གཙོ་དོན།
- ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ནི་མི་རིགས་དང་རིག་གཞུང་སྣ་མང་ཅན་ཡིན།
- གདོད་རིགས་མང་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ཚོགས་པ་དང་བྱེད་སྒོ་ཁག་གིས་ཐོག་མའི་མི་རིགས་དང་ཁོང་ཚོའི་གནད་དོན་ལ་འབྲེལ་བ་བྱེད་པའི་བརྒྱུད་ལམ་མཁོ་སྤྲོད་བྱེད་ཀྱི་ཡོད།
- ཁྱེད་ཀྱིས་ཁོང་ཚོར་གཟབ་ནན་གྱིས་འབྲེལ་བ་བྱེད་པའི་ནང་རྒྱུས་ལོན་བྱ་ཕྱིར་ཁོང་ཚོའི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་པ། གུ་ཡངས་པའི་ཐོག་ཁོང་ཚོའི་སྐད་ཆར་ཉན་པ། དེ་བཞིན་གུས་ཞབས་དང་བཅས་དྲི་བ་འདྲི་བ་བཅས་ཚུད་ཡོད།
- རང་ཉིད་ཀྱི་ས་ཁུལ་དུ་ཡོད་པའི་སྲོལ་རྒྱུན་བདག་པོ་ཚོའི་སྐོར་ལ་ཇི་ལྟར་ཤེས་རྟོགས་བྱེད་ཐུབ་བམ།
- ཁྱོད་ཀྱིས་གདོད་རིགས་མང་ཚོགས་དང་འབྲེལ་བ་ཇི་ལྟར་བྱེད་ཐུབ་བམ།
- ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ཀྱི་སྐོར་ལ་ཡིད་ཆེས་འཕེར་བའི་གནས་ཚུལ་གང་ནས་རྙེད་ཐུབ་བམ།
- ཨོ་སི་ཁྲུ་ལི་ཡའི་ནང་དུ་སྲུང་བརྩི་བྱེད་པའི་གདོད་རིགས་མང་ཚོགས་ཀྱི་དུས་ཆེན་དང་དུས་དྲན་གང་དག་ཡོད་དམ།
- ཨོ་སི་ཁྲུ་ལི་ཡའི་ཐོག་མའི་མི་རིགས་དང་ལྷན་ཏུ་མཐུན་གྲོགས་བཟང་པོ་ཞིག་ཇི་ལྟར་བྱེད་ཐུབ་བམ།
- གལ་ཏེ་གདོད་རིགས་མང་ཚོགས་ཀྱི་མི་ཞིག་དང་གླེང་མོལ་བྱེད་སྐབས་ནོར་འཁྲུལ་ཤོར་ན་ཅི་ཞིག་བྱེད།
ཨོ་སི་ཁྲུ་ལི་ཡའི་ནང་དུ་གནས་སྡོད་བྱེད་མཁན་སུ་ཡིན་རུང་། གདོད་རིགས་མང་ཚོགས་གྱི་རིག་གཞུང་དང་སྤྱི་ཚོགས་ཀྱི་སྣ་མང་རང་བཞིན་ཤེས་རྟོགས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞེས་ཡ་ཝུ་རུའི་བུད་མེད་ཤཱ་ནན་ཌོ་སོན་གྱིས་བརྗོད་ཡོད། ཁོང་ནི་གསོ་བཅོས་ཐེབས་རྩ་ཚོགས་པའི་འགན་འཛིན་ཡིན།
“རྒྱལ་ཁབ་ཡོངས་སུ་སྐད་རིགས་མི་འདྲ་བ་བརྒྱ་ཕྲག་མང་པོ་ཡོད་པས་གཅིག་གྱུར་གྱི་རིག་གཞུང་ཞིག་མེད་པ་ཤེས་རྟོགས་བྱེད་རྒྱུ་དེ་གལ་ཆེན་པོ་རེད།
“དེ་ལྟ་བུའི་རྒྱ་ཆེའི་རང་བཞིན་ཤེས་རྟོགས་བྱེད་ཐུབ་པ་དེ་ཡང་ཧ་ཅང་གལ་ཆེན་པོ་རེད།”

“It's important for anyone living in Australia to understand that Indigenous people have cared for this Country for tens of thousands of years,” Shannan Dodson says. Photo: The Healing Foundation.
