ཨོ་སི་ཊེ་ལི་ཡར་སྐྱེད་ཀ་འཕར་བཞིན་པའི་སྐབས་དེར་ད་དུང་མི་རྣམས་བུ་ལོན་མང་བ་ལེན་རྒྱུར་བྲེལ་བཞིན་ཡོད། News

Credit card

གྲངས་མཛོད་གསར་པའི་ཐོ་གཞུང་གི་བསྟན་དོན། རིང་མིན་ལོ་གཉིས་ནང་དབུས་གཞུང་གི་དངུལ་ཁང་ནས་སྐྱེད་ཀ་ཆེ་རུ་མ་བཏང་སྔོན་གྱི་ཟླ་བ་ཁ་ཤས་ནང་ཁང་པ་ཉོ་ཕྱིར་གཏའ་མའི་བུ་ལོན་དང་བུན་གཡར་བྱང་བུའི་སྙན་ཞུ་འབུལ་མཁན་མང་དུ་ཕྱིན་ཡོད་པ་དང་། དེས་དངུལ་བུན་ལེན་མཁན་མང་པོ་ཞིག་གིས་མུ་མཐུད་དངུལ་གྲོན་མ་འཕར་གོང་གང་མགྱོགས་དངུལ་གྱི་ལས་དོན་ཐག་གཅོད་བྱེད་བཞིན་པ་སྟོན་གྱི་ཡོད། Source: Pixabay

ཁྱེད་ཀྱིས་སྐྱེད་ཀ་མཐོ་རུ་འགྲོ་བའི་གནས་སྟངས་ལ་བརྟེན་ནས་མི་ཚོས་འགྲོ་གྲོན་ཉུང་དུ་གཏོང་བ་དང་བུ་ལོན་གསར་པ་གཡར་རྒྱུ་ལས་གཡོལ་ཐབས་བྱེད་སྲིད་སྙམ་མོད། འོན་ཀྱང་། ཨོ་སི་ཊེ་ལི་ཡའི་མི་ཚོ་ཁ་ཕྱོགས་གཞན་ཞིག་ཏུ་བསྐྱོད་བཞིན་ཡོད།


བསྡུས་དོན།

  • གྲངས་མཛོད་གསར་པའི་ཐོ་གཞུང་ལྟར་ན། ཁང་པའི་གཡར་དངུལ་དང་བུན་གཡར་བྱང་བུའི་སྙན་ཞུ་འབུལ་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། ཁང་པའི་གཡར་དངུལ་སྙན་ཞུ་འབུལ་མཁན་ནི་ལོ་ལྔའི་ནང་གི་མཐོ་ཤོས་སུ་སླེབས་ཡོད།
  • འདས་པའི་ལོ་གསུམ་རིང་ལོ་ན་ ༡༨ ནས་ ༣༠ བར་གྱི་མི་ཚོ་བུན་གཡར་བྱང་བུ་སྙན་ཞུ་འབུལ་མཁན་གྱི་གྲངས་ཚད་མཐོ་ཤོས་ཡིན་པ་རེད།

གྲངས་མཛོད་གསར་པའི་ཐོ་གཞུང་གིས་བསྟན་དོན། རིང་མིན་ལོ་གཉིས་ནང་དབུས་གཞུང་གི་དངུལ་ཁང་ནས་སྐྱེད་ཀ་ཆེ་རུ་མ་བཏང་སྔོན་གྱི་ཟླ་བ་ཁ་ཤས་ནང་དུ་ཁང་པ་ཉོ་ཕྱིར་གཏའ་མའི་བུ་ལོན་དང་བུན་གཡར་བྱང་བུའི་སྙན་ཞུ་འབུལ་མཁན་མང་དུ་ཕྱིན་ཡོད་པ་དང་། དེས་དངུལ་བུན་ལེན་མཁན་མང་པོ་ཞིག་གིས་མུ་མཐུད་དངུལ་གྲོན་མ་འཕར་གོང་གང་མགྱོགས་དངུལ་གྱི་ལས་དོན་ཐག་གཅོད་བྱེད་བཞིན་པ་སྟོན་གྱི་ཡོད།

