ང་ཚོས་སྤྱོད་པའི་མིང་ཚིག ༼སི་ལིབ་ཨོན་ཨི་ཊི།༽

FINAL_Word We Use  Thumbnail (4).jpg

In 1519, King Henry VIII of England said he would “sleep and dream on the matter” before making an important decision.

བརྗོད་པ་གསར་པ་ཞིག་སྦྱངས་ནས་ཨིན་སྐད་དེ་རང་བཞིན་གྱིས་སྤྲོ་སྣང་ལྡན་པ་ཞིག་བཟོ་དགོས། ང་ཚོས་བེད་སྤྱོད་བྱེད་པའི་མིང་ཚིག་དེ་དག་སྐད་གཉིས་ཀྱི་མུ་སྦྲེལ་སྒྲ་སྒམ་ཞིག་ཡིན་ཞིང་དེས་ཁྱེད་ལ་ " སི་ལིབ་ཨོན་ཨི་ཊི་" ལྟ་བུའི་བཤད་རྒྱུན་རྣམས་ཀྱི་གོ་བ་སྤྲོད་ཀྱི་རེད།


སི་ལིབ་ཨོན་ཨི་ཊི་ དེ་ཅུང་ཁྱད་མཚར་པོ་ཞིག་ཏུ་ཚོར་ངེས། རེད་པ།་ དོན་དངོས་སུ་དེ་ནི་ཅ་ལག་གཅིག་ཉལ་ཁྲིའི་སྟེང་དུ་བཞག་ནས་དེའི་སྟེང་དུ་གཉིད་ཁུག་པ་ལྟ་བུ་ཞིག་ཏུ་སྣང་།
འོན་ཀྱང་དེའི་དོན་གཞན་ནི་ཐག་གཅོད་ཅིག་མ་བྱས་གོང་བསམ་བློ་གཏོང་བར་དུས་ཚོད་དགོས་པ་དང་། གཅིག་བྱས་ན་མཚན་ལ་ཉལ་དུས་ཀྱང་དེའི་ཐོག་བསམ་བློ་གཏོང་བར་དུས་ཚོད་ཕར་མ་བཏོན་དགོས་པ་དེ་ཡིན། དེ་ལྟར་བྱས་ན་གནས་དོན་གང་ཡང་མགྱོགས་པོར་ཐག་གཅོད་བྱེད་ཀྱི་མ་རེད།

ཚིག་འདི་དུས་ཡུན་རིང་པོར་བེད་སྤྱོད་བྱས་ཡོད། དེ་ཐོག་མར་བེད་སྤྱོད་བྱས་པའི་ཟིན་ཐོ་ནི་ ༡༥༡༩ ལོར་དབྱིན་ཇིའི་རྒྱལ་པོ་ཧན་རི་བརྒྱད་པ་ཡིན། ཁོང་གིས་གལ་ཆེའི་ཐག་གཅོད་མ་བྱས་གོང་དུ་ "གཉིད་ཁུག་ནས་དེའི་སྐོར་ལ་རྨི་ལམ་བཏང་" ཞེས་གསུངས་ཡོད། ཐ་ན་དེ་དུས་ནས་ཀྱང་མི་ཚོས་གཉིད་སྐྱིད་པོ་ཞིག་གིས་ཁྱེད་ལ་བསམ་བློ་གསལ་པོ་གཏོང་བར་རོགས་རམ་བྱེད་ཐུབ་པ་ཤེས་ཡོད།

ང་ཚོས་ད་དུང་ཡང་ "སི་ལིབ་ཨོན་ཨི་ཊི" ཞེས་པ་དེ་མང་པོ་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན།

མི་ཞིག་གིས་ཁྱེད་ལ་དངོས་པོ་ཞིག་འདེམས་དགོས་པར་བཤད་དུས་ཁྱེད་ཀྱིས་མི་འདོད་ན།
ཁྱེད་ཀྱིས་ "ངས་མི་ཤེས། སི་ལིབ་ཨོན་ཨི་ཊི་བྱས་ཏེ་སང་ཉིན་ཁྱེད་ལ་བཤད་ཆོག" ཅེས་བཤད་ཆོག

ཡང་ན་ལས་ཀའི་སྐབས་སུ།
"ངའི་འགན་འཛིན་གྱིས་དེ་རིང་ལན་ཞིག་དགོས་ཀྱི་འདུག འོན་ཀྱང་ངས་ཐོག་མར་ སི་ལིབ་ཨོན་ཨི་ཊི་བྱེད་ཀྱི་ཡིན།" ཞེས་བཤད་ཆོག

ཉིན་རེའི་འཚོ་བའི་ནང་དཔེར་ན་གཟའ་མཇུག་ཏུ་རི་འཛེག་ལ་འགྲོ་མིན་ཐག་གཅོད་བྱེད་སྐབས།

"ང་གཟའ་མཇུག་ཏུ་རི་འཛེག་ལ་འགྲོ་མིན་ཐག་གཅོད་ཐུབ་ཀྱི་མི་འདུག ངས་ སི་ལིབ་ཨོན་ཨི་ཊི་བྱེད་ཀྱི་ཡིན།" ཞེས་བཤད་ཆོག

ཁྱེད་ཀྱིས་བསླབ་བྱ་རྒྱག་སྐབས་ཀྱང་དེ་བེད་སྤྱོད་བྱེད་ཆོག

"ཁྱེད་ཀྱི་གདམ་ཀ་མགྱོགས་པོ་མ་བྱེད། སི་ལིབ་ཨོན་ཨི་ཊི་བྱེད་དང་ཞོགས་པ་ཁྱེད་ལ་ཚོར་བ་ག་འདྲ་ཡོད་མེད་ལྟོས།" ཞེས་བཤད་ཆོག


༼ང་ཚོས་སྤྱོད་པའི་མིང་ཚིག༽ གི་མུ་སྦྲེལ་སྒྲ་སྒམ་ཚང་མ་གསན་པར་འདིར་བསྣུན་རོགས།

ལེའུ་འདི་སི་པོ་ཊི་ཧྤ་ཡི་ དང་ ཨེ་པལ་པོ་ཊི་ཀ་སི་ ནས་གསན་ཐུབ།


Credits:
Host: Shannon Williams
Written by: Josipa Kosanovic
Graphic design: Dorry Wang
Educational consultant: Professor Lynda Yates
Produced by: Josipa Kosanovic

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service