Live

Watch FIFA World Cup 2026™

LIVE, FREE and EXCLUSIVE starting June 12 2026

༄༅།།ཨོ་སི་ཊེ་ལི་ཡའི་མི་འབོར་ས་ཡ་ཉི་ཤུ་རྩབརྒྱད་ལ་སླེབས་ཡོད་པ་དང་། མི་འབོར་འཕེལ་རྒྱས་མྱུར་ཤོས་ཀྱི་ས་ཁུལ་ཁག་ཀྱི་སྐོར། News

Residents are abandoning Australia at record levels.

གཟའ་མིག་དམར་གྱི་ཞོགས་པར་ཨོ་སི་ཊེ་ལི་ཡའི་མི་འབོར་ས་ཡ་ཉེར་བརྒྱད་ལ་སླེབས་ཡོད་པ་རེད། པར་ཁུངས། ཨེ་ཨེ་པི། Source: AAP

ལོ་ཤས་ནང་ཨོ་སི་ཊེ་ལི་ཡའི་མི་འབོར་ས་ཡ་སུམ་ཅུ་ལ་སླེབས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད།


Published

By Wing Kuang

Presented by Domnyershar Dadon

Source: SBS


Share this with family and friends


ལོ་ཤས་ནང་ཨོ་སི་ཊེ་ལི་ཡའི་མི་འབོར་ས་ཡ་སུམ་ཅུ་ལ་སླེབས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད།


གནས་བསྡུས།

  • ནུབ་ཨོ་སི་ཊེ་ལི་ཡ་ནི་མངའ་སྡེ་དང་ས་ཁུལ་གཞན་ལས་མི་འབོར་འཕེལ་ཚད་མགྱོགས་ཤོས་ཡིན་པ་རེད།
  • ཨོ་སི་ཊེ་ལི་ཡའི་ནང་བྱིས་པ་སྐྱེ་ཚད་ལ་སེམས་འཚབ་བྱེད་བཞིན་པའི་སྐབས་འདིར་ཉེ་ཆར་གྱི་ཚོད་དཔག་ཀྱི་གྲངས་ཐོ་དེ་ཐོན་ཡོད་པ་རེད།

ཨོ་སི་ཊེ་ལི་ཡའི་རྩིས་ཐོ་ལས་ཁུངས་(ABS)ཀྱི་ཚོད་དཔག་ལྟར་ན་ཡུལ་འདིའི་མི་འབོར་ས་ཡ་ཉེར་བརྒྱད་ལ་སླེབས་ཡོད་པ་རེད།

མི་འབོར་སྐྱེ་ཚད་འཁོར་ལོའི་ཚོད་དཔག་ལྟར་ན། གཟའ་མིག་དམར་གྱི་ཞོགས་པ་ཆུ་ཚོད་༦པར་ཨོ་སི་ཊེ་ལི་ཡའི་མི་འབོར་ས་ཡ་ཉེར་བརྒྱད་ལ་བསླེབས་པ་དང་། དེ་ནི་ ༢༠༢༥ ལོའི་ཟླ་ ༧ ཚེས་ ༡ ཉིན་གཏན་འབེབས་བྱས་པ་གཞིར་བཞག་ལྟར་ན། སྐར་མ་གཅིག་དང་སྐར་ཆ་བཅོ་ལྔ་རེའི་ནང་ཨོ་སི་ཊེ་ལི་ཡའི་མི་འབོར་གྱི་ཐོག་མི་རེ་ཁ་སྣོན་ཡོང་གི་ཡོད།

ཨོ་སི་ཊེ་ལི་ཡའི་མི་འབོར་འཕེལ་ཤུགས་དེ་ཕལ་ཆེར་ཉེ་ཆར་རྒྱལ་ཁབ་གཞན་ནས་གཞིས་སྤོ་བྱེད་མཁན་རྣམས་ཀྱི་རྒྱུ་མཚན་གྱིས་ཡིན་པ་རེད།

ཕྱི་ཟླ་གསུམ་པར་འགྲེམས་སྤེལ་བྱས་པའི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༩ བར་གྱི་ལོ་གཅིག་རིང་ལ་རྒྱལ་ཁབ་གཞན་ནས་གཞིས་སྤོ་བྱས་པའི་མི་འབོར་འཕེལ་ཚད་ཀྱིས་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༧༣ ཏེ་མི་ ༣༡༡,༠༠༠ ཟིན་ཡོད་པ་དང་། གསར་དུ་སྐྱེས་པའི་ཁ་གྲངས་ནས་ཤི་ཟིན་པའི་གྲངས་ཐོ་ཕུད་ན་རང་བྱུང་འཕེལ་གྲངས་ཀྱི་བརྒྱ་ཆ་ ༢༧ ཏེ་མི་ ༡༡༢,༦༠༠ ཟིན་ཡོད།