ཉེར་སྤྱོད་དངུལ་རྩའི་སྙན་ཐོ་ལས་ཁུངས་ཨི་ཁུའི་ཧྤེག་སི་ཡི་ཁྲོམ་རའི་འཕར་རྩ་ཞེས་པའི་སྙན་ཐོར་གཞིགས་ན། ཕྱི་ལོ་ ༢༠༢༤ ལོའི་དུས་ཚོད་དེ་ཉིད་དང་བསྡུར་ན་ ༢༠༢༥ ལོའི་ཟླ་བ་བཅུ་གཉིས་པའི་བར་གྱི་ཟླ་བ་གསུམ་རིང་ཁང་པ་ཉོ་རྒྱུའི་གཏའ་མའི་བུ་ལོན་གྱི་དགོས་མཁོ་བརྒྱ་ཆ་ ༡༢.༣ལ་འཕར་ཡོད་པ་རེད།

ཟླ་བ་གསུམ་པོ་དེའི་ནང་བུན་གཡར་བྱང་བུའི་སྙན་ཞུ་འབུལ་མཁན་བརྒྱ་ཆ་བཅོ་ལྔ་སྟེ་དེ་ལས་ལྷག་པའི་འཕར་ཤུགས་བྱུང་ཡོད།

དེ་ལྟ་ནའང་དངུལ་གྲོན་གྱི་ཐག་གཅོད་སྔ་ཙམ་བྱེད་རྒྱུའི་ཁེ་ཕན་བླངས་པ་ཙམ་གྱིས་མི་རྣམས་དངུལ་ཁང་གི་བུན་གཡར་རིན་བབ་འཕར་བའི་ཉེན་ཁ་ལས་སྐྱོབ་མི་ཐུབ། དེས་དེང་སྐབས་བུ་ལོན་གསར་པ་གཡར་དགོས་དོན་གཙོ་བོ་ཁང་པའི་གཏའ་མའི་བུ་ལོན་དང་བུན་གཡར་བྱང་བུའི་ཐོག་འགེལ་བའི་སྐྱེད་ཀ་འཕར་གྱི་ཡོད་པས་རེད།

ལོ་ལྔའི་ནང་གི་འཕར་ཚད་ཆེ་ཤོས།

ཨི་ཁུའི་ཧྥེག་སི་ཡི་ཐབས་ཇུས་ལས་དོན་ཁང་གི་འགན་འཛིན་ཀེ་ཝིན་ཇེམ་སི་ཡིས་བཤད་པ་ལྟར་ན། བུན་གཡར་སྙན་ཞུའི་འཕར་ཤུགས་དེ་ལོ་ལྔའི་རིང་མཐོང་མ་མྱོང་བའི་ཚད་གཞི་ཞིག་ཏུ་སླེབས་ཡོད།

“འདི་ནི་ཕྱི་ལོ་ ༢༠༢༥ ཟླ་ ༡༠ པར་འགོ་འཛུགས་བྱས་པའི་སྲིད་གཞུང་གིས་ཁང་པ་ཐོག་མ་ཉོ་མཁན་གྱི་བཅོལ་འཇོག་བརྒྱ་ཆ་ལྔ་འཕར་མ་བྱས་པའི་ལས་གཞིས་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན་སྲིད་པ་དང་། ཉོ་མཁན་ཚོས་ཕྱི་ལོ་ ༢༠༢༥ ལོ་མཇུག་ཏུ་སྐྱེད་ཀ་མཐོ་ཤོས་སུ་སླེབས་པའི་བསམ་ཚུལ་བཟུང་སྟེ། ལོ་མཇུག་མ་རྫོགས་གོང་གན་རྒྱ་འཇོགས་རྒྱུའི་ཐག་གཅོད་ལ་བྲེལ་བ་བྱས་ཡོད་སྲིད།

“གལ་ཏེ་ཁོ་ཚོར་གནད་དོན་དེས་ཤུགས་རྐྱེན་ཐེབས་ཡོད་ན་འདི་ལོའི་ཕྱི་ཟླ་གཉིས་པར་གཏན་འབེབས་བྱས་པའི་རྨང་གཞི་ཉི་ཤུ་རྩ་ལྔའི་འཕར་ཆར་གཞིགས་ན་ཁོ་ཚོས་གནས་སྐབས་རིང་སྐྱེད་ཀ་དམའ་བ་བསྒྲིགས་ཐུབ་ཡོད་སྲིད།

Mais uma subida nas taxas de juros, o que vem agravar a situação financeira dos australianos no geral, em particular os proprietários de casas.
ཁང་པའི་གཏའ་མའི་བུ་ལོན་སྤྲོད་འཇལ་རྗེས་ལུས་ཐེབས་མཁན་གྱི་དངུལ་འབོར་འཕར་ཡོད། Source: Pixabay

