ང་ཚོས་སྤྱོད་པའི་མིང་ཚིག (པི་སི་ཨོ་ཧྤོ་ཀེག)

FINAL_Word We Use  Thumbnail.jpg

ང་ཚོས་བྱ་བ་ཞིག་པི་སི་ཨོ་ཧྤོ་ཀེག་ཅིག་རེད་ཅེས་བཤད་དུས། ང་ཚོས་བྱ་བ་དེ་སྟབས་བདེ་བ་དང་། མགྱོགས་པོ། སེམས་ངལ་མེད་པ་བཅས་ཀྱི་ཐོག་ནས་སྒྲུབ་སླ་པོ་ཞིག་རེད་ཟེར་བ་ཡིན།

བརྗོད་པ་གསར་པ་ཞིག་སྦྱངས་ནས་ཨིན་སྐད་དེ་རང་བཞིན་གྱིས་སྤྲོ་སྣང་ལྡན་པ་ཞིག་བཟོ་དགོས། ང་ཚོས་བེད་སྤྱོད་བྱེད་པའི་མིང་ཚིག་དེ་དག་སྐད་གཉིས་ཀྱི་མུ་སྦྲེལ་སྒྲ་སྒམ་ཞིག་ཡིན་ཞིང་དེས་ཁྱེད་ལ་པི་སི་ཨོ་ཧྤོ་ཀེག་ལྟ་བུའི་བཤད་རྒྱུན་རྣམས་ཀྱི་གོ་བ་སྤྲོད་ཀྱི་རེད།


པི་སི་ཨོ་ཧྤོ་ཀེག་ཞེས་པའི་བཤད་རྒྱུན་དེ་ཁྱོད་ཀྱིས་ཕལ་ཆེར་སྔོན་ཆད་གོ་མྱོང་ཡོད་སྲིད། དེའི་ཚིག་དོན་ངོ་མ་ནི། དེ་ནི་མངར་ཞིང་མཉེན་པ་མ་ཟད་ཟ་སླ་བའི་བག་ལེབ་དུམ་བུ་ཞིག་རེད་ཅེས་པ་དེ་ཡིན།

འོན་ཀྱང་ཨིན་ཇིའི་སྐད་དུ། ང་ཚོས་བྱ་བ་ཞིག་པི་སི་ཨོ་ཧྤོ་ཀེག་ཅིག་རེད་ཅེས་བཤད་དུས། ང་ཚོས་བྱ་བ་དེ་སྟབས་བདེ་བ་དང་། མགྱོགས་པོ། སེམས་ངལ་མེད་པ་བཅས་ཀྱི་ཐོག་ནས་སྒྲུབ་སླ་པོ་ཞིག་རེད་ཟེར་བ་ཡིན།
བཤད་རྒྱུན་དེའི་རྒྱབ་ལྗོངས་ཡ་མཚན་པོ་ཞིག་ཡོད། དེ་ནི་ཨ་རིའི་ལྷོ་ཕྱོགས་ཁུལ་ནས་འགོ་ཚུགས་པའི་བག་ལེབ་མངར་མོའི་གོམ་པ་ཞེས་པའི་ཞབས་བྲོ་རྙིང་པ་ཞིག་ལས་བྱུང་བ་ཡིན། བཙན་ཤེད་ཀྱིས་བྲན་གཡོག་ཏུ་ལས་ཀ་བྱེད་དུ་བཅུག་པའི་ཨ་ཧྥེ་རི་ཁའི་ཨ་མེ་རི་ཀ་བས་བག་ལེབ་མངར་མོའི་གོམ་པ་དེ་འདེབས་འཛུགས་ར་བའི་བདག་པོའི་ངོ་མཚར་ཆེ་བའི་ཞབས་བྲོའི་ལད་མོ་བྱས་པ་རེད། ཞབས་བྲོའི་ཁྲབ་སྟོན་ལ་བྱ་དགའ་ཐོབ་མཁན་དེ་ལ་བག་ལེབ་མངར་མོའི་དུམ་བུ་རེ་ཐོབ་ཀྱི་ཡོད། དུས་ཚོད་དང་བསྟུན་ནས། པི་སི་ཨོ་ཧྤོ་ཀེག་དེ་བྱ་བ་ཞིག་ལས་སླ་པོ་ཡིན་པར་གོ་བར་གྱུར།

