Watch FIFA World Cup 2026™

LIVE, FREE and EXCLUSIVE

༄༅། །ཨོ་སི་ཊེ་ལི་ཡར་རྐང་སྤོལ་རྩེད་མོའི་ནང་ཞུགས་ཚུལ། Australia Explained

Women compete in a football match
ཨོ་སི་ཊེ་ལི་ཡའི་ནང་རྒན་གཞོན་ཚང་མར་འཚམ་པའི་རྐང་སྤོལ་རྩེད་མོ་ཡོད། Credit: Catherine Ivill/Getty Images

ཧྤི་ཧྤ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱིས་གོ་ལ་ཡོངས་རྫོགས་གཅིག་ཏུ་བསྡུ་ཡི་ཡོད་ཅེས་བརྗོད་པ་ནི་སྒྲོ་འདོགས་བྱས་པ་ཞིག་མིན། དོན་དངོས་སུ་རྐང་སྤོལ་ནི་འཛམ་གླིང་ནང་དར་ཁྱབ་ཆེ་ཤོས་ཀྱི་རྩེད་མོ་ཞིག་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་རྐང་སྤོལ་ནི་གྲོང་ཁྱེར་གྱི་ལྗང་ཐང་དང་ས་གནས་རུ་ཁག་ནང་ནས་འགོ་བརྩམས་པ་ཞིག་ཡིན་ལ། དེར་ལོ་ན་དང་ནུས་པ་མི་འདྲ་བའི་རྩེད་མོ་བ་ཚང་མ་ཡོད། འདིར་ང་ཚོས་ཁྱེད་རང་ཁོང་ཚོའི་ཁོངས་སུ་འཛུལ་ཐབས་སྐོར་གླེང་རྒྱུ་ཡིན།


Published

By Melissa Compagnoni

Presented by Domnyershar Dadon

Source: SBS




Share this with family and friends


ཧྤི་ཧྤ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱིས་གོ་ལ་ཡོངས་རྫོགས་གཅིག་ཏུ་བསྡུ་ཡི་ཡོད་ཅེས་བརྗོད་པ་ནི་སྒྲོ་འདོགས་བྱས་པ་ཞིག་མིན། དོན་དངོས་སུ་རྐང་སྤོལ་ནི་འཛམ་གླིང་ནང་དར་ཁྱབ་ཆེ་ཤོས་ཀྱི་རྩེད་མོ་ཞིག་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་རྐང་སྤོལ་ནི་གྲོང་ཁྱེར་གྱི་ལྗང་ཐང་དང་ས་གནས་རུ་ཁག་ནང་ནས་འགོ་བརྩམས་པ་ཞིག་ཡིན་ལ། དེར་ལོ་ན་དང་ནུས་པ་མི་འདྲ་བའི་རྩེད་མོ་བ་ཚང་མ་ཡོད། འདིར་ང་ཚོས་ཁྱེད་རང་ཁོང་ཚོའི་ཁོངས་སུ་འཛུལ་ཐབས་སྐོར་གླེང་རྒྱུ་ཡིན།


གཙོ་གནད།

  • རྒྱབ་ལྗོངས་དང་། ཕོ་མོ། ལོ་ན། ནུས་པ་བཅས་ལ་མ་ལྟོས་པར་མི་རྣམས་མཉམ་དུ་འདུ་འཛོམས་བྱེད་ཐུབ་པ་ནི་རྐང་རྩེད་སྤོ་ལོའི་ཁྱད་ནུས་ཡིན།
  • གོམ་སྐྱོད་རྐང་རྩེད་སྤོ་ལོ་དང་རྐང་རྩེད་སྤོ་ལོ་ཆུང་བ་གཉིས་ནི་ཨོ་སི་ཊེ་ལི་ཡ་ནང་ཁྱབ་འཕེལ་མྱུར་ཤོས་ཀྱི་རྩེད་མོ་གཉིས་ཡིན།
  • ཁྱེད་ཀྱིས་རང་ཉིད་ཀྱི་ས་གནས་ཀྱི་རྐང་སྤོལ་སྒྲིག་འཛུགས་དེ་རྐང་སྤོལ་རྩེད་ཞེས་པའི་དྲ་ཚིགས་ནས་འཚོལ་ཐུབ། དེ་ནི་ཨོ་སི་ཊེ་ལི་ཡའི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་ཚོགས་སྡེ་ཁག་གི་རྐང་རྩེད་སྤོ་ལོའི་དྲ་སྣོད་གཙོ་བོ་དེ་ཡིན།

