ཨེལ་བྷེ་ནེ་སི་མཆོག་ལ་ཌོ་ནལ་ཊ་རམ་གྱི་ཞི་བདེའི་ལྷན་ཚོགས་སུ་་མགྲོན་འབོད་བྱས་པ། News

གལ་ཏེ་ཨོ་སི་ཊེ་ལི་ཡས་མགྲོན་ཤོག་དེར་ཁས་ལེན་བྱས་ཚེ། ཨལ་བྷ་ནི་སེ་མཆོག་ལོ་གསུམ་གྱི་དུས་ཡུན་རིང་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནང་ཞུགས་རྒྱུ་རེད།

གལ་ཏེ་ཨོ་སི་ཊེ་ལི་ཡས་མགྲོན་ཤོག་དེར་ཁས་ལེན་བྱས་ཚེ། ཨལ་བྷ་ནི་སེ་མཆོག་ལོ་གསུམ་གྱི་དུས་ཡུན་རིང་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནང་ཞུགས་རྒྱུ་རེད།

འཛམ་གླིང་གི་འགོ་ཁྲིད་ཚོས་དོ་ནན་ངང་ཌོ་ནལ་ཊ་རམ་གྱི་ཞི་བདེའི་ལྷན་ཚོགས་སུ་མཉམ་ཞུགས་བྱེད་པའི་མགྲོན་འབོད་ལ་བརྡ་ལན་བྱེད་བཞིན་པའི་སྐབས་འདིར་ཨོ་སི་ཊེ་ལི་ཡས་དེ་མཐུན་བསམ་གཞིགས་བྱེད་བཞིན་ཡོད།


ལས་དོན་དེ་ཐོག་མར་གྷ་ཛ་ཡི་མ་འོངས་པའི་སྲིད་སྐྱོང་དང་བསྐྱར་གསོའི་ལས་དོན་ལ་ལྟ་རྟོག་བྱེད་ཆེད་བཙུགས་པ་ཞིག་ཡིན་རུང་། རྩ་ཁྲིམས་ཀྱི་ཟིན་བྲིས་ལ་གཞིགས་ན་དམིགས་ཡུལ་དེ་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་ཤེས་ཐུབ།

ཨོ་སི་ཊེ་ལི་ཡའི་སྲིད་བློན་ཨན་ཐོ་ནི་ཨལ་བྷ་ནི་སི་ཡིས་ཞི་བདེའི་ལྷན་ཚོགས་ཞེས་པའི་ནང་ཨོ་སི་ཊེ་ལི་ཡའི་སྐུ་ཚབ་བྱེད་རྒྱུ་རེད། པར་ཁུངས། ཨེ་ཨེ་པི། ལུ་ཀ་སི་ཀོ་ཆ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊ་རམ་གྱིས་ཨོ་སི་ཊེ་ལི་ཡ་ལ་ཁོ་པའི་ཞི་བདེའི་ལྷན་ཚོགས་ཞེས་པའི་ལྷན་ཚོགས་ཤིག་གི་ནང་དུ་མཉམ་ཞུགས་བྱ་རྒྱུའི་མགྲོན་འབོད་བྱས་ཡོད་ཀྱང་སྲིད་བློན་ཨལ་བྷ་ནི་སི་ཡིས་ཚོགས་བཞུགས་བྱེད་དགོས་མིན་གྱི་ཐག་གཅོད་མ་བྱས་གོང་གནད་དོན་དེར་བསྐྱར་ཞིབ་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད།
གྷ་ཛ་ནང་གི་དམག་འཁྲུག་མཇུག་སྒྲིལ་རྒྱུའི་ཕྱིར་ཨ་རིའི་དོན་ཚན་ཉི་ཤུ་ཅན་གྱི་འཆར་བཀོད་ཀྱི་ཆ་ཤས་སུ་གཏོགས་པའི་འཆར་གཞི་ཆེན་པོ་འདི་ཐོག་མར་ལོ་གཉིས་ཀྱི་རིང་ལ་ཨི་སི་རལ་གྱི་དམག་དོན་ལས་འགུལ་གྱིས་ས་ཁུལ་མང་ཆེ་བ་གཏོར་བཤིག་བཏང་རྗེས་པ་ལེ་སི་ཊིན་གྱི་ས་ཁུལ་གྱི་སྲིད་སྐྱོང་དང་བསྐྱར་འཛུགས་ལ་ལྟ་རྟོག་བྱ་རྒྱུའི་དམིགས་ཡུལ་བཟུང་པ་དེ་ལས་བྱུང་བ་ཞིག་ཡིན།


