༄༅། །ཨོ་སི་ཊེ་ལི་ཡ་རྒྱལ་ཁབ་ལ་ལེགས་བཅོས་ཀྱི་ཁ་ལོ་འགྱུར་མཁན་རིག་གཞུང་གི་དཔའ་མོ་རོ་ཌ་རོ་བྷ་ཊི་ཨེ་ཨོ། NACA Feature

Rhoda Roberts AO SBS Elder in Residence Oration 2024 (SBS).jpg

ཝི་ཇ་བུལ་ཝི་ཡ་བྷལ་བྷུན་ཇ་ལུང་གི་བུད་མེད་རོ་ཌ་རོ་བྷ་ཊི་ཨེ་ཨོ།

ས་ཕྱོགས་གང་སར་དགུང་ལོ་ ༦༦ ལ་སོན་པའི་ཨེ་སི་བྷི་ཨེ་སི་གདོད་རིགས་སློབ་སྟོན་པ་ཝི་ཇ་བུལ་ཝི་ཡ་བྷལ་གྱི་བུད་མེད་རོ་ཌ་རོ་བྷ་ཊི་སྐུ་གཤེགས་པའི་གནས་ཚུལ་ཐོན་པར་མྱ་ངན་ཞུ་བཞིན་ཡོད། དེ་ཡང་ཟླ་བ་ ༣ ཚེས་ ༢༡ རེ་གཟའ་སྤེན་པའི་ཉིན་གུང་རོ་ཌ་རོ་བྷ་ཊི་ལགས་དུས་ཐུང་ངུ་ཞིག་རིང་ཧ་ཅང་དཀོན་གྲས་སུ་གྱུར་བའི་མངལ་སྐྲན་གྱིས་མནར་ནས་རང་ཡུལ་དུ་ཁྱིམ་མིས་སྐོར་བཞིན་སྐུ་གཤེགས་ཡོད། ཁོང་ནི་གཟེངས་བསྟོད་སྣ་མང་གིས་བརྒྱན་པའི་རྩོམ་པ་པོ་དང་འཁྲབ་སྟོན་པ། དེ་བཞིན་འཁྲབ་ཁྲིད་པ་ཞིག་ཡིན་ཞིང༌། ཕྱི་ལོ་ ༢༠༡༦ ལོར་ཁོང་གི་སྒྱུ་རྩལ་འཁྲབ་སྟོན་གྱི་ཕྱི་ནང་ཡོངས་ལ་མཛད་རྗེས་དང་ཤུགས་རྐྱེན་ལ་ཨོ་སི་ཊེ་ལི་ཡའི་གཟེངས་རྟགས་ཕུལ་ཡོད། རོ་ཌ་རོ་བྷ་ཊི་ཡི་ནང་མི་ལྷན་རྒྱས་ནས་ཨེ་སི་བྷི་ཨེ་སི་གསར་ཁང་ལ་ཁོང་གི་མི་ཚེ་དང་རྒྱུན་གནས་ཀྱི་ཤུལ་བཞག་ལ་ཆེ་མཐོང་དང་དྲན་གསོ་ཞུ་ཆེད་དུ་འདྲ་པར་དང་སྒྲ་སོགས་བརྒྱུད་གཏོང་བྱེད་ཆོག་པའི་ཆོག་མཆན་གནང་ཡོད།


ཁོང་ལ་ཡོངས་ཁྱབ་ཏུ་ཨ་ནི་རོ་ཌ་ཞེས་པའི་གཅེས་མིང་དེ་མ་ཐོབ་པའི་གོང་ནས་ཀྱང༌། རང་ཉིད་ཀྱི་ལམ་བུ་དེ་རང་ཉིད་ཀྱིས་བསྐྲུན་དགོས་པ་ཤེས་ཀྱི་ཡོད།

ནང་མི་ཚོས་མི་རིགས་དབྱེ་འབྱེད་ཀྱི་རྐྱེན་པས་ཁོ་མོའི་རྨི་ལམ་མངོན་འགྱུར་ཐུབ་རྒྱུར་རེ་བ་བྱས་མེད། ཁོང་ཚོས་དེ་དུས་ཚོད་དཔག་ཐུབ་མེད་ཀྱང་རོ་ཌ་རོ་བྷ་ཊི་ལ་མ་སྲིད་པ་ཞིག་རྩ་བ་ནས་མེད། དེ་བས་ཉིན་ཞིག་རྒྱལ་ཁབ་ཀྱི་སྲིད་བློན་གྱིས་ཁོ་མོར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། དེ་ཡང་ཕྱི་ལོ་ ༢༠༢༥ ལོའི་ ཟླ་བ་ ༥ པར་ཨན་ཐོ་ནི་ཨེལ་བྷ་ནི་སི་ལགས་ནི་ཁོང་ལ་ལེགས་གསོལ་དེ་གནང་མཁན་གྱི་སྲིད་བློན་ཐོག་མ་དེ་ཡིན།