ཁང་པའི་བུ་ལོན་སྤྲོད་རྗེས་མ་ཟིན་པའི་གྲངས་འབོར་སྔར་བཞིན་གནས་ཀྱང་བུ་ལོན་མང་དུ་འགྲོ་བཞིན་ཡོད།

ཨོ་སི་ཊེ་ལི་ཡའི་མི་མང་ཁྲོད་ཁང་པའི་བུ་ལོན་སྤྲོད་འཇལ་རྗེས་ལུས་ཐེབས་པའི་གྲངས་འབོར་ལ་འགྱུར་བ་མེད་པར་གནས་ཡོད་ཀྱང་། ཁོ་ཚོའི་བུ་ལོན་གྱི་དངུལ་འབོར་འཕར་བཞིན་ཡོད།

ཁང་པའི་གཏའ་མའི་བུ་ལོན་སྤྲོད་འཇལ་རྗེས་ལུས་ཐེབས་མཁན་གྱི་དངུལ་འབོར་དེ་ ༢༠༢༤ ལོའི་ཟླ་བ་གསུམ་པོ་ (༡༠།༡༡།༡༢) དང་བསྡུར་ན་ ༢༠༢༥ ལོར་བརྒྱ་ཆ་ ༦.༨ འཕར་ཡོད།

ཆེད་རྗེས་ལུས་ཐེབས་པའི་བུ་ལོན་གྱི་དངུལ་འབོར་དེ་བརྒྱ་ཆ་ ༨ ལྷག་འཕར་ནས་ཨོ་སྒོར་ ༤༠༣,༠༠༠ ལ་སླེབས་ཡོད། འདི་ནི་སྡོད་ཁང་གི་རིན་གོང་མཐོ་ལོད་དང་འབྲེལ་བ་ཡོད་པ་དང་། ཉོ་མཁན་ཚོར་བུ་ལོན་ཆེ་བ་ལེན་དུ་བཅུག་ནས་འཇལ་སྤྲོད་ཐུབ་མིན་གྱི་ཉེས་ཆད་ཆེན་པོ་ཕོག་གི་ཡོད།

ཇེམ་སི་ཡིས་"ལྷག་པར་དུ་སྐྱེད་ཀའི་ཁོར་ཡུག་མུ་མཐུད་དུ་འཕར་བཞིན་པའི་སྐབས་འདིར་ལོ་ན་ ༦༦ དང་དེ་ལས་རྒན་པའི་ཨོ་སི་ཊེ་ཡའི་མི་རྣམས་ཀྱིས་རྒས་ཡོལ་དུ་འགྲོ་བའི་དུས་སུ་འདི་འདྲའི་བུ་ལོན་ལྷག་པའི་གནས་སྟངས་འདི་དོ་སྣང་བྱེད་དགོས་པ་ཞིག་ཡིན"ཅེས་བརྗོད།

བུ་ལོན་གྱི་སྡེ་ཚན་གཞན་དག་ཏུ། ཕྱི་ལོ་ ༢༠༢༤ ལོའི་མཐའ་མའི་ཟླ་བ་གསུམ་དང་བསྡུར་ན་ ༢༠༢༥ ལོར་དངུལ་འཇོག་མི་དགོས་པའི་བུན་བྱང་གི་དགོས་མཁོ་ ༥.༩% འཕར་བ་དང་། སྒེར་གྱི་བུ་ལོན་སྙན་ཞུ་ ༨.༩% འཕར་ཡོད། འོན་ཀྱང་འགྲིམ་འགྲུལ་དང་རླངས་འཁོར་གྱི་བུ་ལོན་ ༥.༤% ཆག་ཡོད།

བུན་གཡར་འཕར་ཤུགས་དེ་དག་འགོ་འདྲེན་མཁན་གཙོ་བོ་མི་རབས་ཨེག་སི་དང་ཛི་གཉིས་ཡིན་པ་རེད།

མི་རབས་ཨེག་སི་ (ལོ་ ༤༦ ནས་ ༥༥ བར་) ཡི་བུན་གཡར་བྱེད་མཁན་ཚོས་ཁང་པ་ཉོ་རྒྱུའི་གཏའ་མའི་བུ་ལོན་གྱི་དགོས་མཁོ་ཤུགས་ཆེ་རུ་བཏང་ཡོད།

དེ་དང་ཆབས་ཅིག མི་རབས་ཛི་ (ལོ་ ༡༨ ནས་ ༣༠ བར་) ཡིས་བུན་གཡར་བྱང་བུའི་ཞུ་སྙན་འཕར་ཚད་བརྒྱ་ཆ་ ༢༣.༢ ཆེ་རུ་བཏང་ཡོད། དེ་ནི་ལོ་གསུམ་ནང་སྡེ་ཚན་དེའི་ཁྲོད་ཀྱི་འཕར་ཚད་མཐོ་ཤོས་དེ་རེད།