འོན་ཀྱང་རོ་ཊར་སི་གསར་འགྱུར་ལས་ཁང་གིས་མཐོང་བའི་ལྷན་ཚོགས་དེའི་རྩ་ཁྲིམས་ཟིན་བྲིས་ཀྱི་འདྲ་བཤུས་ལྟར་ན། ཕྱིས་སུ་དེ་ནི་འཛམ་གླིང་གི་འཁྲུག་རྩོད་གཞན་དག་ལ་གདོང་ལེན་བྱ་རྒྱུར་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་དང་། ལྷན་ཚོགས་དེའི་འགོ་འཛིན་ནི་ཊ་རམ་གྱིས་གནང་རྒྱུ་ཡིན་འདུག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱིས་ལོ་སྔོན་མའི་ཟླ་བ་བཅུ་གཅིག་པའི་ནང་ལྷན་ཚོགས་ལ་དབང་ཚད་ངེས་ཅན་ཞིག་སྤྲད་ཡོད་ཀྱང་། དེ་ནི་ཕྱི་ལོ་ ༢༠༢༧ བར་གྷ་ཛའི་འཁྲུག་རྩོད་ཁོ་ན་ལ་དམིགས་པ་ཞིག་ཡིན།

ལྷན་ཚོགས་དེའི་ནང་མཉམ་ཞུགས་ཀྱི་མགྲོན་འབོད་བྱས་པའི་རྒྱལ་ཁབ་ཀྱི་གྲངས་ཐོ་ངེས་ཅན་ཞིག་བརྗོད་རྒྱུ་མེད་ཀྱང་། འཛམ་གླིང་གི་དབུ་ཁྲིད་ ༦༠ ཙམ་ལ་མགྲོན་ཤོག་ཕུལ་ཡོད་པའི་གནས་ཚུལ་ཐོན་ཡོད། དེ་ཚོའི་ཁོངས་སུ་ཁེ་ན་ཌའི་མག་ཀར་ནེ། ཨི་ཊ་ལིའི་ཇོར་ཇི་ཡ་མེ་ལོ་ནི། རྒྱ་གར་གྱི་ནཱ་རེན་དྷ་ར་མོ་དྷི། ཊུར་ཀེའི་རེ་སེབ་ཊ་ཡིབ་ཨར་ཌོ་གྷན། བྷ་རེ་ཛིལ་གྱི་ལུ་ཡི་སི་ཨི་ན་སི་ཡོ་ལུ་ལ་ཌ་སི་ལི་ཝ། ཨར་ཇན་ཊི་ན་ཡི་ཛེ་བ་མི་ལི་དང་། ཇོར་ཌན་གྱི་རྒྱལ་པོ་ཨབ་དུ་ལཱ་གཉིས་པ་བཅས་ཚུད་ཡོད། དབུ་ཁྲིད་ཚོས་མགྲོན་ཤོག་ལ་དོགས་ཟོན་བྱེད་བཞིན་ཡོད་པ་དང་། ཊམ་གྱི་མཐུན་གྲོགས་ཉེ་ཤོས་ཧང་ག་རིའི་ཝིག་ཊར་ཨོར་བྷན་གྱིས་ཨེག་སི་དྲྭ་ལམ་ཐོག་ང་ཚོས་གུས་བཀུར་འོས་པའི་མགྲོན་འབོད་དེ་ལ་ངེས་པར་ཁས་ལེན་ཞུས་ཡོད་ཅེས་བཀོད་ཡོད།