འོན་ཀྱང་དེ་ལས་ཀྱང་སྔ་བར་ལོ་རབས་བདུན་ཅུའི་ནང་ཁོང་མོས་སྨན་ཞབས་པའི་སྦྱོང་བརྡར་བྱས་ཤིང་། ལོན་ཌོན་དུ་སྨན་ཞབས་པའི་ལས་ཀ་བྱས། དེ་ནས་སི་ཌི་ནི་ལ་ཕྱིར་ལོག་ནས་འཁྲབ་སྟོན་སྒྱུ་རྩལ་སྦྱངས་པ་རེད།།

ཕྱིས་སུ་མུ་མཐུད་བརྙན་འཕྲིན་ལེ་ཚན་དང་ཟློས་གར་ཁག་གི་ནང་འཁྲབ་སྟོན་ནང་བཞུགས་ཡོད།

ལོ་ངོ་དེ་དག་གིས་ཁོང་མོ་བརྙན་འཕྲིན་དང་གར་སྟེགས་གཉིས་ཀར་འཁྲབ་ཡོན་སྦྱོར་མཁན་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ་བཅས་ཀྱི་ལས་རིགས་ལ་བརྩོན་བཞིན་རྨི་ལམ་གཅིག་ནས་རྨི་ལམ་གཞན་ཞིག་མངོན་གྱུར་བྱས་ཡོད།

སྤྱི་ལོ་ ༡༩༨༩ ལོར་ཁོ་མོ་ཨོ་སི་ཊེ་ལི་ཡའི་ཐོག་མའི་གདོད་རིགས་མི་མང་གི་དགོང་དྲོའི་བརྙན་འཕྲིན་གྱི་གཙོ་སྐྱོང་བ་ཆགས་པ་རེད།

ཨ་ནེ་རོ་ཌ་ལགས་ཀྱིས་ཨེ་སི་བྷི་ཨེ་སི་བརྙན་འཕྲིན་ཁང་དང་མཉམ་དུ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཏེ་དེར་མཉམ་ཞུགས་བྱེད་པའི་སྐབས་ཀྱི་ཉིན་མོ་དང་པོ་དེ་དྲན་གསོ་གནང་ཡོད།

རེ་བ་མེད་པར་སྣང་བའི་མི་ཚེ་ཞིག་ལ་མཚོན་ན་གལ་ཆེའི་མི་སྣའམ་འཁྲབ་སྟོན་དེ་ལྟ་བུའི་གོ་སྐབས་དུ་མ་ཞིག་གི་ཁྲོད་ནས་གཅིག་ཡིན།

འོན་ཀྱང་ཁོ་མོའི་མི་ཚེ་ནི་སྐྱོ་ངལ་གྱི་ཟིན་ཐོ་ཞིག་ཀྱང་ཡིན།

ཕྱི་ལོ་ ༡༩༩༧ ལོར་ཁོ་མོའི་སྤུན་མཆེད་ལོ་ཡི་སི་ནིའུ་སའོ་ཐི་ཝལ་ཝི་མངའ་སྡེའི་བྱང་ཕྱོགས་ཀྱི་མཚོ་འགྲམ་ལིས་མོར་ཞེས་པར་དམར་གསོད་བྱས་ཡོད། ཁོ་མོ་ལམ་ཐོག་གླ་འཁོར་སློང་ནས་འགྲུལ་བཞུད་བྱེད་སྐབས་གར་སོང་ཆ་མེད་དུ་གྱུར་རྗེས་ལག་དམར་དེ་མཁན་ནམ་ཡང་ངོས་འཛིན་ཐུབ་མེད།

དེ་ནས་བཟུང་ཁོ་མོའི་ཕྲུ་གུ་རྣམས་ལོ་ཡི་སི་ཡི་ཨ་མ་དང་རོ་ཌ་ཡིས་ལྟ་སྐྱོང་བྱས་ཡོད།

ཨ་ནེ་རོ་ཌ་ཡིས་ཨོ་སེ་ཊེ་ལི་ཡའི་རྒྱལ་ཡོངས་གདོད་རིགས་ཟློས་གར་ཚོགས་པ་གསར་འཛུགས་བྱས་པ་དང་།

རྨི་ལམ་དུས་སྟོན་གསར་འཛུགས་དང་འགན་འཛིན་གནང་བ་མ་ཟད་སི་ཌི་ནི་ཨོ་པེ་ར་ཁང་ནང་གི་གདོད་རིགས་མི་མང་གི་ལས་རིམ་གྱི་འགོ་འཛིན་ལོ་ངོ་བཅུ་གནང་།