རྩེད་མོ་དེ་ལ་ང་ཚོས་ཅི་ཞིག་འབོད་དགོས་སམ།

ཐོག་མར་ང་ཚོས་དྲི་བ་གལ་ཆེ་ཤོས་དེ་ཐག་གཅོད་བྱས་ན། ང་ཚོས་རྩེད་མོ་འདི་ལ་ཧྤུ་ཊི་བྷོལ་འབོད་ཀྱི་ཡོད་དམ་ཡང་ན་སོ་ཁར་ཟེར་བ་ཡིན།

ང་ཚོས་ཨོ་སི་ཊེ་ལི་ཡའི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགན་འཛིན་པ་ཧེ་ཐར་གྷ་རི་ཨོག་ལ་བཀའ་འདྲི་ཞུས་པར་ཁོ་མོས།

“ངའི་བསམ་པར་ང་ཚོས་ཨོ་སི་ཊེ་ལི་ཡ་ནང་རྐང་རྩེད་སྤོ་ལོ་སྟེ། ཧྤུ་ཊི་བྷོལ་ཞེས་འབོད་དགོས། དེ་ནི་འཛམ་གླིང་ཡོངས་ཀྱི་རྩེད་མོ་དེ་རེད།”

རྐང་རྩེད་སྤོ་ལོ་ནི་མི་ཚང་མས་རྩེ་རྒྱུ་ཡོད་པའི་རྩེ་མོ་ཞིག་སྟེ་རྒྱལ་ཡོངས་སུ་འཛུལ་ཞུགས་བྱེད་མཁན་མི་གྲངས་ས་ཡ་ ༡.༩ ལྷག་ཙམ་ཡོད།

གྷ་རི་ཨོག་གིས་“དེ་ནི་རྒྱལ་ཁབ་ནང་ཆེས་ཁྱབ་ཆེ་ཤོས་ཀྱི་རྩེད་མོ་ཞིག་ཡིན་པ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད། ང་ཚོར་རྐང་སྤོལ་རྩེ་མཁན་གྱི་མི་རིགས་མི་འདྲ་བ་ ༨༧ ལྷག་ཙམ་དང་སྐད་ཡིག་གི་ཚོགས་པ་མི་འདྲ་བ་ ༣༥ ལྷག་ཙམ་ཡོད། དེའི་ནང་ནས་རྩེད་མོ་བའི་བརྒྱ་ཆ་ ༧༢ ལྷག་ཙམ་ནི་གཞིས་སྤོས་ཡུལ་མི་ཡིན། དེར་བརྟེན་རྐང་སྤོལ་དེ་ཉིད་ཡུལ་མི་ཚང་མར་ཁྱབ་ཐུབ་པའི་རྩེད་རིགས་ཤིག་ཡིན་པར་དགའ་སྤོབས་ཆེན་པོ་ཡོད།" ཆེས་གསུངས།”

རྐང་རྩེད་སྤོ་ལོར་མང་ཚོགས་ཚང་མས་དགའ་མོས་བྱེད་པའི་རྒྱུ་མཚན་ནི་དེས་མི་རྣམས་རྒྱབ་ལྗོངས་དང་། ཕོ་མོ། ལོ་ན། ནུས་པ་བཅས་ལ་མ་ལྟོས་པར་ཧ་ཅང་ལས་སླ་པོའི་ངང་མཉམ་དུ་འདུ་འཛོམས་བྱེད་ཀྱི་ཡོད་པ་དེ་ཡིན།

ལོ་བཞི་དང་ལྔ་ཡི་བྱིས་པ་ནས་གཟུགས་པོ་འགུལ་བསྐྱོད་སྔར་བཞིན་གཏོང་མི་ཐུབ་པའི་རྒན་གྲས་སོགས་ཚང་མས་རྐང་སྤོལ་གྱི་རུ་ཁག་ནང་ཞུགས་ཐུབ་ཀྱི་ཡོད།