སྲིད་བློན་ཨལ་བྷ་ནེ་སི་ཡིས་གཟའ་ཟླ་བའི་ཉིན་ཊ་རམ་གྱི་འཛིན་སྐྱོང་ནས་གདང་ནུབ་མགྲོན་ཤོག་འབྱོར་ཡོད་ཀྱང་ཞིབ་བལྟ་བྱེད་ཁོམ་མ་བྱུང་ཞེས་བརྗོད་ཡོད། ཁོང་གིས་ཨེ་བྷི་སི་རླུང་འཕྲིན་ལ་ "ད་དུང་ཞིབ་ཚགས་པོས་བལྟ་རྒྱུ་མ་བྱུང་། དེ་རིང་ཞོགས་པར་ལས་ཁུངས་སུ་འབྱོར་རྗེས་བལྟ་རྒྱུ་ཡིན། གང་ཡིན་ཟེར་ན་ངས་དེར་ཞིབ་འཇུག་བྱེད་པའི་གོ་སྐབས་མ་བྱུང་བས་གནས་སྐབས་ལན་འདེབས་བྱེད་རྒྱུ་མིན།" ཞེས་གསུངས་ཡོད།

སྲིད་གཞུང་གཞན་དག་གིས་མངོན་གསལ་དོད་པོའི་བསྒྲགས་གཏམ་སྤེལ་བར་འདོད་པ་མེད་དེས་གཞུང་ཞབས་པ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་ཤུགས་རྐྱེན་ཐེབས་པའི་ཐད་བློ་འཚབ་སྐྱེ་བཞིན་ཡོད་པ་འགྲེལ་བརྗོད་བྱས་ཡོད། ཁར་ནི་ཡིས་རྩ་དོན་གྱི་ཐད་ནས་ལྷན་ཚོགས་དེར་མོས་མཐུན་བྱས་ཡོད་ཀྱང་། ཞིབ་ཕྲའི་གནས་ཚུལ་མང་པོ་ཞིག་ད་དུང་གསལ་པོ་བཟོ་བཞིན་ཡོད་སྐོར་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་ལྷན་ཚོགས་ཀྱི་ཚོགས་མི་བྱེ་བྲག་གི་ལས་འགན་གང་ཡིན་ཞིབ་ཕྲ་བརྗོད་མེད་པ་དང་། ཐོ་གཞུང་གི་ནང་པ་ལི་སི་ཊེན་གྱི་མི་མེད་པ་རེད། ཕོ་བྲང་དཀར་པོའི་ཕྱོགས་ནས་སླེབས་བཞིན་པའི་གཟའ་འཁོར་ཁ་ཤས་ནང་ཚོགས་མིའི་ཐོ་གཞུང་གཞན་རྣམས་གསལ་བསྒྲགས་བྱེད་རྒྱུ་ཡིན་པ་རེད།

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་རྒྱབ་སྐྱོར་བ་ཁག་ཅིག་གིས་ཊ་རམ་གྱིས་ཕྱི་རྒྱལ་གྱི་ས་ཁུལ་ཞིག་གི་སྲིད་གཞུང་ལ་ལྟ་ཞིབ་བྱེད་པའི་ལྷན་ཚོགས་ཤིག་གི་འགན་འཛིན་བྱེད་པ་དེ་མི་སེར་སྤེལ་བའི་བཀོད་སྒྲིག་དང་འདྲ་བ་ཡིན་སྐོར་དང་། བྷེ་ལེར་ Blair ལ་ཨི་རག་དམག་འཁྲུག་ནང་མཉམ་ཞུགས་བྱས་པ་དང་དེ་བཞིན་དབུས་ཤར་ས་ཁུལ་དུ་དབྱིན་ཇིའི་མི་སེར་སྤེལ་བའི་ལོ་རྒྱུས་ལ་བརྟེན་ནས་ན་ནིང་སྐྱོན་བརྗོད་བྱས་ཡོད།