རང་ཉིད་ཀྱི་ས་ཁུལ་དུ་ཡོད་པའི་སྲོལ་རྒྱུན་བདག་པོ་ཚོའི་སྐོར་ལ་ཇི་ལྟར་ཤེས་རྟོགས་བྱེད་ཐུབ་བམ།
རང་ཉིད་ཀྱི་ས་ཁུལ་དུ་ཡོད་པའི་སྲོལ་རྒྱུན་བདག་པོ་ཚོའི་སྐོར་ལ་ཇི་ལྟར་ཤེས་རྟོགས་བྱེད་ཐུབ་བམ།
ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ནི་ཁྱད་པར་ཅན་གྱི་ཚོ་པ་ཐ་དད་དུ་མས་གྲུབ་ཡོད། རང་གི་ས་གནས་སུ་ཡོད་པའི་གདོད་རིགས་མང་ཚོགས་ཀྱི་སྤྱི་ཚོགས་དང་འབྲེལ་བ་འཛུགས་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་ཌོ་སོན་ལགས་ཀྱིས་གསུངས་ཡོད།
འོན་ཀྱང་ཁྱེད་རང་ས་ཁུལ་གང་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དེ་ཇི་ལྟར་འཚོལ་ཐུབ་བམ་ཞེ་ན།དེ་ནི་ཁྱེད་རང་གང་དུ་གནས་སྡོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱེད་པ་དང་། གང་དུ་གནས་སའི་ཡུལ་དེ་ལ་རྒྱུས་ལོན་བྱེད་རྒྱུ་དེ་ཡིན།
“དེང་སང་ས་ཁུལ་ཁག་གི་སྲོལ་རྒྱུན་བདག་པོ་ཚོ་སུ་ཡིན་པ་ཤེས་རྟོགས་བྱེད་རྒྱུ་ཧ་ཅང་སླ་པོ་རེད།”
ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མི་དམངས་ཆགས་སའི་ས་ཁྲ་དང་། ཁྱེད་རང་གི་ས་ཁུལ་གྱི་སྲོལ་རྒྱུན་བདག་པོ་ཚོའི་སྐོར་གྱི་གནས་ཚུལ་ཤེས་རྟོགས་བྱེད་པར་ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ དྲྭ་ཚིགས་ལ་གཟིགས་རོགས།
ཁྱོད་ཀྱིས་གདོད་རིགས་མང་ཚོགས་དང་འབྲེལ་བ་ཇི་ལྟར་བྱེད་ཐུབ་བམ།
གལ་ཏེ་ཁྱེད་རང་གིས་གདོད་རིགས་མང་ཚོགས་གྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་པ་དང་མི་རྣམས་དང་འབྲེལ་བ་འཛུགས་པའི་གོ་སྐབས་འཚོལ་བཞིན་ཡོད་ན། ཁྱེད་རང་གང་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དེ་ལས་ལྷག་པ་ཞིག་འཚོལ་མི་དགོས།
“ཁྱེད་རང་གི་ས་གནས་ཀྱི་གདོད་རིགས་མང་ཚོགས་ཀྱི་ཚོགས་པ་ཁག་དང་འབྲེལ་བ་ཇི་ལྟར་བཟང་དུ་གཏོང་ཐུབ་མིན་ལ་བལྟ་དགོས།
