Watch FIFA World Cup 2026™

LIVE, FREE and EXCLUSIVE

ཨོ་སི་ཊི་ལི་ཡའི་ནང་པར་རྒྱག་རྒྱུའི་སྒྲིག་གཞི་གང་དག་ཡོད་དམ། Australia Explained

Woman taking photograph.jpg
པར་ལེན་རྒྱུ་དེ་མི་མང་པོས་དགའ་མོས་བྱེད་པའི་སྒྱུ་རྩལ་ཞིག་ཡིན། Credit: Pia Jessen

གལ་ཏེ་ཁྱེད་རང་པར་ལེན་གྱི་ལས་ལ་གསར་དུ་ཞུགས་མཁན་ཞིག་ཡིན་པ་འམ། སྤྱི་ཚོགས་བརྒྱུད་ལམ་གྱི་ནང་དོན་བཟོ་མཁན་ཞིག་གམ། ཡང་ན་ཆེད་ལས་པར་པ་ཞིག་ཡིན་ནའང་། པར་ལེན་ཆོག་པའི་ས་ཆ་དང་མི་ཆོག་པའི་ས་ཆ་གང་ཡིན་ཤེས་རྒྱུ་དེ་གལ་ཆེན་པོ་ཡིན། དེ་ནི་ཁྲིམས་མཐུན་གྱི་ཐོག་ནས་པར་ཡག་པོ་ཞིག་ལེན་པའི་སྔོན་ལ་བསམ་གཞིགས་བྱ་དགོས་པའི་གནད་དོན་ཞིག་རེད།


Published

By Phil Tucak

Presented by Domnyershar Dadon

Source: SBS




Share this with family and friends


གལ་ཏེ་ཁྱེད་རང་པར་ལེན་གྱི་ལས་ལ་གསར་དུ་ཞུགས་མཁན་ཞིག་ཡིན་པ་འམ། སྤྱི་ཚོགས་བརྒྱུད་ལམ་གྱི་ནང་དོན་བཟོ་མཁན་ཞིག་གམ། ཡང་ན་ཆེད་ལས་པར་པ་ཞིག་ཡིན་ནའང་། པར་ལེན་ཆོག་པའི་ས་ཆ་དང་མི་ཆོག་པའི་ས་ཆ་གང་ཡིན་ཤེས་རྒྱུ་དེ་གལ་ཆེན་པོ་ཡིན། དེ་ནི་ཁྲིམས་མཐུན་གྱི་ཐོག་ནས་པར་ཡག་པོ་ཞིག་ལེན་པའི་སྔོན་ལ་བསམ་གཞིགས་བྱ་དགོས་པའི་གནད་དོན་ཞིག་རེད།


གཙོ་གནད།

  • སྤྱི་པའི་ས་ཆ་ཁག་ཏུ་མི་རྣམས་ཀྱི་པར་ལེན་ཆོག་ཀྱང་། ཁོང་ཚོའི་ཆོག་མཆན་མེད་པར་ཚོང་དོན་ཆེད་དུ་བེད་སྤྱོད་བྱེད་མི་ཆོག
  • སྒེར་གྱི་ས་ཁང་དང་། ཞིང་ཁ་སོགས་ལ་པར་ལེན་པར་ཆོག་མཆན་ངེས་པར་དུ་ཐོབ་དགོས།
  • དམག་དོན་གྱི་སྒྲིག་ཆས་ལ་པར་ལེན་པ་བཀག་སྡོམ་བྱས་ཡོད།

སྤྱི་པའི་ས་ཆ་ཞིག་ཏུ་མི་ཞིག་གི་པར་ལེན་ཆོག་གམ།

ཨོ་སི་ཊེ་ལི་ཡའི་པར་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་པི་ཡ་ཇེ་སིན་གྱིས་འགྲེལ་བརྗོད་བྱེད་དོན། གལ་ཏེ་ཁྱེད་རང་སྲང་ལམ་དང་། སྤྱི་གླིང་། ཡང་ན་མཚོ་ཁ་སོགས་སུ་པར་ལེན་བཞིན་ཡོད་ན། མི་ཞིག་སྤྱི་པའི་ས་ཆ་ཞིག་ཏུ་ཡོད་དུས་པར་ལེན་ཆོག་མིན་ཤེས་རྒྱུ་དེ་གལ་ཆེན་པོ་ཡིན།