གལ་ཏེ་ཨོ་སི་ཊེ་ལི་ཡས་མགྲོན་ཤོག་དེར་ཁས་ལེན་བྱས་ཚེ། ཨལ་བྷ་ནི་སེ་མཆོག་ལོ་གསུམ་གྱི་དུས་ཡུན་རིང་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནང་ཞུགས་རྒྱུ་རེད། ལོ་གསུམ་ལས་བརྒལ་བའི་སྐབས་སུ། ཚོགས་མི་རྒྱལ་ཁབ་ཚོས་ཚོགས་མིར་རྒྱུན་གནས་བྱ་ཕྱིར་ཨ་སྒོར་ཐེར་འབུམ་ ༡ འབུལ་དགོས།

ཚོགས་མིར་རྒྱུན་རིང་གི་མཉམ་ཞུགས་བྱས་ན་ཨ་སྒོར་ཐེར་འབུམ་ ༡ གི་རིན་བབ་འཇལ་དགོས།
གཟའ་མཇུག་ཏུ་ཊ་རམ་སྲིད་གཞུང་གིས་གྷ་ཛ་ལག་བསྟར་ལྷན་ཚོགས་ཀྱི་ཚོགས་མི་རྣམས་གསལ་བསྒྲགས་བྱས་ཡོད།
དེ་དག་གི་ཁྲོད་དུ་ཨིན་ཇིའི་སྲིད་བློན་ཟུར་པ་ཊོ་ནེ་བྷི་ལེར་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁོ་རུ་བི་ཡོ། ཊ་རམ་གྱི་བུ་མོའི་མག་པ་ཇེ་རེཌ་ཀུ་ཤི་ནེར་བཅས་དང་། ཊར་ཀི་དང་ཁ་ཊར་གྱི་དཔོན་རིགས་ཁག་ཚུད་ཡོད།

ཨི་སི་རལ་དང་པཱ་ལི་སི་ཊན་གྱི་དཔུང་དམག་ཚོགས་པ་ཧ་མ་སི་ཡིས་ཊ་རམ་གྱི་འཆར་གཞིར་མོས་མཐུན་བྱས་ཡོད་ལ། འཆར་གཞི་དེའི་ནང་པཱ་ལི་སི་ཊན་གྱི་འཕྲུལ་རིག་སྲིད་གཞུང་ཞིག་རྒྱལ་སྤྱིའི་ལྷན་ཚོགས་ཀྱིས་ལྟ་སྐྱོང་བྱེད་དགོས་པ་དང་། ལྷན་ཚོགས་དེས་བར་བརྒལ་དུས་ཡུན་ནང་གྷ་ཛའི་སྲིད་གཞུང་ལ་ལྟ་སྐྱོང་བྱེད་དགོས་པར་བཤད་ཡོད།

ཨི་སི་རལ་གྱི་སྲིད་བློན་བྷེན་ཇ་མིན་ནེ་ཊ་ནི་ཡ་ཧུའི་ལས་ཁུངས་ཀྱིས་གཟའ་མཇུག་ཏུ་གསལ་བསྒྲགས་བྱས་པའི་ལག་བསྟར་ལྷན་ཚོགས་ཀྱི་གྲུབ་ཆ་དེ་ཨི་སི་རལ་དང་མཉམ་དུ་གོ་བསྡུར་བྱས་མེད་པ་དང་། དེས་ཨི་སི་རལ་གྱི་སྲིད་བྱུས་དང་འགལ་ཡོད་ཅེས་བརྗོད་ཡོད།།
 

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service