Australia Explained—Football
རྩེད་མོ་བ་ཚོས་རྐང་རྩེད་སྤོ་ལོའི་ནང་མཐུན་སྒྲིལ་དང་། མཉམ་ལས། འགྲན་རྩོད་ཀྱི་སེམས་ཤུགས་བཅས་ལ་དགའ་སྣངབྱེད་ཀྱི་ཡོད། པར་ཁུངས། གྷི་ཊི་པར་རིས། Credit: South_agency/Getty Images

གལ་ཏེ་ང་རྐང་རྩེད་སྤོ་ལོ་རྩེ་འདོད་ཡོད་ཚེ་འགོ་གང་ནས་འཛུགས་དགོས།

དེའི་ཕྱིར་ཨོ་སི་ཊེ་ལི་ཡ་རྒྱལ་ཡོངས་རྐང་སྤོལ་ཚོགས་པར་ཁྱེད་ལ་དགོས་པའི་མཐུན་རྐྱེན་ཚང་མ་ཡོད།

ཁོང་ཚོའི་དྲ་ཚིགས་ནང་རྐང་སྤོལ་རྩེ་ས་ཞེས་པའི་བརྒྱུད་ལམ་ཡོད་པ་དེ་ནི་ཨོ་སི་ཊེ་ལི་ཡའི་རྒྱལ་ཡོངས་རྐང་སྤོལ་ལྷན་ཚོགས་ཀྱི་ཚོགས་སྡེ་ཁག་ཚང་མའི་དྲ་སྣོད་ཡིན།

གྷ་རི་ཨོག་གིས་ “དེ་ནི་རྩེད་མོ་བ་དང་། སྦྱོང་བརྡར་སྤྲོད་མཁན། དཔང་པོ། དང་བླངས་ཞབས་ཞུ་བ་བཅས་ཀྱི་ཆེད་དུ་རྒྱལ་ཡོངས་ནང་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་དེས་ཐོ་གཞུང་དེ་སྒྲིག་འཛུགས་དང་། འགྲན་བསྡུར། ཚོགས་མིའི་ལྷན་ཚོགས་ཡོངས་སུ་ངོས་འཛིན་ཐུབ་པ་བྱེད་ཀྱི་ཡོད།”

དྲ་ཚིགས་དེ་བརྒྱུད་ཁྱེད་རང་གི་ས་གནས་ཀྱི་རྐང་སྤོལ་ཚོགས་པའི་ནང་ཐོ་འགོད་བྱེད་ཆོག།

“ཨོ་སི་ཊེ་ལི་ཡ་ཡོངས་སུ་རྐང་སྤོལ་ཚོགས་པ་ ༢༠༠༠ ལྷག་ཙམ་ཡོད་པ་དང་སྒྲིག་འཛུགས་དེ་དག་ཚང་མས་མི་དམངས་ཚོར་རྩེད་མོ་འདིའི་ནང་འཛུལ་ཞུགས་བྱེད་སའི་སྒོ་མོ་ཆེན་པོ་ཞིག་འབྱེད་ཀྱི་ཡོད།” རིག་གཞུང་སྣ་མང་གཞོན་སྐྱེས་ལས་གཞི་གཉིས་མཐོང་ཐུབ། ཨེ་རོན་ཌིབ་དྷིན་ནི་ནིའུ་སའོ་ཝེལ་སི་རྐང་སྤོལ་ཚན་པའི་མངའ་སྡེའི་སྤྱི་ཚོགས་དང་ཚོགས་མི་ཞབས་ཞུ་སྡེ་ཚན་གྱི་འགན་འཛིན་ཡིན། ཁོང་གིས་ “ང་ཚོར་རྒྱལ་ཁབ་མི་འདྲ་བ་དང་། རིག་གཞུང་མི་འདྲ་བ། རྒྱབ་ལྗོངས་མི་འདྲ་བ་བཅས་ནས་རྐང་རྩེད་སྤོ་ལོ་རྩེ་བཞིན་པའི་རྩེད་མོ་བ་མང་པོ་ཡོད་པ་ཚང་མར་མཉམ་ཞུགས་བྱེད་པར་དགའ་བསུ་ཡོད་པའི་མཛའ་མཐུན་ཅན་གྱི་ས་ཆ་ཞིག་རེད།”