དེང་སྐབས་བཤད་རྒྱུན་དེ་གནས་སྟངས་འདྲ་མིན་འོག་ཐོས་རྒྱུ་ཡོད།

གཙོ་བོ་མི་ཞིག་ལ་ལན་འདེབས་པའི་སྐབས་སུ། དཔེར་ན། ངས་ཁྱོད་ཀྱིས་ང་ལ་བག་ཟས་གཅིག་བཟོ་རོགས་ཟེར་བར་། གལ་ཏེ་དེ་ཁྱོད་ལ་མཚོན་ན་ཧ་ཅང་ལས་སླ་པོ་ཞིག་ཡིན་ན། ཁྱོད་ཀྱིས་ལན་འདི་ལྟར་འདེབས་ཆོག།

བཤད་རྒྱུན་དེ་རྒྱུན་གཏན་གྱི་བྱ་བ་སྣ་ཚོགས་ལ་སྤྱོད་རྒྱུར་བེད་སྤྱོད་ཆེན་པོ་ཡོད།

ལས་ཀ་བྱེད་ཡུལ་དང་སློབ་གྲྭའི་ནང་དུ་ཡང་བཀོལ་སྤྱོད་བྱས་ཆོག་པ་སྟེ།

ཡང་སྐབས་རེ་མི་ཞིག་ལ་བྱ་བ་ཞིག་ལས་སླ་པོ་ཞིག་ཡིན་པར་སྐུལ་ལྕག་གཏོང་བའམ་སེམས་གསོ་བྱེད་པར་སྤྱོད་ཆོག།

མཚམས་རེ་གནས་སྟངས་དཀའ་ངལ་ཅན་ལ་འཕྲད་སྐབས་དེ་ཁག་པོ་མིན་ཞེས་བརྗོད་རྒྱུར་བཀོལ་ཆོག།

ཁྱོད་ཀྱིས་བཤད་རྒྱུན་དེ་ཉིད་ཚིག་དོན་བཞིན་མ་ཡིན་ཡང་། ལས་སླ་པོའམ་སྟབས་བདེ་ཡིན་པར་བརྗོད་རྒྱུར་བེད་སྤྱོད་བྱེད་ཆོག།

ང་ཚོའི་ཨིན་སྐད་སྦྱོང་མཁན་ཚོས་པི་སི་ཨོ་ཧྤོ་ཀེག་ཅིག་རེད་ཟེར་བའི་དོན་གང་ལ་གོ་ཡི་ཡོད་དམ་ཞེ་ན།

ད་ཁྱེད་རང་གི་ངོས་ནས་པི་སི་ཨོ་ཧྤོ་ཀེག་ཡིན་པ་ཞིག་དཔེར་བརྗོད་འཇོག་ཐུབ་བམ།

སྐད་གསང་མཐོན་པོས་ "ངའི་ངོས་ནས་བཤད་ན། ་་་་་་་་་་་་་་་་་་་ནི་པི་སི་ཨོ་ཧྤོ་ཀེག་ཅིག་རེད་"ཅེས་བརྗོད་དགོས།

ང་(བར་སྟོང་ནང་ཁྱེད་ཀྱི་མིང་དཔེར་ན་ཟླ་སྒྲོན་)ཡིན། ངས་སྒྲ་སྒམ་འདི་ཨུ་ར་མི་རིགས་ཀྱི་ཁམ་མེ་རི་གཱལ་མི་དམངས་ཀྱི་ཡུལ་དུ་ཕབ་པར་ཁས་ལེན་བྱེད་ཀྱི་ཡོད།

འདི་ནི་ང་ཚོས་སྤྱོད་པའི་མིང་ཚིག་ཡིན། སྒྲ་སྦྱོར་དང་དཔར་མཁན་སི་བྷི་ཨེ་སི་ཡིས་ཨིན་ཡིག་སྦྱོང་བརྡར་ལེ་ཚན།


(ང་ཚོས་སྤྱོད་པའི་མིང་ཚིག) གི་མུ་སྦྲེལ་སྒྲ་སྒམ་ཚང་མ་གསན་པར་འདིར་བསྣུན་རོགས།

ལེའུ་འདི་སི་པོ་ཊི་ཧྤ་ཡི་དང་ཨེ་པལ་པོ་ཊི་ཀ་སི་ནས་གསན་ཐུབ།



Credits:
Host: Shannon Williams
Written by: Josipa Kosanovic
Graphic design: Dory Wang
Educational consultant: Professor Lynda Yates
Produced by: Josipa Kosanovic

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service