“སྤྱིར་བཏང་བཤད་ན། ཨོ་སི་ཊེ་ལི་ཡའི་ནང་དུ་མི་མང་གི་ཆོག་མཆན་མེད་པར་སྤྱི་པའི་ས་ཆ་ཁག་ཏུ་པར་དང་བརྙན་ལེན་ཆོག་གི་ཡོད་པས་དེས་དོན་དུ་མི་རྣམས་ལ་པར་ལེན་མི་ཆོག་པར་བརྗོད་པའི་ཐོབ་ཐང་མེད།”

ཨོ་སི་ཊེ་ལི་ཡའི་ནང་དུ་མི་རྣམས་སྤྱི་པའི་ས་ཆ་ཁག་ཏུ་སྤྱིར་བཏང་པར་བླངས་ན་འགྲིག། འོན་ཀྱང་པར་དེ་དག་ཚོང་དོན་ཆེད་དུ་བེད་སྤྱོད་བྱེད་པར་སྤྱིར་བཏང་ཆོག་མཆན་དགོས་པ་དང་། སྒེར་གྱི་ས་ཆ་ཞིག་ཏུ་པར་ལེན་པ་དང་། དེ་བཞིན་མི་ལ་སུན་པོ་བཟོ་བ་སོགས་ནི་ཁྲིམས་འགལ་ཆགས་སྲིད། ཁྱེད་ཀྱིས་སྤྱི་པའི་ས་ཆ་ཞིག་ཏུ་མི་རྣམས་ཀྱི་པར་ལེན་ཆོག་ཀྱང་། པར་དེ་དག་ཚོང་དོན་ཆེད་དུ་བེད་སྤྱོད་བྱེད་པར་ཁོང་ཚོའི་ཆོག་མཆན་ངེས་པར་དུ་དགོས།

People on Melbourne street.jpg
ཨོ་སི་ཊེ་ལི་ཡའི་ནང་དུ་མི་རྣམས་སྤྱི་པའི་ས་ཆ་ཁག་ཏུ་སྤྱིར་བཏང་པར་བླངས་ན་འགྲིག། འོན་ཀྱང་པར་དེ་དག་ཚོང་དོན་ཆེད་དུ་བེད་སྤྱོད་བྱེད་པར་སྤྱིར་བཏང་ཆོག་མཆན་དགོས། Credit: Pia Jessen

དེ་མིན་ཡང་དོ་སྣང་བྱེད་དགོས་པའི་གནད་དོན་གཞན་ཡང་ཡོད། ཚོང་དོན་དང་སྒྱུ་རྩལ་གྱི་ཁྲིམས་རྩོད་པ་ཤ་རོན་གྷི་བོ་ནི་ཡིས་འགྲེལ་བརྗོད་བྱེད་དོན།

“གལ་ཏེ་ཁྱེད་ཀྱིས་མི་ཞིག་ལ་དམའ་འབེབས་པའམ་སེམས་ལ་གནོད་རྒྱུ་མཚན་ཅན་གྱི་པར་ལེན་པ་ཡིན་ན། ཁོང་ཚོར་ཁྱེད་ལ་ཁ་གཏད་གཅོག་པའི་རྒྱུ་མཚན་ཡོད།”