Australia Explained—Football
ཨོ་སི་ཊི་ལི་ཡའི་ནང་ཚོགས་པ་ ༢༠༠༠ ལྷག་ཙམ་གྱིས་རྐང་རྩེད་སྤོ་ལོའི་ནང་འཛུལ་ཞུགས་བྱེད་སའི་རྒྱལ་སྒོ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། པར་ཁུངས། གྷི་ཊི་པར་རིས། Credit: Morsa Images/Getty Images

རྐང་རྩེད་སྤོ་ལོ་དེ་ངོ་མ་མི་ཚང་མར་འཚམ་པོ་ཡོད་དམ།

རྩེད་མོ་འདིའི་མིང་ཁོ་ནས་ཚང་མར་ཁྱབ་པའི་རང་བཞིན་མངོན་པར་བྱེད། རྐང་སྤོལ་ནང་ལོ་ན་གཞོན་པ་དང་རྒན་པ། རིགས་རུས་མི་འདྲ་བ། དམིགས་བསལ་དགོས་མཁོ་དང་ནུས་པ་ཡོད་པའི་རྩེད་མོ་བ། རིག་གཞུང་དང་སྐད་ཡིག་མི་འདྲ་བའི་སྤྱི་ཚོགས་ནས་ཡོང་བའི་མི་ཚང་མར་ཁྱབ་ཐུབ་པའི་ལས་རིམ་ཡོད།

ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་རྐང་སྤོལ་དྲ་ཚིགས་ནང་གཟིགས་ཞིབ་གནང་སྐབས་ཁྱེད་ཀྱིས་མི་ནི་རུ་སི་གཞིས་ཆགས་ལས་རིམ་དང་མི་རིགས་མང་པོའི་གཞོན་སྐྱེས་ལས་རིམ་གཉིས་མཐོང་ངེས།

འདི་གཉིས་ནི་ཨོ་སི་ཊེ་ལི་ཡའི་རྒྱལ་ཡོངས་རྐང་སྤོལ་ལྷན་ཚོགས་འོག་འགྲོ་བཞིན་པའི་རིན་མེད་ལས་རིམ་ཞིག་ཡིན་པ་དང་། དེའི་སྐོར་སྐུ་ཞབས་ཌིབ་དྷིན་གྱིས་གསུངས་དོན།

“ལས་རིམ་འདི་གཉིས་ཀས་རྐང་རྩེད་སྤོ་ལོའི་ནང་འཛུལ་ཞུགས་བྱེད་སའི་སྒོ་ཆེན་ཞིག་མཁོ་སྤྲོད་བྱས་པ་བརྒྱུད་མི་རྣམས་རྩེད་མོ་འདིའི་ནང་མཉམ་ཞུགས་བྱེད་པ་དང་རྩེད་མོ་འདིར་དགའ་ཞེན་ཡོང་བ་བྱེད་ཀྱི་ཡོད། རྐང་སྤོལ་ཚོགས་པ་ཞིག་དང་འབྲེལ་མཐུད་བྱེད་ཐུབ་པའི་མཐར་ང་ཚོའི་སྒྲིག་འཛུགས་ ༦༠༠ ལྷག་ཙམ་ཡོད་པ་དེ་དག་ཁྲོད་དུ་ཚོགས་མི་ཞིག་ཏུ་འགྱུར་ཐུབ་པ་བྱེད་པ་དེ་རེད། རྒྱུ་མཚན་ནི་སྒྲིག་འཛུགས་དེ་དག་ནི་རང་ཉིད་ཆ་ཤས་སུ་འགྱུར་བའི་སྤྱི་ཚོགས་ཡིན།

ང་ཚོས་ལས་གཞི་འདི་ལྟ་བུ་དེ་མི་རྣམས་རང་གི་རིག་གཞུང་དང་རྐང་སྤོལ་གྱི་ཚོགས་སྡེ་ཁག་བར་གྱི་ཁྱད་པར་སེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པའི་ཐབས་ལམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཨ་རོན་ ཌིབ་དྷིན།

སྤྱི་ཚོགས་ཀྱི་འདུ་འཛོམས་དེ་ནི་ལལ་ རོ་ཆན་ ཏ་ཀུ་ལུམ་ལ་སྤྱི་ཚོགས་རྐང་སྤོལ་ལས་རིམ་ནང་མཉམ་ཞུགས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད།

