" ཤའོ་ཊི་ " ཁྱེད་ཀྱིས་དེ་ནི་སྐད་ཤུགས་ཆེན་པོས་སྐད་ཆ་བཤད་པར་གོ་གི་ཡོད་པ་ཤེས་ཀྱི་རེད།
ང་ཚོས་རྒྱུ་མཚན་མང་པོ་ཞིག་གི་ཆེད་དུ་" ཤའོ་ཊི་ " བྱེད་ཀྱི་ཡོད། ཁྱེད་ཀྱིས་ཁོང་ཁྲོ་དང་། བསུན་སྣང་། ཡང་ན་མི་ཞིག་ལ་ཉེན་བརྡ་གཏོང་བའི་ཆེད་དུ་" ཤའོ་ཊི་ " བྱེད་ཀྱི་ཡོད།
- དགེ་རྒན་གྱིས་འཛིན་གྲྭ་ཁུ་སིམ་པོ་བཟོ་བའི་ཆེད་དུ་” ཤའོ་ཊི་ “ བྱེད་ཀྱི་རེད།
ཁྱེད་ཀྱིས་དགའ་སྤྲོ་དང་། ཡ་མཚན། ཡང་ན་རང་གི་རྩེད་རིགས་རུ་ཁག་ལ་རྒྱབ་སྐྱོར་བྱེད་པའི་སྐབས་སུ་" ཤའོ་ཊི་ "བྱེད་ཀྱི་ཡོད།
- རང་ཉིད་ཀྱི་རུ་ཁག་གིས་རྩེད་མོའི་རྒྱལ་ཁ་ཐོབ་པའི་དམིགས་འབེན་ལེན་སྐབས་” ཤའོ་ཊི་ “ བྱེད་ཀྱི་ཡོད།
འོན་ཀྱང་དེ་ལ་གོ་དོན་གཞན་ཡང་ཡོད། དཔེར་ན། དེ་ནི་མི་གཞན་ཞིག་གི་ཆེད་དུ་བཏུང་བྱ་དང་ཟས་རིན་སྤྲོད་པའི་དོན་ཡིན།
- ངས་ཁྱེད་ལ་འཚིག་ཇ་ཞིག་" ཤའོ་ཊི་ " བྱེད་ཀྱི་ཡིན། རྩེད་འགྲན་རྗེས་སུ་ངས་ངས་གྲོགས་པོ་ལ་བཏུང་བྱ་ཞིག་” ཤའོ་ཊི་ “ བྱེད་ཡིན།
ཡང་ན་གང་ཞིག་གིས་བག་ཆགས་ཟབ་མོ་བཞག་པའི་སྐབས་སུ།
- མོའི་གྱོན་ཆས་ཀྱིས་གདེང་ཚོད་ཆེན་པོར་" ཤའོ་ཊི་ " བྱེད་ཀྱི་འདུག
ཡང་ན་སྐབས་རེ་དེ་ནི་མི་ཞིག་ལ་ཁ་པར་གཏོང་བའི་དོན་ཡིན།
- ང་ལ་དུས་ཚོད་ཡོད་སྐབས་ངས་ཁྱེད་ལ་" ཤའོ་ཊི་ " བྱེད་ཀྱི་ཡིན།
རླུང་འཕྲིན་ནང་དུ་ཁྱེད་ཀྱིས་རླུང་འཕྲིན་གཏོང་མཁན་ཚོས་ཉན་མཁན་ཞིག་ལ་” ཤའོ་ཊི་ “ བྱེད་པ་ཐོས་སྲིད། དེ་ནི་ཁོ་ཚོའི་སྐྱེས་སྐར་དང་སྐབས་ཁེལ་བའམ་ཡང་ན་ཁོ་ཚོས་རང་གི་ལེ་ཚན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་བའི་ཆེད་དུ་ཡིན་སྲིད།
༼ང་ཚོས་སྤྱོད་པའི་མིང་ཚིག༽ གི་མུ་སྦྲེལ་སྒྲ་སྒམ་ཚང་མ་གསན་པར་འདིར་གནོན་རོགས།
Credits:
Host: Shannon Williams
Written by: Josipa Kosanovic
Graphic design: Dorry Wang
Educational consultant: Professor Lynda Yates
Produced by: Josipa Kosanovic