“དེ་མཐུན་དང་བླངས་ཞབས་ཞུ་བྱེད་པ་དང་། རོགས་སྐྱོར་གྱི་རིགས་གང་རུང་ཞིག་སྤྲོད་པ། ཡང་ན་རང་གི་གྲོགས་པོ་དང་ནང་མི་ཚོར་གནས་ཚུལ་བགོ་འགྲེམས་བྱེད་པ་སོགས་ཀྱང་ཡིན་སྲིད།”
མངའ་སྡེ་དང་ས་ཁུལ་ལ་དམིགས་ནས་འཚོལ་ཞིབ་བྱས་ན། ཁྱེད་རང་གི་ས་ཁུལ་དུ་ཡོད་པའི་གདོད་རིགས་མང་ཚོགས་གྱི་གནད་དོན་སྐོར་ལ་ཤེས་རྟོགས་བྱེད་ཐུབ།
གདོད་རིགས་མང་ཚོགས་ཀྱི་ཚོགས་པ་ཁག་འགའ་ཤས་ཀྱིས་རང་གི་མངའ་སྡེ་དང་ས་ཁུལ་གྱི་གནད་དོན་ཁག་ལ་དམིགས་པ་དང་། གཞན་དག་གིས་རྒྱལ་ཡོངས་ཀྱི་གདོད་རིགས་མང་ཚོགས་གྱི་གནད་དོན་ཁག་ལ་ལས་ཀ་བྱེད་ཀྱི་ཡོད། དཔེར་ན་རྒས་གཅོང་གི་ལྟ་སྐྱོང་ལྟ་བུ།

Some Indigenous organisations focus on issues specific to their state and territory while others work on nationwide Indigenous affairs, for example aged care. Credit: davidf/Getty Images
ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ཀྱི་སྐོར་ལ་ཡིད་ཆེས་འཕེར་བའི་གནས་ཚུལ་གང་ནས་རྙེད་ཐུབ་བམ།
དྲྭ་ཐོག་ཏུ་ཡིད་ཆེས་འཕེར་བའི་ཐོན་རྐྱེན་མང་པོ་ཡོད། ཌོ་སོན་ལགས་ཀྱིས་འགོ་འཛུགས་ས་རྒྱལ་ཡོངས་ཀྱི་དྲྭ་ཚིགས་གསུམ་བསྟན་ཡོད།
- ཕྲུ་གུ་བཙན་ཤེད་ཀྱིས་འཁྱེར་བའི་ལོ་རྒྱུས་དང་། དེའི་ཤུགས་རྐྱེན་ད་དུང་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་སྤྱི་ཚོགས་ཡོངས་ལ་ཇི་ལྟར་ཐེབས་པའི་སྐོར་གྱི་གནས་ཚུལ་གསོ་བཅོས་ཐེབས་རྩ་ཚོགས་པའི་དྲྭ་ཚིགས།
- ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་དང་ཊོ་རེ་སི་སི་ཊ་ར་ཡི་ཊི་ཞིབ་འཇུག་ལྟེ་གནས། ས་གནས་ཁག་དང་སྲོལ་རྒྱུན་གྱི་བདག་པོ། སྐད་ཡིག་དང་རིག་གཞུང་གི་རྒྱུ་ཆ། ལོ་རྒྱུས་ཀྱི་ཟིན་ཐོ་བཅས་ཀྱི་སྐོར་གྱི་གནས་ཚུལ་ཆེད་ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་ཞིབ་འཇུག་ལྟེ་གནས་ཁང་གི་དྲྭ་ཚིགས།
- ཨོ་སི་ཁྲུ་ལི་ཡའི་ནང་གདོད་རིགས་མང་ཚོགས་དང་ཡུལ་མི་གཞན་གྱི་དབར་མཐུན་སྒྲིག་བཟོ་བའི་བརྒྱུད་རིམ་སྐོར་གྱི་གནས་ཚུལ་གྱི་ཕྱིར་ ཨོ་སི་ཁྲུ་ལི་ཡའི་མཐུན་སྒྲིག་ཅེས་པའི་དྲྭ་ཚིགས་བཅས་ཡོད།