ཨོ་སི་ཊེ་ལི་ཡའི་རྒྱལ་ཡོངས་སྲིད་བྱུས་ཞིབ་འཇུག་ལྟེ་གནས་ཁང་གི་ལི་ཛི་ཨེ་ལན་གྱིས་གཞིས་སྤོ་བས་ཨོ་སི་ཊེ་ལི་ཡའི་མི་འབོར་འཕེལ་ཚད་ལ་མུ་མཐུད་ནས་ཁྱད་པར་བཟོ་བཞིན་ཡོད་པ་དང་། གྲངས་ཐོ་འདིས་དུས་ཚོད་མི་འདྲ་བར་གཞིགས་པའི་གཞིས་སྤོ་བའི་ལས་དོན་ལ་འགྱུར་བ་བྱུང་བ་མཚོན་གྱི་ཡོད་ཅེས་བརྗོད་འདུག

ཟླ་གསུམ་པའི་དཔྱད་འབྲས་ཐོ་གཞུང་ལྟར་ན། ༢༠༢༥ ལོའི་ཟླ་ ༩ ཚེས་ ༣༠ བར་གྱི་ལོ་གཅིག་རིང་ཨོ་སི་ཊེ་ལི་ཡའི་མི་འབོར་འཕེལ་ཚད་བརྒྱ་ཆ་ ༡.༦ ཡིན་པ་རེད་།

ཨོ་སི་ཊེ་ལི་ཡའི་རྩིས་ཐོ་ལས་ཁུངས་ཀྱི་མི་འབོར་དཔྱད་འབྲས་ཐོ་གཞུང་ཚན་པའི་འགན་འཛིན་བྷེ་ཌར་ཆོ་Beidar Cho་ཡིས་འཕེལ་ཚད་དེ་འདས་པའི་ལོ་ངོ་ཉི་ཤུའི་རིང་གི་འཕེལ་ཚད་དང་གཅིག་མཚུངས་ཡིན་པར་བརྗོད་འདུག

བརྒྱ་ཆ་ ༡.༦ འདི་ནི་ཉེ་བའི་ལོ་ཤས་གོང་གི་འཕེལ་ཚད་ལས་ཅུང་ཙམ་དམའ་བ་ཡིན།

"དེ་ནི་ཏོག་དབྱིབས་རིམས་ནད་ཀྱི་སྐབས་སུ་ས་མཚམས་སྒོ་བརྒྱབ་པ་དང་། དེ་ནས་ས་མཚམས་བསྐྱར་དུ་ཕྱེ་སྐབས་ཕྱི་རྒྱལ་ནས་གནས་སྤོ་བའི་གྲངས་འབོར་མང་དུ་ཕྱིན་པའི་རྒྱུ་མཚན་གྱིས་རེད།

"དེར་བརྟེན་ཉེ་བའི་ལོ་ཤས་ནང་འཕེལ་ཚད་ཅུང་ཙམ་མཐོ་བ་བྱུང་ཡོད་ཀྱང་། དེ་ནི་ལོ་རེར་བརྒྱ་ཆ་ ༡.༦གི་ཚད་ལ་བསྐྱར་དུ་ལོག་འདུག"

ཨོ་སི་ཊེ་ལི་ཡའི་ས་ཁུལ་ཁག་གི་མི་འབོར་འཕེལ་ཚད།

ཟླ་གསུམ་པར་བཏོན་པའི་ཨོ་སི་ཊེ་ལི་ཡའི་རྩིས་ཐོ་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༢༥ ལོའི་ཟླ་༩ ཚེས་ ༣༠ བར་གྱི་ལོ་གཅིག་གི་རིང་ལ་ནུབ་ཨོ་སི་ཊེ་ལི་ཡ་ནི་མི་འབོར་བརྒྱ་ཆ་ ༢.༢ ཏེ་མི་གྲངས་ ༦༦,༠༠༠ འཕར་ནས་འཕེལ་ཚད་མགྱོགས་ཤོས་དེ་ཆགས་ཡོད།

ཁུན་སི་ལན་ཌི་དང་ཝིག་ཊོ་རི་ཡ་གཉིས་ལ་ཁྱོན་བརྒྱ་ཆ་ ༡.༧ ཏེ་ས་ཁུལ་སོ་སོར་མི་གྲངས་ ༩༧,༣༠༠ དང་ ༡༢༢,༠༠༠ རེ་འཕར་འདུག

