང་གིས་གདོད་མའི་མི་རིགས་སྐོར་ཁྲིམས་དང་སྲིད་བྱུས་བཟོས་སྐབས། གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་དང་གོ་བསྡུར་བློ་འདྲི་ཧ་ཅང་ཉུང་དྲག་པའི་རྐྱེན་གྱིས་བྱུང་བ་རེད་ཅེས་གསུངས་འདུག

ཌན་པཱར་ཀེན་ Dean Parkin ལགས་ནི་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་གྱི་ནང་གསེས་ཁོན་ཌ་མོ་ཁེ་ Quandamooka ཞེས་པའི་མི་རིགས་དེ་རེད། ཁོང་ནི་ཨུ་ལུ་རུའི་སེམས་ནང་གི་བསྒྲགས་གཏམ་སྤེལ་མཁན་དང་གྲོས་ཚོགས་ལ་ཕུལ་བའི་འབོད་སྒྲའི་ལས་འགུལ་འགན་འཛིན་ཞིག་ཀྱང་རེད།

ཁོང་གིས་འབོད་སྒྲ་དེས་ཨོ་སི་ཊོ་ལི་ཡའི་མི་རིགས་དང་པོ་རྣམས་ལ་རང་ཐག་རང་གཅོད་ཀྱི་ཚད་གཞི་ངེས་ཅན་ཞིག་ལ་སླེབས་པར་ཕན་ཐོགས་ཡོད་པ་དང་། ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་ཀྱང་གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ་ལ་ཆ་རྒྱུས་ཡག་ཤོས་ཡོད་མཁན་གྱི་མི་རྣམས་ཀྱི་བསམ་འཆར་ཉན་དགོས་པ་རེད་ཅེས་གསུངས་འདུག

ཁོང་གིས་ཨ་བྷོ་རི་ཇི་ནལ་དང་ཐོ་རེ་སི་གླིང་ཕྲན་གྱི་ཆེད་མཁས་མི་སྣ་བགྲོ་གླེང་ལ་བསུས་ཚེ་ད་གཟོད་གཞུང་དང་གྲོས་ཚོགས་ཀྱིས་ཁྲིམས་དང་སྲིད་བྱུས་ཡག་པོ་ཞིག་བཟོ་ཐུབ་རྒྱུ་མ་ཟད། གྲུབ་འབྲས་བཟང་པོ་ཞིག་ལ་འབབ་ཐུབ་ཀྱི་རེད་ཅེས་གསུངས་འདུག

ཡིན་ན་ཡང་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ནང་ལ་ཡང་ཆབ་སྲིད་ཀྱི་ལྟ་ཚུལ་སྣ་ཚོགས་བཟུང་མཁན་ཡོད་ཅིང་། གདོད་མའི་མི་རིགས་ཀྱི་ཆབ་སྲིད་པ་ཁག་ཅིག་གིས་ད་ཐེངས་ཀྱི་གྲོས་ཚོགས་ལ་ཕུལ་བའི་འབོད་སྒྲ་དེ་ལ་མོས་མཐུན་བྱེད་ཀྱི་མེད་པ་རེད།

ཨོ་སི་ཊོ་ལ་ཡའི་བྱང་ཕྱོགས་མངའ་ཁུལ་ནས་གུ་ཡངས་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱ་ཤེ་ཏཱ་ཕེ་རེ་སེ་དང་སྔོན་མ་ངལ་རྩོལ་ཚོགས་པའི་འགོ་ཁྲིད་ཝ་རན་མུ་ཌན་སོགས་ནི་གྲོས་ཚོགས་ལ་ཕུལ་བའི་འབོད་སྒྲ་དེ་ལ་རྒྱབ་སྐྱོར་མེད་ No ཅེས་ལས་འགུལ་སྤེལ་མཁན་གྱི་གྲས་སུ་ཡོད་པ་རེད། ཁོང་ཚོས་གྲོས་ཚོགས་ལ་ཕུལ་བའི་འབོད་སྒྲ་དེས་མ་འོངས་པར་གདོད་མའི་མི་རིགས་རྣམས་ལ་ཕན་ཐོགས་ཆེན་པོ་མེད་སྐོར་བརྗོད་བཞིན་ཡོད།