ཨོ་སི་ཁྲུ་ལི་ཡའི་ནང་དུ་སྲུང་བརྩི་བྱེད་པའི་གདོད་རིགས་མང་ཚོགས་ཀྱི་དུས་ཆེན་དང་དུས་དྲན་གང་དག་ཡོད་དམ།
གདོད་རིགས་མང་ཚོགས་གྱིས་སྣེ་ཁྲིད་པའི་བྱེད་སྒོ་ཁག་ལ་ཞུགས་པ་དེས་ཀྱང་ཐོག་མའི་མི་རིགས་ཀྱི་རིག་གཞུང་དང་སྤྱི་ཚོགས་ལ་འབྲེལ་བ་བྱེད་པའི་ཐབས་ལམ་ཞིག་མཁོ་སྤྲོད་བྱེད་ཐུབ།
“མངའ་སྡེ་དང་ས་ཁུལ་ཚང་མའི་ནང་དུ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་མང་པོ་ཡོད།” ཅེས་ཌོ་ལགས་ཀྱི་བརྗོད་ཡོད།
དཔེར་ན། ལོ་ལྟར་ཟླ་བདུན་པའི་བདུན་ཕྲག་དང་པོའི་ནང་འཚོགས་པའི་རྒྱལ་ཡོངས་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དྲན་གསོ་ཚོགས་པའི་བདུན་ཕྲག་གི་དུས་ཆེན་ལྟ་བུ།
རྒྱལ་ཡོངས་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དྲན་གསོ་ཚོགས་པའི་བདུན་ཕྲག་ནི་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་རིག་གཞུང་ལ་དགེ་མཚན་ལྡན་པ་དང་། གུ་ཡངས་མཉམ་སྤྱོད་ཀྱི་སྒོ་ནས་དགའ་སྟོན་བྱེད་པ་དང་། ཁོང་ཚོ་ཙམ་མ་ཟད་ཨོ་སི་ཁྲུ་ལི་ཡའི་རྒྱ་ཆེའི་སྤྱི་ཚོགས་ཡོངས་ཀྱིས་དགའ་སྟོན་བྱེད་ཐུབ་པ་ཡོང་ཕྱིར་ཡིན།ཤཱ་ནན་ཌོ་སོན། གསོ་བཅོས་ཐེབས་རྩའི་འགན་འཛིན།
རྒྱལ་ཡོངས་མཐུན་སྒྲིག་བདུན་ཕྲག་ནི་ཕྱི་ཟླ་ ༥ ཚེས་ ༢༧ ནས་ཕྱི་ཟླ་ ༦ ཚེས་ ༣ བར་སྲུང་བརྩི་བྱེད་ཀྱི་ཡོད་ལ། དེ་ནི་ ༡༩༦༧ ལོའི་མང་མོས་འོས་བསྡུ་དང་། མཱ་བྷོ་ཁྲིམས་ཁང་གི་ཐག་གཅོད་དུས་དྲན་སོ་སོར་མཚོན་གྱི་ཡོད།
ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་ལ་དགོངས་སེལ་ ཞུས་པའི་ལོ་འཁོར་དུས་དྲན་ནི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་ཡིན་ལ། དེ་ནི་ལོ་ལྟར་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་སྲུང་བརྩི་བྱེད་པའི་རྒྱལ་ཡོངས་དགོངས་སེལ་ཉིན་མོའི་སྔོན་ལ་ཚུགས་ཀྱི་ཡོད།
