རྒྱལ་ཁབ་ཀྱི་ཀླད་པའི་སྐྲན་ནད་ཚབས་ཆེ་ཤོས་ཀྱི་ཞིབ་འཇུག་མུ་མཐུད་རྒྱུར་རོགས་དངུལ་ཐོབ་པ། NACA Feature

སྐྲན་ནད་ཚབ་ཆེན་གྱི་རྐྱེན་པའི་ཤི་རྐྱོན་བྱུང་བའི་བུ་མོ་པེ་པ་རེ།

སྐྲན་ནད་ཚབ་ཆེན་གྱི་རྐྱེན་པའི་ཤི་རྐྱོན་བྱུང་བའི་བུ་མོ་པེ་པ་རེ།

ཨོ་སི་ཁྲུ་ལི་ཡའི་སྐྲན་ནད་ཞིབ་འཇུག་ལྟེ་གནས་ཁང་ཞིག་ལ་ཨོ་སྒོར་ས་ཡ་ ༢.༥ ཡི་རོགས་དངུལ་གནང་སྟེ་རྒྱལ་ཁབ་ཀྱི་ཀླད་པའི་སྐྲན་ནད་ཚབས་ཆེ་ཤོས་ཀྱི་ཞིབ་འཇུག་མུ་མཐུད་རྒྱུར་བསྐུལ་ཡོད། མེལ་བྷོན་གྲོང་ཁྱེར་ནང་གི་ཝལ་ཊར་དང་ཨི་ལི་ཛ་ཧོལ་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་པ་ཚོས་ནད་གཞི་དེ་ངོས་འཛིན་དང་སྨན་བཅོས་བྱེད་ཐབས་མགྱོགས་སུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།


པི་པ་རེ་མོ་རང་ལོ་དགུ་ཡིན་དུས་ཁོ་མོར་ཁྱབ་གདལ་རང་བཞིན་གྱི་ཀླད་པའི་སྐྲན་ནད་སྟེ་ཌི་ཨ་ཡི་པི་ཇི་ཞེས་པ་དེ་ཕོག་ཡོད་པའི་ངོས་འཛིན་བྱུང་ཡོད།
ཁོ་མོའི་ཨ་མ་ཝིར་ཇི་ནི་ཡས་བརྗོད་པ་ལྟར་ན། ཁོ་མོ་ནི་བྱིས་པ་ཁྱད་དུ་འཕགས་པ་ཞིག་ཡིན་པ་རེད།

ན་ཚ་དེ་ནི་ཀླད་པའི་ནང་གི་སྐྲན་ནད་ཚབས་ཆེ་བའི་རིགས་ཤིག་ཡིན་པ་དང་གཙོ་བོ་བྱིས་པ་ཚོར་འབྱུང་གི་ཡོད།
ཝིར་ཇི་ནི་ཡས་བརྗོད་པ་ལྟར་ན། པི་པ་ལ་ནད་གཞི་དེ་ཕོག་པ་ངོས་འཛིན་བྱུང་བ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཡིན་པ་རེད།
སྐྲན་ནད་དེ་ནི་དེའི་ཆགས་ས་དང་ཁྱབ་གདལ་གྱི་རང་བཞིན་ལ་བརྟེན་ནས་སྨན་བཅོས་བྱེད་དཀའ་བ་ཞིག་ཡིན་པ་དང་གཤག་བཅོས་བྱེད་ཐབས་མེད། དེར་བརྟེན་འཚོ་གནས་ཐུབ་པའི་ཚད་ཧ་ཅང་དམའ་པོ་ཡིན།
ཁྱིམ་ཚང་མང་པོ་ཞིག་ལ་དུས་ཚོད་ལྷག་མ་གང་ཡོད་པ་དེར་གང་ཐུབ་སྐྱིད་པོ་གཏོང་རྒྱུའི་བརྡ་གཏོང་གི་ཡོད།

པི་པ་ལ་ནད་ངོས་འཛིན་བྱུང་ནས་ཟླ་བ་ ༢༡ རྗེས་སུ་འཚེ་ལས་འདས་པ་རེད།
དེ་དུས་ཁོ་མོ་ལོ་ ༡༡ ཡིན་པ་རེད།