ཁོ་མོས་ཁུན་སི་ལན་ཌི་རིག་གཞུང་སྣ་མང་ལུས་རྩལ་ཚོགས་པ་བརྒྱུད་བུད་མེད་རྐང་སྤོལ་ལས་གཞི་རིན་མེད་ཅིག་ནས་འགོ་བརྩམས་པ་དང་དེ་ནས་ནམ་ཡང་འཚམ་འཇོག་མྱོང་མེད།

"དེ་ནས་མི་མང་ལུས་རྩལ་ཚོགས་པ་ལ་མཉམ་ཞུགས་བྱས་པ་བརྒྱུད་ང་རང་ཡང་རྒྱུན་ལྡན་གྱི་རྐང་སྤོལ་ཚོགས་པར་འགྲོ་ཐུབ་སོང་། ངས་རྒྱུན་དུ་གཞོན་སྐྱེས་གཞན་དག་ལ་ལུས་རྩལ་གྱིས་དབྱེ་འབྱེད་མི་བྱེད་པས་ཁྱེད་རང་ལྷོད་ལྷོད་ཡོང་གི་རེད་ཅེས་བཤད་ཀྱི་ཡོད།"

རྩེད་མོ་དེ་ལོ་གང་པོར་རྩེ་ཐུབ་བམ།

ཁྱེད་ཀྱིས་རྐང་སྤོལ་དེ་དགུན་དུས་ཀྱི་རྩེད་མོ་ཞིག་ཡིན་པ་ཤེས་གསལ་རེད། ཡིན་ནའང་། ནིའུ་སའོ་ཐ་ཝལ་སི་གཅིག་པུའི་ནང་དུ་རྩེད་མཁན་ ༨༠,༠༠༠ ཙམ་གྱིས་དབྱར་དུས་ཀྱི་རྐང་སྤོལ་ལ་མིང་ཐོ་འགོད་ཀྱི་ཡོད།

ཌིབ་དྷིན་ལགས་ཀྱིས་དབྱར་དུས་རྐང་སྤོལ་རྩེ་རྒྱུ་དེར་དབྱིངས་གཞན་ཞིག་ཡོད་པས་དགུན་དུས་ཁོ་ནར་རྩེ་མཁན་གྱི་མི་ཚོས་དབྱར་དུས་རྩེད་མོ་དེ་ལ་ཚོད་ལྟ་བྱེད་འདོད་ཡོད་ན་དེ་བས་འཚམ་པོ་ཡོད་པར་གསུངས་ཡོད།

"ང་ཚོས་མི་མང་པོ་ཞིག་གིས་དབྱར་དུས་ཀྱི་རྐང་སྤོལ་ལ་ཚོད་ལྟ་བྱས་ནས་དེ་ལ་དགའ་པོ་བྱུང་ནས་ལོ་རྗེས་མར་དགུན་དུས་ཀྱི་ཚོགས་པ་ཞིག་ལ་མིང་ཐོ་འགོད་ཀྱི་ཡོད་པ་མཐོང་གི་ཡོད།"

རུ་ཁག་ཆུང་བ་ཞིག་དང་རྩེད་ཐང་ཆུང་བ་ཞིག་གི་ཐོག་ནས་རྩེད་ཀྱི་ཡོད་པ་དེ་ནི་དེ་བས་ལྷོད་ལྷོད་ཅན་ཞིག་རེད།

མི་རྣམས་ཀྱིས་དབྱར་དུས་ཀྱི་རྐང་སྤོལ་དེ་དགུན་དུས་ཀྱི་རྐང་སྤོལ་དང་མི་འདྲ་བར་རྩེད་ཚུལ་མི་འདྲ་བ་དང་སྤྲོ་སྣང་མི་འདྲ་བ་ཡོད་པ་ཤེས་རྟོགས་ཡོང་གི་ཡོད། མི་མང་པོས་དེ་ནི་ཉེན་ཁ་ཆུང་བ་དང་སྐྱིད་པོ་ཚོར་གྱི་ཡོད།
ཨ་རོལ་ ཌིབ་དྷིན།
FIGC Walking Football Panel
ཕྱི་ལོ་ ༡༠༢༤ ལོར་ཨི་ཊ་ལིའི་ནང་གི་ཧྥི་ལོ་རིན་སི་རུ་ ཟླ་ ༡༢ ཚེས་ ༡༩ཉིན་གོམ་སྐྱོད་རྐང་སྤོལ་རྩེད་མཁན་ཚོས་དཔེ་མཚོན་སྟོན་བཞིན་པ་། པར་ཁུངས། གྷི་ཊི་པར་རིས། Credit: Gabriele Maltinti - FIGC/FIGC via Getty Images