“ང་ཚོ་རང་གི་སྒོ་ཐེམ་ལས་ཕྱི་ལ་ཐོན་པ་ཡིན་ན། ས་ཆ་རེ་རེ་ལ་སྒྲིག་གཞི་རེ་ཡོད། དཔེར་ན། ཁྱེད་ཀྱི་ལུས་རྩལ་ཁང་ལ་སྒྲིག་གཞི་ཡོད་སྲིད་ལ། ས་གནས་ཀྱི་ཆུ་རྩེད་ཁང་ལའང་སྒྲིག་གཞི་ཡོད་སྲིད། དེར་བརྟན་དུས་རྟག་དུ་ཞིབ་བཤེར་བྱེད་རྒྱུ་ནི་བསླབ་བྱ་ཡག་ཤོས་དེ་རེད།”

ཞིང་པའི་ར་སྐོར་ནང་འཛུལ་ནས་པར་ལེན་ཆོག་གམ།

སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ལོ་ཏོག་སྣ་ཚོགས་ཀྱིས་ཁེངས་པའི་ཞིང་ཁའི་མཛེས་ལྗོངས་ཀྱི་པར་མང་པོ་མཐོང་རྒྱུ་ཡོད།

སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་བྱེད་མཁན་ཞིག་ལ་དེ་འདྲའི་ཁོར་ཡུག་དེ་མཚོན་སྣས་རྒྱན་པའི་མིག་གི་ལོངས་སྤྱོད་དམ་གསེར་མདོག་ཅན་གྱི་ཞིང་ཁའི་ནང་དོན་ཞིག་ཡིན་པར་བསམ་སྲིད། འོན་ཀྱང་དེ་ནི་མི་ཞིག་གི་ལས་ཀ་བྱེད་ཡུལ་དང་། ཡང་ན་ཞིང་པ་ཞིག་གི་ལོ་གཅིག་གི་ཡོང་འབབ་ཡིན་སྲིད། སྤྱི་ཚོགས་བརྒྱུད་ལམ་ཁག་དུ་པར་སྤུས་དག་ཅིག་བསྐྲུན་ཡོད་ཀྱང་དེའི་འབྱུང་འབྲས་རྣམས་མངོན་མི་ཐུབ། སྒེར་གྱི་ས་ཆར་ཆོག་མཆན་མེད་པར་འཛུལ་ན་ཁྲིམས་འགལ་དང་། ལོ་ཏོག་ལ་གནོད་སྐྱོན་བཏང་ནས་ཞིང་བདག་ལ་དངུལ་གྱི་གྱོང་གུན་འབྱུང་སྲིད།
ཤ་རོན་གྷི་ཝོ་ནི།

སྤྱི་ཚོགས་བརྒྱུད་ལམ་ཁག་དུ་པར་སྤུས་དག་ཅིག་བསྐྲུན་ཡོད་ཀྱང་དེའི་འབྱུང་འབྲས་རྣམས་མངོན་མི་ཐུབ། སྒེར་གྱི་ས་ཆར་ཆོག་མཆན་མེད་པར་འཛུལ་ན་ཁྲིམས་འགལ་དང་། ལོ་ཏོག་ལ་གནོད་སྐྱོན་བཏང་ནས་ཞིང་བདག་ལ་དངུལ་གྱི་གྱོང་གུན་འབྱུང་སྲིད།

A canola field.jpg
དུས་རྟག་ཏུ་ལུག་ཁང་ངམ་ཞིང་ཁར་འཛུལ་བའི་སྔོན་ལ་ཆོག་མཆན་ཞུ་དགོས། Credit: Agustin Gunawan / Unsplash

ཇ་སི་ཊིན་ཧོབ་སོན་ནི་ཝིག་ཊེ་རི་ཡ་སའི་བྷ་ལཱ་རཱཊ་ཀྱི་ཉེ་འགྲམ་དུ་ཞིང་ལས་བྱེད་མཁན་ཞིག་རེད།ཁོང་གིས་"ང་ཚོའི་ས་ཆ་འདིར་མཛེས་ལྗོངས་ཡག་པོ་ཡོད། ཡིན་ནའང་མི་མང་པོ་ཞིག་གིས་པད་དཀར་བཞད་པའི་སྐབས་སུ་པར་ལེན་པར་ཡོང་གི་ཡོད་པ་དེ་ནི་སྐྱེ་ཁམས་འཕྲོད་བསྟེན་ལ་ཉེན་ཚབས་ཤིག་རེད།" ཅེས་གསུངས།