ཨོ་སི་ཁྲུ་ལི་ཡའི་སྐྲན་ནད་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱིས་མེལ་བྷོན་གྲོང་ཁྱེར་ནང་གི་ཝལ་ཊར་དང་ཨི་ལི་ཛ་ཧོལ་སྨན་བཅོས་ཞིབ་འཇུག་ལྟེ་གནས་ཁང་ལ་ཨོ་སྒོར་ས་ཡ་ ༢.༥ ཡི་རོགས་དངུལ་གནང་ཡོད།
དེས་བྱིས་པ་ཚོར་ཁྱབ་གདལ་རང་བཞིན་གྱི་ཀླད་པའི་སྐྲན་ནད་དེ་ཌི་ཨ་ཡི་པི་ཇི་དང་ལོ་ནར་གསོན་པ་ཚོར་ཕོག་པའི་ཀླད་པའི་སྐྲན་ནད་ཚབས་ཆེ་བ་གྷི་ལི་འོ་བྷི་ལ་ཊོ་མ་སྨན་བཅོས་བྱེད་ཐབས་ཞིབ་འཇུག་བྱེད་སའི་ཚོད་ལྟ་ཁང་ཞིག་འཛུགས་རྒྱུའི་འགྲོ་གྲོན་ཐོན་གྱི་ཡོད།

སྐྲན་ནད་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཀེ་རི་སི་ཊི་རོ་ཌོམ་གྱིས་བརྗོད་པ་ལྟར་ན། སྐྲན་ནད་ཞིབ་འཇུག་ལྟེ་གནས་ཁང་གིས་མི་བཟོས་རིག་ནུས་དང་ལག་ཆ་གཞན་དག་བེད་སྤྱོད་བྱས་ཏེ་སྨན་བཅོས་བྱེད་ཐབས་སྟོང་ཕྲག་མང་པོ་ཞིག་ཚོད་ལྟ་བྱས་ཏེ། དེ་དག་ལས་གང་ཞིག་ལེགས་ཤོས་ཡིན་པ་གཏན་འབེབས་བྱེད་ཀྱི་རེད།
དེ་བཞིན་རོགས་དངུལ་དེས་ནད་པ་ཚོར་སྒེར་གྱི་སྨན་བཅོས་བྱེད་སའི་ཁང་མིག་གཙང་མའི་ཆ་རྐྱེན་ཡང་བསྐྲུན་རྒྱུ་ཡིན་པ་རེད།
ཝལ་ཊར་དང་ཨི་ལི་ཛ་ཧོལ་ཞིབ་འཇུག་ལྟེ་གནས་ཁང་གི་འགོ་འཛིན་སློབ་དཔོན་མི་སི་ཊི་ཇེན་ཀིན་སི་ཡིས་ལས་གཞི་དེ་ནི་གདོང་ལེན་བྱེད་དགོས་པ་ཞིག་ཡིན་པའི་ངོས་ལེན་གནང་ཡོད།

སྐྲན་ནད་ཞིབ་འཇུག་ལས་གཞི་དེས་སྨན་གསར་པ་དང་ཀླད་པའི་སྐྲན་ནད་ལ་སྨན་བཅོས་བྱེད་ཐབས་གཉིས་ཀ་ཚོད་ལྟ་བྱེད་ཀྱི་ཡོད་པ་དང་དེས་སྨན་བཅོས་བྱེད་ཐབས་གསར་པ་རྙེད་རྒྱུ་དང་། དེས་ནད་པའི་ཐོག་ཚོད་ལྟ་བྱེད་པའི་བར་གྱི་བརྒྱུད་རིམ་མགྱོགས་སུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།


ཚོད་ལྟ་ཁང་དེ་ལོ་རྗེས་མར་སྒོ་དབྱེ་རྒྱུ་ཡིན་པ་དེས་པི་པའི་ཁྱིམ་ཚང་ལྟ་བུ་ཚོར་རེ་བ་གསར་པ་ཞིག་སྤྲོད་ཀྱི་རེད།

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service