རྐང་རྩེད་སྤོ་ལོའི་རྣམ་པ་འདྲ་མིན་ཡོད་དམ།

གཅིག་བྱས་ན་ཁྱེད་རང་འཛམ་གླིང་ཐོག་ནང་དུ་རྩེད་རྒྱུའི་རྩེད་མོ་དར་ཆེ་ཤོས་ཤིག་སྟེ། ཧྤུ་ཊི་སལ་ཞེས་རྐང་སྤོལ་གྱི་རྒྱ་ཆུང་བའི་རྣམ་པ་ཞིག་ཡོད་པ་དེ་རྩེ་འདོད་ཡོད་སྲིད། རྩེད་མོ་དེ་མགྱོགས་པོ་དང། ཤུགས་ཆེན་པོ། སྒྱུ་རྩལ་ལྡན་པ་བཅས་ཡོད་པར་ངོས་འཛིན་བྱེད་ཅིང་། དེས་ཕུལ་བྱུང་གི་རྐང་སྤོལ་རྩེ་མཁན་དུ་མར་ཐོག་མའི་རྨང་གཞི་གདིང་ས་བྱས་ཡོད་པར་བརྗོད།

དེ་མིན་ན་ཁྱེད་རང་རྐང་སྤོལ་གྱི་རྣམ་པ་ཤུགས་ཆུང་བ་ཞིག་འཚོལ་བཞིན་ཡོད་སྲིད།

གྷ་རི་ཨོག་ལགས་ཀྱིས་གོམ་སྐྱོད་རྐང་སྤོལ་དེ་ཡང་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པར་གསུངས་ཡོད།

"དེ་ནི་ཨོ་སི་ཊེ་ལི་ཡའི་རྒན་རྒོན་ཚོའི་ནང་དུ་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དང་ལྷག་པར་དུ་ང་ཚོའི་སྣ་མང་རིག་གཞུང་གི་སྤྱི་ཚོགས་ནང་དུ་དེར་མཉམ་ཞུགས་བྱེད་ཐུབ་པ་དང་། དེར་ཐོ་འགོད་བྱེད་པར་ང་ཚོའི་ཚོགས་པ་ཁག་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད།"

ཡག་ཤོས་ནི་ཁྱེད་རང་སྤྱི་ཚོགས་དེའི་ཆ་ཤས་སུ་གྱུར་ཐུབ་པ་ཡོང་རྒྱུ་དེ་རེད།

ཨ་མ་དྷ་གྷི་ས་རི་ནི་ཡ་ཡིས་མལ་བྷོན་གྱི་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ནས་གོམ་སྐྱོད་རྐང་སྤོལ་སྐོར་ཤེས་རྟོགས་བྱུང་ཡོད། ཁོ་པས་དེ་ནི་ཁོ་པའི་དབུགས་རྒྱུ་ཐུབ་པར་བྱེད་འཇུག་མཁན་ཞིག་རེད་ཅེས་དགའ་པོ་བྱེད་ཀྱི་ཡོད།

གོམ་སྐྱོད་རྐང་སྤོལ་ཞེས་བརྗོད་སྐབས་སྟབས་བདེ་པོ་ཞིག་ཡིན་པར་མ་བསམ། དེས་རྔུལ་ཆུ་དུ་མ་གཏོན་པ་མ་ཟད་སེམས་ཁམས་བདེ་རུ་གཏོང་བའི་རྩེད་མོ་ཡག་པོ་ཞིག་རེད།
ཨ་མ་དྷ་གྷི་ས་རི་ནི་ཡ།

ཡིན་ནའང་། ཁྱེད་རང་ལོ་ ༥༠ རིང་རྐང་སྤོལ་རྩེད་མྱོང་མཁན་གྱི་ཨ་མ་དྷ་གྷི་ས་རི་ནི་ཡ་ལྟར་ཤུགས་དང་བཅས་ཏེ་རྐང་སྤལ་རྩེད་མི་དགོས། གོམ་སྐྱོད་རྐང་སྤོལ་དེ་ནི་ཤུགས་ཆུང་བ་དང་སྤྲོ་སྐྱིད་ཀྱི་རང་བཞིན་ཅན་དུ་བཟོས་པ་ཞིག་རེད།