སི་ཌི་ནི་ཨོ་ལམ་པིག་རྩེད་འགྲན་གྱི་མགོ་འཛུགས་མཛད་སྒོའི་ཆེད་དུ་བཟོས་པའི་མངོན་པར་རིགས་པ་ཞེས་པའི་འཁྲབ་སྟོན་དེའི་འཁྲབ་སྒྲིག་གི་སྒྱུ་རྩལ་ལ་ཁོ་མོར་འཛམ་གླིང་ཡོངས་ཀྱི་ཆེ་མཐོང་ཐོབ།"

ཨོ་ལིམ་པིག་གི་སྒྲ་འཇུག།

རོ་ཌ་ནི་ད་དུང་ཡང་རྨི་ལམ་རྨི་མཁན་ཞིག་ཡིན་པ་དང་། ཁོ་མོས་རང་ཉིད་དང་ཁོ་མོའི་མི་རིགས་ཀྱི་རྨི་ལམ་དེ་འཛམ་གླིང་ལ་མཉམ་སྤྱོད་བྱས་ཡོད།

ཝི་ཇ་བུལ་ཝི་ཡ་བྷལ་བྷུན་ཇ་ལུང་གི་བུད་མེད་སྙིང་སྤོབས་ཅན་ཞིག་ཡིན་པའི་ཆ་ནས། འཁྲབ་ཁྲིད་པའི་ངོ་བོ་སོགས་ཁོ་མོས་བྱ་བཞག་ཡོངས་རྫོགས་རང་ཉིད་ཀྱི་ཤུལ་བཞག་རིག་གཞུང་སྙིང་དུ་བཟུང་ནས་བསྒྲུབས་ཡོད།

ཕྱི་ལོ་ ༢༠༡༦ ལོར་ཨོ་སི་ཊེ་ལི་ཡའི་གཟེངས་རྟགས་ཐོབ་རྗེས་དང་། དེའི་གོང་རིག་གཞུང་ཐད་ཁོ་མོའི་གསར་གཏོད་ཀྱི་བྱ་བཞག་ཐམས་ཅད་རེ་རེ་བཞིན་བགྲང་རྒྱུ་ནི་ཧ་ཅང་ཁག་པོ་ཡིན།

ཁོང་ནི་གཞུང་འབྲེལ་བྱེད་སྒོ་ཁག་ཏུ་ཨོ་སི་ཊེ་ལི་ཡའི་གདོད་རིགས་ས་བདག་རྣམས་ལ་ཐུགས་རྗེ་ཞུ་བའི་ལམ་སྲོལ་འགོ་འཛུགས་མཁན་དང་། "རྒྱལ་ཁབ་ཏུ་ཕེབས་བསུ་ཞུ་་" ཞེས་པའི་ཐ་སྙད་གསར་གཏོད་མཁན་དུ་ངོས་འཛིན་བྱེད་ཀྱི་ཡོད།

ཆོ་ག་འདི་ནི་བྱེད་སྒོ་ཞིག་གི་འགོ་སྟོད་དུ་སྤེལ་བ་དང་། ས་ཆ་འདིའི་སྲོལ་རྒྱུན་བདག་པོ་ཚོས་མི་རྣམས་ས་ཆ་དེར་ཕེབས་བསུ་ཞུ་བའི་ཆེད་དུ་བྱེད་ཀྱི་ཡོད།

དེ་ཡང་ལམ་སྲོལ་དེ་ཕྱི་ལོ་ ༡༩༨༠ ལོ་གྲངས་ཀྱི་ནང་ཁོ་མོས་གདོད་རིགས་རྒྱལ་ཡོངས་ཟློས་གར་དོ་དམ་པ་བྱེད་སྐབས་བྱུང་བ་དང་། ཁོང་ཚོས་ཚོགས་སྡེ་ཁག་ནས་བྱུང་བའི་ཆོ་ག་དེ་སྒྱུ་རྩལ་སྤྱི་ཚོགས་སུ་ངོ་སྤྲོད་བྱེད་འདོད་པ་རེད།

རོ་ཌ་རོ་བྷ་ཊི་ནི་ཨེ་སི་བྷི་ཨེ་སི་གདོད་རིགས་སློབ་སྟོན་པ་ཞིག་ཀྱང་ཡིན།

ཕྱི་ལོ་ ༢༠༢༢ ལོར་ཁོང་གིས་ཨེ་སི་བྷི་ཨེ་སི་ཡི་བརྙན་འཕྲིན་ཁང་གི་གདོད་རིགས་བརྙན་འཕྲིན་ལེ་ཚན་ལ་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་མང་རྣམས་ལ་དུས་རབས་གསར་པ་ཞིག་འཆར་བཞིན་པའི་སྐོར་གླེང་མོལ་གནང་ཡོད།