ལོ་རྒྱུས་ནང་བལྟས་ན། ཨོ་སི་ཊོ་ལི་ཡའི་མི་རྣམས་ཀྱིས་རྩ་ཁྲིམས་བཟོ་བཅོས་རྒྱག་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། ཕྱི་ལོ་ ༡༩༠༡ ཨོ་སི་ཊོ་ལི་ཡ་སྤྱི་མཐུན་མཉམ་འབྲེལ་སྲིད་གཞུང་དབུ་བརྙེས་པ་ནས་བཟུང་རྩ་ཁྲིམས་འགྱུར་བ་གཏོང་རྒྱུའི་གྲོས་གཞི་ཐེངས་ ༤༤ ནང་ ༨ ཁོ་ན་མ་གཏོགས་འགྱུར་བ་གྲུབ་འབྲས་ཐོན་ཐུབ་མེད་པ་རེད།

གདོད་མའི་མི་རིགས་ཀྱི་གནད་དོན་ཐོག་མང་མོས་འོས་བསྡུ་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༦༧ ལོར་བྱས་ཤིང་། སྐབས་དེར་ཨོ་སི་ཊོ་ལི་ཡའི་མི་རིགས་དང་པོ་རྣམས་ཨོ་སི་ཊོ་ལི་ཡའི་ཀོ་མོན་ཝལ་ཐི་ Commonwealth དབྱིན་ཇིའི་རྒྱལ་སྲིད་ལམ་ལུགས་འོག་མི་འབོར་གྲངས་བཤེར་གྱི་གྲངས་ཁོངས་སུ་བཅུགས་ཡོད།

མ་འོངས་པར་མང་མོས་འོས་བསྡུ་དེའི་ཐོག་ཁྱེད་རང་གི་འོས་བསྡུ་ཤོག་གུའི་ཐོག་དབྱིན་ཡིག་ནང་ Yes དང་ཡང་ན་ No ཞེས་འབྲི་དགོས་ཀྱི་ཡོད་པ་རེད།

ཕེ་ཊི་ཀལ་ནན་ Pat Callanan ལགས་ནི་ཨོ་སི་ཊོ་ལི་ཡ་འོས་བསྡུ་ལྷན་ཁང་གི་སྐུ་ཚབ་ཅིག་རེད། ཁོང་གིས་འོས་བསྡུ་སྐོར་གྱི་གནས་ཚུལ་མང་པོ་ཞིག་སྐད་ཡིག་འདྲ་མིན་ནང་ཡོད་སྐོར་བརྗོད་འདུག

ཁོང་གིས་ང་ཚོས་འོས་བསྡུ་སྐོར་སྐད་ཡིག་ ༣༠ ཙམ་གྱི་ནང་ཡིག་སྒྱུར་བྱ་རྒྱུ་ཡིན་པས་དེ་དག་དྲ་ཚིགས་ཐོག་བལྟ་ཀློག་བྱ་རྒྱུ་ཡོད་པ་མ་ཟད། ཁ་པར་ཐོག་སྐད་སྒྱུར་སོགས་ཀྱི་ཞབས་ཞུ་ཀྱང་ཡོད་སྐོར་བརྗོད་འདུག

གལ་སྲིད་ཁྱེད་རང་དེ་སྔོན་ཨོ་སི་ཊོ་ལི་ཡའི་འོས་བསྡུ་ནང་ཆ་ཤས་བླངས་མྱོངས་ཡོད་ཚེ། ཐེངས་འདིར་ཡང་མང་མོས་འོས་བསྡུ་ནང་འཛུལ་ཞུགས་བྱ་རྒྱུའི་ཆ་རྐྱེན་ཚང་ཡོད་པ་དང་། ད་ཐེངས་ཀྱི་མང་མོས་འོས་བསྡུ་ནང་ཆ་ཤས་ངེས་པར་དུ་བླངས་དགོས་པའི་གཏན་འབེབས་ཤིག་ཡིན་པ་རེད།  

ཁྱེད་རང་ཨོ་སི་ཊོ་ལི་ཡའི་མི་སེར་ཞིག་ཡིན་པ་ཙམ་གྱིས་འོས་བསྡུའི་ཆ་ཤས་བླངས་དགོས་ཀྱི་ཡོད་ཀྱང་། གལ་སྲིད་ཁྱེད་རང་ས་ཆ་གཞན་ལ་སྤོ་འགྲོ་བའམ། ཡང་ན་ཁྱེད་རང་གི་འོས་བསྡུའི་དེབ་སྐྱེལ་བྱས་ཚར་ཡོད་མེད་སོགས་དྲ་ཚིགས་ aec.gov.au ཐོག་ནས་ཞིབ་འཇུག་བྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

སྐུ་ཞབས་ཨེ་ཁེན་སི་མི་ཐི་ Mr Ekin Smyth ལགས་ཀྱིས་ད་ཐེངས་ཀྱི་གནད་དོན་དེའི་སྐོར་བགྲོ་གླེང་དང་སོ་སོ་རང་ངོས་ནས་ཀྱང་ཞིབ་འཇུག་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now