འཕར་ཚད་འདི་ནི་ཉེ་ཆར་གྱི་དུས་ཚིགས་ནང་བུན་གཡར་བྱང་བུ་བུའི་མཁོ་སྤྲོད་པས་བརྒྱུད་སྐུལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བ་དེའི་རྐྱེན་བྱས་ཡོད་པ་ཡིན་སྲིད།

དེ་རྗེས་མི་རབས་གཞོན་པའི་བུན་གཡར་བྱེད་མཁན་ཚོའི་བུན་གཡར་བྱང་བུའི་འཇལ་སྤྲོད་རྗེས་ལུས་ཐེབས་པའི་བརྒྱ་ཆ་ ༢༨.༨ འཕར་ཡོད།

འོན་ཀྱང་དགོས་མཁོ་འཕར་བཞིན་པའི་སྐབས་སུ། དངུལ་བུན་གཏོང་མཁན་ཚོས་དོགས་ཟོན་གྱི་སྲིད་ཇུས་་ཞིག་འཛིན་བཞིན་པ་མངོན་གསལ་དོད་དུ་གྱུར་ཡོད།

ཉེར་སྤྱོད་པ་ཚོར་བུན་བྱང་གི་ཚད་གཞི་ལོ་རེའི་ནང་ཆ་སྙོམས་བརྒྱ་ཆ་ ༨.༣ ཉུང་དུ་ཕྱིན་པ་དང་། མི་སྒེར་གྱི་དངུལ་བུན་གྱི་ཚད་བཀག་དེ་བརྒྱ་ཆ་ ༣.༩ ཉུང་དུ་ཕྱིན་ཡོད།

"དེ་ལྟར་ཉེན་ཁ་ཅན་གྱི་འཕེལ་རྒྱས་ལས་བརྟན་ལྷིང་གཙོ་བོར་བྱས་ཏེ་དངུལ་གཡར་གྱི་བརྒྱ་ཆ་ཤུགས་ཆེར་ཉུང་དུ་བཏང་བ་དེས་དངུལ་ཁང་གིས་འགན་འཁུར་ལྡན་པའི་བུན་གཡར་གྱི་དགོས་དམིགས་ལག་བསྟར་བྱེད་བཞིན་པ་མཚོན་ཐུབ།" ཅེས་ཇེམ་སིས་བརྗོད་ཡོད།

སྒེར་གྱི་དངུལ་བུན་གྱི་ཐད་ནས་བཤད་ན། དཀའ་ངལ་ནང་ཡོད་པའི་མི་ཅུང་ཉུང་བ་ཡོད། ཆེད་ནར་འགྱངས་སོང་བའི་སྤྲོད་འཇལ་མ་ཐུབ་མཁན་གྱི་ཚད་གཞི་བརྒྱ་ཆ་ ༠.༠༨ ཆག་ཡོད་ཀྱང་། དཀའ་ངལ་ནང་ལྷུང་མཁན་རྣམས་དེ་བས་གཏིང་རུམ་དུ་ཚུད་བཞིན་ཡོད།

ཇེམ་སི་ཡིས་ "སྒེར་གྱི་དངུལ་བུན་འཇལ་མི་ཐུབ་པའི་མི་གྲངས་དངོས་སུ་ཉུང་དུ་ཕྱིན་ཡོད་ཀྱང་། ཁོང་ཚོས་སྤྲོད་དགོས་པའི་དངུལ་འབོར་མང་དུ་ཕྱིན་ཡོད།" ཅེས་བརྗོད།

ཨོ་སི་ཊེ་ལི་ཡའི་དབུས་གཞུང་གི་དངུལ་ཁང་གིས་ལོ་གཉིས་ཀྱི་རྗེས་ཕྱི་ཟླ་གཉིས་པར་ཐོག་མར་སྐྱེད་ཀ་སྤར་ཡོད་པ་དང་། དེས་བུ་ལོན་སྤྲོད་མཁན་ཚོར་སྐྱེད་ཀ་སྤར་རྒྱུའི་གཞི་རྟེན་དུ་གྱུར་ཡོད།

དབུས་དངུལ་ཁང་ནས་སླར་ཡང་ཕྱི་ཟླ་ལྔ་པའི་སྔོན་ལ་སྐྱེད་ཀ་སྤར་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད།།"


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now