ལག་འཛིན་དང་རྒྱུག་པ་སོགས་གང་ཡང་བྱེད་མི་ཆོག་པ་དང་། དེ་ནི་ཤུགས་ཆུང་བ་ཡིན་པས་འཕྲོད་བསྟེན་ལ་དཀའ་ངལ་ཡོད་པ་དང་ཡང་ན་གདེང་ཚོད་ཆུང་བའི་མི་རྣམས་ལ་རྩེད་མོ་ཡག་པོ་ཞིག་རེད། དོན་དངོས་སུ་གོམ་སྐྱོད་རྐང་སྤོལ་གྱི་ལས་རིམ་དེ་ལོ་ཚད་འདྲ་མིན་ཚང་མར་ཡོད།

"ཐོག་མར་ངས་ཚོད་ལྟ་ཞིག་བྱེད་བསམ་བྱུང་། ཡིན་ནའང་དེའི་རྗེས་རྩེ་མོ་དེ་དེ་ཧ་ཅང་ཡག་པོ་འདུག ང་ལ་དེ་འདྲའི་ཉམས་མྱོང་ཞིག་ནམ་ཡང་བྱུང་མ་མྱོང་། དོན་དངོས་ཐོག་ང་ལོ་ ༧༣ ཡིན་པས་གོམ་སྐྱོད་རྐང་སྤོལ་དེ་ངའི་ལོ་ཚད་ལྟ་བུར་ཧ་ཅང་ཡག་པོ་འདུག"

Australia Explained—Football
གལ་ཏེ་ཁྱེད་རང་ལ་མཐོ་རིམ་གྱི་རྩེད་འགྲན་ནང་ཞུགས་འདོད་ཡོད་ན་དེ་འདྲའི་ཚོགས་པ་ཞིག་ནས་འགོ་འཛུགས་དགོས། Credit: Drazen_/Getty Images

གལ་ཏེ་ང་རྐང་རྩེད་སྤོ་ལོར་དངོས་སུ་རྩེ་འདོད་ཡོད་ཚེ་ཅི་ཞིག་བྱེད་དགོས།

ཧེ་ཐར་གྷ་རི་ཨོག་ལགས་ཀྱིས་མི་ཚང་མར་རང་ཉིད་མུ་མཐུད་རིམ་པ་གོང་མའི་རྩེད་འགྲན་པར་འགྱུར་རྒྱུའི་འགྲོ་ལམ་ཡོད་པར་གསུངས་ཡོད།

"གལ་ཏེ་ཁྱེད་རང་རྩེད་མཁན་ཡག་པོ་ཞིག་ཡིན་པ་དང་གནས་རིམ་མཐོ་བའི་རྩེད་འགྲན་ནང་ཞུགས་འདོད་ཡོད་ན། རང་ཉིད་ཀྱི་ས་གནས་ཀྱི་རྐང་སྤོལ་ཚོགས་པ་ནས་འགོ་འཛུགས་དགོས། ཁྱེད་རང་གི་ཚོགས་པ་ནས་ཁྱེད་རང་གཞོན་སྐྱེས་རྐང་སྤོལ་མཐུན་ཚོགས་ཤིག་གི་ནང་དུ་འཛུལ་ཞུགས་བྱེད་ཐུབ་ཀྱི་རེད། དེ་ནས་ངེས་པར་དུ་མཐུན་ཚོགས་ཀྱི་རྩེད་འགྲན་གྱི་ནང་དུ་འཛུལ་ཞུགས་བྱེད་དགོས། ང་ཚོར་མཐུན་ཚོགས་ཀྱི་ནང་དུ་གདོད་རིགས་མི་དམངས་གི་ཚན་པ་ཡང་ཡོད་པ་དང་དེ་ནི་ལོ་ ༡༤, ༡༥, ༡༦ ཅན་གྱི་རུ་ཁག་རེད། དེ་ནས་ང་ཚོར་ལོ་ ༡༦ འོག་གི་རྒྱལ་ཡོངས་གཞོན་སྐྱེས་རྐང་སྤོལ་རུ་ཁག་ཡོད།"

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.auལ་གློག་འཕྲིན་གཏོང་རོགས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now