དེ་གཉིས་ཀས་ཕྱི་ལོ་ ༡༨༠༠ ནས་ ༡༩༨༠ ལོའི་དཀྱིལ་མཚམས་ལ་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་བྱིས་པ་རྣམས་རང་གི་ཁྱིམ་ཚང་ནས་བཙན་ཤེད་ཀྱིས་བཙན་འཁྲིད་བྱས་པར་ 'བཙན་འཁྲིད་བྱས་པའི་མི་རབས་' ལ་ངོས་འཛིན་བྱེད་ཀྱི་ཡོད།
“དེ་ནི་རྒྱལ་ཁབ་ཅིག་གི་ངོས་ནས་མཉམ་འཛོམས་བྱས་ཏེ། སྲིད་བྱུས་དེ་དག་གི་འོག་སྡུག་བསྔལ་མྱངས་པའི་མི་རྣམས་ལ་གུས་བརྩི་ཞུ་བའི་གོ་སྐབས་ཤིག་ཡིན།
“དེ་བཞིན་སྤྱི་ཚོགས་མང་པོ་ཞིག་ད་དུང་ཡང་རྒྱུན་མཐུད་ནས་འཕྲད་བཞིན་པའི་རྨ་ཁ་དེ་རྟོགས་པའི་གོ་སྐབས་ཤིག་ཀྱང་ཡིན།”

གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་རིག་གཞུང་སྐོར་གྱི་རྟོག་སྒྲུང་དང་རྒྱུན་ཁྱབ་ཏུ་ཡོད་པའི་ཁོང་ཚོའི་སྐོར་ལ་གོ་ནོར་ཐེབས་སླ་པོ་ཡོད། དཔར་རིས་བདག་དབང་། ཝན་ཌར་བུད་མེད་མཉམ་འབྲེལ་ཚོགས་པ།/གེ་ཊི་པར་རིས། Credit: WANDER WOMEN COLLECTIVE/Getty Images
ཨོ་སི་ཁྲུ་ལི་ཡའི་ཐོག་མའི་མི་རིགས་དང་ལྷན་དུ་མཐུན་གྲོགས་བཟང་པོ་ཞིག་ཇི་ལྟར་བྱེད་ཐུབ་བམ།
ཁྱེད་ཀྱིས་ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་དང་འབྲེལ་བ་བྱེད་རྒྱུའི་གོ་སྐབས་འཚོལ་བའི་སྐབས་ལ་ཚུལ་དང་མཐུན་པ་བྱེད་རྒྱུ་གལ་ཆེན་པོ་ཡིན།
"གུས་ཞབས་ལྡན་པའི་མཐུན་གྲོགས་ཤིག་གམ་སློབ་སྦྱོང་བྱེད་འདོད་ཡོད་མཁན་ཞིག་ཡིན་པའི་ཆ་ནས། སེམས་པ་གུ་ཡངས་པོས་ཉན་པ་དང་། སྣེ་ཁྲིད་མི་བྱེད་པར་མཉམ་དུ་བསྐྱོད་པ། དེ་བཞིན་ཐོག་མའི་མི་རིགས་ཀྱི་སྐད་སྒྲ་དེ་ཁོང་ཚོས་འདེམས་པ་དང་རང་དབང་ཡོད་པའི་ཐོག་ནས་ཇི་ལྟར་རྒྱ་སྐྱེད་གཏོང་གི་ཡོད་མེད་ལ་བསམ་བློ་གཏོང་དགོས།"
ཌོ་སོན་ལགས་ཀྱིས་གདོད་རིགས་མི་མང་ལ་རྒྱུས་ལོན་འགོ་འཛུགས་བྱེད་སྟངས་སྐོར་ལ་སློབ་གསོ་ཞིག་གནང་ཡོད་པ་ནི་བློ་དཀར་སེམས་ཡངས་ཀྱི་ཐོག་ནས་མཉམ་ཞུགས་བྱེད་རྒྱུ་དེ་རེད།
ཁོང་གིས་"ང་ཚོའི་སྤྱི་ཚོགས་ནི་ཧ་ཅང་གུ་ཡངས་པོ་ཡིན་ལ་རང་ཉིད་ཀྱི་ངོ་བོ་དང་། ལོ་རྒྱུས། རིག་གཞུང་སོགས་ཀྱི་སྐོར་རྒྱུད་སྤེལ་བྱེད་འདོད་པ་ཡིན།" ཞེས་གསུངས།