སྐྱེ་ཁམས་འཕྲོད་བསྟེན་གྱི་ཉེན་ཚབས་ནི་མི་ཚོས་མ་ཤེས་པའི་དབང་གིས་དགོས་མེད་ཀྱི་ས་དང་ས་བོན་ཁོར་ཡུག་དེའི་ནང་དུ་འཁྱེར་ཡོང་བ་དེས་རྩ་ངན་དང་ནད་གཞི་ཁྱབ་སྲིད་པ་རེད།

"གལ་སྲིད་མི་ཞིག་གིས་པར་ལེན་པའི་ཆེད་དུ་ཁྱེད་ཀྱི་ཞིང་སར་འཛུལ་ནས་རྨས་སྐྱོན་བྱུང་ན་སུས་འགན་འཁུར་དགོས་སམ། དེ་བཞིན་གད་སྙིགས་གཡུག་ནས་རྒྱ་སྒོ་མ་བརྒྱབ་པ་དེ་ཚོ་ཡང་སྐྱོན་རེད། དེ་ནི་ཨེ་ཀར་༥༠༠ ཡོད་པའི་རྟ་ར་ཞིག་ཀྱང་ཡིན་ཆོག།"

དོན་དངོས་སུ་དེ་ནི་དོ་དག་དེས་ཁྱེད་རང་གི་ལྡུམ་རའི་ནང་མཛུལ་ཡོང་ནས་ཅི་བྱེད་ཀྱི་ཡོད་དམ་ཞེས་དྲི་བ་དང་གཅིག་མཚུངས་རེད། ས་ཞིང་གི་རྒྱ་ཆེ་ཆུང་མ་གཏོགས་གཞན་གྱི་ནང་དུ་དོན་མེད་འཛུལ་བ་དང་གཅིག་པ་རེད།
ཇ་སི་ཊིན་ཧོབ་སོན།

དེར་བརྟེན་ལམ་སྟོན་ཡག་ཤོས་ནི་ར་བའི་ཕྱི་ལོགས་ནས་པར་ལེན་པ་དང་རྟ་ར་འམ་ཞིང་ཁའི་ནང་མ་འཛུལ་གོང་ཆོག་མཆན་ཞུ་དགོས། སྦྱིན་བདག་མང་པོ་ཞིག་གིས་གུས་ཞབས་ཡོད་པའི་ལྟད་མོ་བ་ཚོར་མཐུན་འགྱུར་བྱེད་པར་དགའ་པོ་བྱེད་ཀྱི་ཡོད།

པར་ལེན་མི་ཆོག་པའི་ས་ཆ་གང་ཡོད་དམ།

ས་ཆ་འགའ་ཤས་སུ་རིག་གཞུང་གི་རྒྱུ་མཚན་གྱིས་པར་ལེན་མི་ཆོག་པ་ཡོད་པ་དཔེར་ན་གདོད་རིགས་མི་མང་གི་ས་ཆ་དང་སྲུང་སྐྱོབ་བྱས་པའི་ས་ཁུལ་ལྟ་བུ་རེད།

"དེ་དག་ནི་སྲོལ་རྒྱུན་གྱི་བདག་པོ་ཚོས་དོ་དམ་བྱེད་ཀྱི་ཡོད་པས་མི་ཚང་མས་སྤྱོད་ཆོག་གི་མེད། པར་ལེན་ཆོག་མིན་ནི་ས་ཆ་བྱེ་བྲག་པ་ལ་རག་ལས་ཀྱི་རེད།" གྷི་ཝོ་ནི་ཡིས་གསུངས།