བྱང་ཕྱོགས་ས་ཁུལ་གྱི་མི་འབོར་བརྒྱ་ཆ་ ༡.༤ སྟེ་མི་གྲངས་ ༣,༧༠༠ འཕར་འདུག དབུས་མངའ་ཁུལ་དུ་བརྒྱ་ཆ་༡.༣ སྟེ་མི་གྲངས ༦,༥༠༠ འཕར་འདུག

ལྷོ་ཨོ་སི་ཊེ་ལི་ཡར་མི་གྲངས་ ༢༡,༡༠༠ སྟེ་བརྒྱ་ཆ་ ༡.༡ འཕར་འདུག ཊ་སི་མ་ནི་ཡར་མི་འབོར་འཕར་ཉུང་ཤོས་ཡིན་ཞིང་། མི་གྲངས་ ༡,༧༠༠ སྟེ་བརྒྱ་ཆ་༠.༣འཕར་འདུག

ཨོ་སི་ཊེ་ལི་ཡའི་བྱིས་པ་སྐྱེ་ཚད།

སྔོན་ལོའི་ཟླ་བ་ ༡༠ པར་བཏོན་པའི་ཨོ་སི་ཊེ་ལི་ཡའི་རྩིས་ཐོ་ལས་ཁུངས་ཀྱི་སྐྱེ་ཚད་ཀྱི་གྲངས་གཞི་ལྟར་ན། ༢༠༢༤ ལོར་ཆ་སྙོམས་ཐོག་བུད་མེད་རེ་ལ་བྱིས་པ་ ༡.༤༨ ཡོད་པ་དང་། དེ་ནི་ལོ་སྔོན་མའི་གྲངས་ ༡.༥ ་ལས་དམའ་བ་དང་ལོ་རྒྱུས་ནང་ཆེད་དམའ་ཤོས་ཤིག་ཡིན།

ཨེ་ལེན་གྱིས་ "ང་ཚོའི་མི་འབོར་གྱི་རྣམ་པ་ནི་ཚེ་རིང་ལ་བྱིས་པ་སྐྱེ་ཚད་ཉུང་ལ་རྒས་བཞིན་པའི་རིགས་ཤིག་ཡིན།" ཞེས་དང་། ད་ཆ་ཨོ་སི་ཊེ་ལི་ཡའི་མི་ཚོས་འགྲོ་གྲོན་ཆེ་བ་ལ་སོགས་པའི་འགོག་རྐྱེན་གྱིས་བྱིས་པ་བཙའ་རྒྱུར་འདོད་པ་བྱེད་ཀྱི་མེད།" ཅེས་བརྗོད་འདུག

ཁོང་གིས་ད་དུང "མི་ཚོའི་སེམས་ནང་མ་འོངས་པའི་ཕྱིར་བློ་འཚབ་དང་ཞེད་སྣང་གི་ཚོར་བ་ཟབ་མོ་ཞིག་ཡོང་གི་ཡོད།" ཅེས་གསུངས་ཡོད།

རིམས་ནད་སྐབས་ཀྱི་མི་འབོར་གྱི་བརྒྱ་ཆ་ཉུང་བའི་རྗེས་རྒྱལ་སྤྱིའི་ས་མཚམས་ཁག་སྒོ་ཕྱི་བའི་རྐྱེན་གྱིས་ཕྱི་ལོ་ ༢༠༢༤ ལོར་ཨོ་སི་ཊེ་ལི་ཡའི་མི་འབོར་ས་ཡ་ཉེར་བདུན་ལ་སླེབས་ཡོད། དེ་ནི་ཚོས་དཔག་བྱས་པར་གཞིགས་ན། ཕྱི་ལོ་ ༢༠༣༡ ལོར་ཨོ་སི་ཊེ་ལི་ཡའི་མི་འབོར་༣༠.༠༠༠.༠༠༠ ལ་སླེབས་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༨ ཚེས་ ༡༡ ཉིན་གྱི་དགོང་མོར་ལོ་འདིའི་མི་འབོར་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།།

 

བོད་སྐད་ནང་འཛམ་གླིང་གི་གསར་འགྱུར་དང་ཨོ་སི་ཊེ་ལི་ཡའི་ནང་འཚོ་བ་སྐྱེལ་སྟངས་སྐོར་གྱི་གནས་ཚུལ་གཞན་ལ་རྗེས་འབྲངས་གནོངས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now