གལ་ཏེ་ཁྱེད་རང་མཉམ་ཞུགས་བྱེད་ཐུབ་ན། དེ་ནི་འབྲེལ་བ་བཟང་པོ་བསྐྲུན་པའི་གོམ་པ་དང་པོ་དེ་རེད།ཤཱ་ནན་ཌོ་སོན། གསོ་བཅོས་ཐེབས་རྩ་ཚོགས་པའི་འགན་འཛིན།

༢༠༢༥ ལོའི་ཟླ་བ་གཉིས་པའི་ནང་གི་རྒྱལ་ཡོངས་ཀྱི་བཟོད་གསོལ་དུས་དྲན་གྱི་ལོ་འཁོར་གྱི་པར་རིས་ཤིག་ཡིན་པ་དང་། དེའི་ནང་དུ་གནོད་འཚེ་ཕོག་པའི་མི་རབས་ཁྲོད་ནས་འཚོ་གནས་ཐུབ་པའི་རིགས་དང་། རྒྱུད་འཛིན་པ། ཐེབས་རྩ་ཚོགས་པའི་ལས་བྱེད། ཐོག་མའི་མི་རིགས་ཀྱི་བློན་ཆེན་མཱ་ལར་ཌི་རི་མེག་ཁར་ཐི་དང་སྤྱི་ཚོགས་ཀྱི་ཚོགས་མི་གཞན་དག་ཚུད་ཡོད།
གལ་ཏེ་གདོད་རིགས་མང་ཚོགས་ཀྱི་མི་མི་ཞིག་དང་གླེང་མོལ་བྱེད་སྐབས་ནོར་འཁྲུལ་ཤོར་ན་ཅི་ཞིག་བྱེད།
འཛམ་གླིང་གི་རིག་གཞུང་རྙིང་ཤོས་རྒྱུན་མཐུད་དུ་གནས་པ་དང་། མི་སེར་སྤེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོངས་རྫོགས་ཤེས་རྟོགས་བྱེད་པར་དུས་ཚོད་དང་འབད་བརྩོན་དགོས།
ཌོ་སོན་ལགས་ཀྱིས་གསུངས་པ་ལྟར་ན། མི་སེར་སྤེལ་བའི་མི་རིགས་མིན་པ་ཚོར་སྐབས་རེ་"ནོར་འཁྲུལ་བྱེད་པ་དང་ནོར་འཁྲུལ་གྱི་སྐད་ཆ་བཤད་པར་"ཞེད་སྣང་ཡོད་པ་དེ་རྟོགས་ཐུབ་པ་ཞིག་རེད།
"འོན་ཀྱང་ངའི་བསམ་པར་ཞེད་སྣང་དེས་མི་རྣམས་མཉམ་ཞུགས་བྱེད་པ་འགོག་མི་རུང་།
རྒྱུ་མཚན་ནི་དམིགས་ཡུལ་གཙོ་བོ་ནི་སེམས་པ་གུ་ཡངས་པོ་བྱེད་པ་དང་། དྲི་བ་འདྲི་བ་དེ་རེད། མི་མང་ཆེ་བས་གུས་ཞབས་ལྡན་པའི་ཐོག་ནས་དེ་ལྟར་བྱེད་སྟངས་ཤེས་ཀྱི་རེད།"
ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བ་གསར་པར་གཞིས་ཆགས་པའི་སྐོར་གྱི་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་ཐོབ་ཕྱིར། ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད་ལེ་ཚན་གྱི་སྒྲ་འཕྲིན་གྱི་རྗེས་སུ་འཇུག་པའམ་ཚོགས་ཞུགས་བྱོས།
ཁྱོད་ལ་དོགས་འདྲི་དང་བརྗོད་གཞི་གཞན་ཅི་ཞིག་ཡོད་ཚེ་ང་ཚོར་གཤམ་གྱི་དྲྭ་བྱང་ཐོག་གློག་འཕྲིན་བསྐུར་གནང་ཡོད་པ་ཞུ། australiaexplained@sbs.com.au