"འགའ་ཤས་ལ་ཆོག་མཆན་དགོས་པ་དང་འགའ་ཤས་ལ་རྩ་བ་ནས་པར་རྒྱགམི་ཆོག་པའི་བཀག་སྡོམ་ཡོད་པ་རེད། རྒྱུ་མཚན་ནི་ས་ཆ་འགའ་ཤས་ལ་རིག་གཞུང་ངམ་ཆོས་ཕྱོགས་ཀྱི་གལ་ཆེའི་རང་བཞིན་ལྡན་ཡོད་པ་དང་དེ་དག་སྲུང་སྐྱོབ་བྱེད་པའི་སྒྲིག་ཁྲིམས་ཀྱང་ཡོད་པ་རེད། ཡག་ཤོས་བྱུང་ན་དང་པོ་ས་ཆ་དོ་དམ་སུས་བྱེད་ཀྱི་ཡོད་མེད་འཚོལ་ཞིབ་བྱེད་པ་དང་ཆོག་མཆན་གྱི་དགོས་མཁོ་ཡོད་མེད་དང་གལ་སྲིད་ཐེ་ཚོམ་ཡོད་ན་སྐད་ཆ་འདྲི་རྒྱུ་ནི་རྟག་ཏུ་ཡག་ཤོས་རེད།"

ཆོས་ཕྱོགས་དྲན་རྟེན་ས་ཆ་ལའང་པར་ལེན་པར་བཀག་སྡོམ་ཡོད་སྲིད། སྒེར་བདག་དང་གཞུང་གི་སྲུང་སྐྱོབ་བྱེད་སའི་གཏེར་ཁ་སྔོན་འདོན་གྱི་ས་ཆར་པར་ལེན་པར་ཆོག་མཆན་དགོས་པ་དེ་ནི་བདེ་འཇགས་དང་བདེ་སྲུང་གི་གནད་དོན་རེད།

དམག་དོན་དང་འབྲེལ་བ་རྣམས་རིགས་གཞན་ཞིག་གི་ནང་དུ་འགྲོ་གི་ཡོད། དེ་དག་དང་འབྲེལ་ཡོད་ཀྱི་ས་ཆ་ཁག་ཏུ་འཛུལ་རྒྱུར་བཀག་སྡོམ་ཡོད། པར་ལེན་བླངས་ན་ཉེན་ཁ་ཡོད་པའི་ས་ཆ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གནད་དོན་ཡོང་སྲིད་པས་ར་བའི་ཕྱི་ལོགས་ནས་ཀྱང་པར་རྒྱབ་མི་ཆོག་པ་ཡོང་སྲིད།
ཤ་རོན་གྷི་ཝོ་ནི།

དེ་མིན་ཁྲོམ་ཁང་ཆེན་པོ་དང་རྩི་ཤིང་ལྡུམ་ར་ལྟ་བུའི་ས་ཆ་དེ་དག་མི་ཚང་མར་སྒོ་ཕྱེ་ཡོད་ནའང་ཆེད་ལས་ཀྱི་པར་ལེན་པར་ཆོག་མཆན་དགོས་ཀྱི་རེད།

པར་ལེན་གནམ་གྲུ་བེད་སྤྱོད་བྱས་ནས་པར་ལེན་ཆོག་གམ།

པར་ལེན་གནམ་གྲུ་བེད་སྤྱོད་བྱེད་རྒྱུ་ཇེ་མང་དུ་འགྲོ་བཞིན་པ་ཞིག་རེད། གལ་སྲིད་ཁྱེད་ཀྱིས་ཚོང་ལས་ཀྱི་ཕྱིར་པར་ལེན་རྒྱུར་པར་ལེན་གནམ་གྲུ་བཀོལ་གྱི་ཡོད་ན་ཐོ་འགོད་བྱས་ནས་མི་མང་གནམ་གྲུའི་བདེ་འཇགས་ལས་ཁུངས་ནས་ལག་འཁྱེར་ལེན་དགོས།