རང་ཉིད་རྩོམ་པ་པོ་དང་གསར་འགོད་པ་ཞིག་ཆགས་པའི་རེ་བ་བརྗོད་རྗེས་ཀྱི་ལོ་ལྔ་བཅུའི་རྗེས་སུ་ཨ་ནེ་རོ་ཌ་ཡིས་ ཕྱི་ལོ་ ༢༠༢༥ ལོར་བུད་མེད་གཅིག་གིས་གཙོ་སྐྱོང་བྱས་པའི་ལེ་ཚན་ངའི་སྤུན་མཆེད་ཧྥེ་རེང་ལྟ་བུའི་བྱ་བཞག་དུ་མ་ཞིག་ལ་འབད་བརྩོན་གནང་། འཁྲབ་སྟོན་དེ་ནི་མོ་རང་གི་ཁྱིམ་ཚང་གི་ཁོངས་མི་གཞན་ཞིག་སྟེ་ཨོ་ལེམ་པིག་རྩེད་འགྲན་དུ་ཨོ་སི་ཊེ་ལི་ཡ་ཚབ་མཚོན་བྱེད་མཁན་གྱི་གདོད་རིགས་ཀྱི་གང་ཟག་ཐོག་མ་དེ་ལ་མཆོད་བསྟོད་བྱས་པ་ཞིག་ཡིན།

རོ་ཌ་ཡི་བརྩེ་བའི་བུ་ཕྲུག་དང་བཟའ་ཟླས་སི་ཌི་ནི་ཨོ་པ་ར་ཁང་གི་རྒྱབ་ལོག་གི་གྱོན་གོས་བརྗེ་སའི་ནང་དོན་སྙིང་ལྡན་པའི་ཁོ་མོའི་མི་ཚེའི་བསྐྱར་ཞིབ་གལ་ཆེ་ཤོས་དེ་བྱས་ཡོད།

ཨེ་སི་བྷི་ཨེ་སིའི་ཚོགས་གཙོ་ཌོག་ཊར་ནི་ཁོ་ལཱ་སི་པ་པཱས་ཨེ་ཨེམ་གྱིས་རོ་ཌ་རོ་བྷ་ཊི་ནི་བློ་སྟོབས་ཆེ་ལ་ཕུགས་རྒྱང་རིང་བ། ལྷག་བསམ་ཆེ་ལ་རིག་གཞུང་ལ་དོ་ཁུར་ཤིན་ཏུ་ཟབ་པའི་ཨོ་སི་ཊ་ལི་ཡའི་གསར་གཏོད་དང་རིག་གཞུང་གི་འཚོ་བའི་ཐོག་བརྗེད་དཀའ་བའི་རྗེས་ཤུལ་འཇོག་མཁན་གྱི་འགོ་ཁྲིད་ཞིག་ཡིན་པར་གསུངས་ཡོད།

ཁོང་གིས་ལེགས་སྐྱེས་དེ་དག་གིས་རིག་གཞུང་དང་། བཟང་སྤྱོད། དོན་སྙིང་བཅས་ཀྱི་རྨང་གཞིའི་ཐོག་ཚད་གཞི་ཞིག་བཙུགས་ཡོད་པར་གསུངས་འདུག།

ཁོང་གིས་ཐོག་མའི་མི་རིགས་ཀྱི་རིག་གཞུང་དང་དེང་རབས་མི་རིགས་སྣ་ཚོགས་པའི་ཨོ་སི་ཊེ་ལི་ཡའི་དབར་གྱི་འབྲེལ་བ་སྲ་བརྟན་བཟོས་ཡོད་པར་མ་ཟད། ཨེ་སི་བྷི་ཨེ་སི་ནང་དུ་ཁོང་ལ་ནམ་ཡང་དམིགས་བསལ་གྱི་གནས་ཤིག་ཡོད་པར་གསུངས།

ཌོག་ཊར་པ་པཱས་ཀྱིས་ཁོང་གིས་ཨོ་སི་ཊེ་ལི་ཡའི་བརྙན་འཕྲིན་བརྒྱུད་ལམ་གྱིས་ལེགས་སྐྱེས་གང་ཕུལ་ཐུབ་པ་དེ་རྒྱ་སྐྱེད་བཏང་ཡོད་པ་དང་། ཁོང་གི་ཤུགས་རྐྱེན་དེས་ཨེ་སི་བྷི་ཨེ་སི་དྲྭ་རྒྱ་དང་། སྤྱི་ཡོངས་ཀྱི་སྒྱུ་རྩལ་དང་བརྒྱུད་ལམ་སྡེ་ཚན་གཉིས་ཀར་ལོ་མང་རིང་མུ་མཐུད་ཁྲིད་སྟོན་བྱ་རྒྱུ་ཡིན་པར་གསུངས་འདུག།


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now