ཡིན་ནའང་གལ་སྲིད་ཁྱེད་ནི་སྤྲོ་སྐྱིད་ཀྱི་ཆེད་དུ་པར་ལེན་འཁྲུལ་ཆས་དེ་བེད་སྤྱོད་བྱེད་ཀྱི་ཡོད་ན་ཐོ་འགོད་ཀྱི་ངོས་འཛིན་མེ་དགོས་ཀྱང་དེའི་ཐད་ད་དུང་སྒྲིག་གཞི་ཡོད།

"ཡག་ཤོས་བྱུང་ན་དགོས་མཁོ་ཚང་མ་ཤེས་རྟོགས་བྱེད་པ་དང་མི་དང་སེམས་ཅན་གཉིས་ཀའི་བདེ་འཇགས་འགན་ལེན་བྱེད་པ་དེ་རེད།"ཅེས་ཇེ་སིན་གྱིས་གསུངས།

པར་ལེན་གནམ་གྲུ་བེད་སྤྱོད་བྱེད་པའི་སྒྲིག་གཞིའི་དཔེ་མཚོན་འགའ་ཤས་ནི་དེ་དག་ས་ངོས་ལས་མཐོ་ཚད་མི་ཊར་ ༡༢༠ ལས་མཐོ་བར་འཕུར་མི་ཆོག་པ་དང་མི་གཞན་གྱི་ལུས་དང་མི་ཊར་ ༣༠ ལས་ཉེ་བར་འཕུར་མི་ཆོག་པ་དང་། དེ་བཞིན་མི་གཞན་དང་རྒྱུ་དངོས་དང་གནམ་གྲུ་སོགས་ལ་ཉེན་ཁ་མེད་པའི་སྒོ་ནས་གཏོང་དགོས།

མེ་སྐྱོན་ཤོར་བའི་ས་ཁུལ་དང་ཉ་ཆེན་སོགས་སེམས་ཅན་གྱི་ཉེ་འགྲམ་དུ་པར་ལེན་གནམ་གྲུ་གཏོང་རྒྱུར་བཀག་སྡོམ་ཡོད།

Photographer in field.jpg
པར་ལེན་སྐབས་མི་དང་རང་བྱུང་ཁམས་ལ་གུས་ཞབས་བྱེད་དགོས། Credit: Maureen Gilbert

པར་ལེན་པའི་སྐབས་ཀྱི་བཟང་སྤྱོད།

ཇེ་སིན་ལགས་ཀྱིས་པར་རྒྱག་སྐབས་ཁྱེད་རང་གིས་པར་གཞི་དེ་ལ་རག་ལས་ཡོད། "གལ་སྲིད་ས་གནས་ཀྱི་སྒྲིག་གཞི་ཡོད་ན་དེ་ངེས་པར་དུ་སྲུང་དགོས། གལ་སྲིད་མེད་ན་མི་དང་རང་བྱུང་ཁམས་ལ་གུས་ཞབས་བྱེད་དགོས།"

པར་ལེན་དུས་རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་པ་དང་འགྲོ་སའི་ས་ཆར་གནོད་སྐྱོན་མི་གཏོང་བ་དང་མི་གཞན་གྱི་ས་ཆར་བརྩི་འཇོག་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་རེད།

དེར་བརྟེན་པར་གཞི་ཡག་པོ་ཞིག་དང་དེར་འཛུལ་སླ་པོ་ཡོད་པ་ཙམ་གྱིས་བདེ་འཇགས་ཡོད་པ་དང་ཆོག་མཆན་ཡོད་པས་མི་ཁྱབ།

"དགེ་ཕན་ཆེ་ཤོས་ཀྱི་འགྲོ་སྟངས་ནི་དང་པོ་སྐད་ཆ་དྲི་བ་དང་དེ་ནས་པར་ལེན་རྒྱུ་དེ་རེད།"

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.auལ་གློག་འཕྲིན་གཏོང་རོགས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now