བོད་རིགས་སྐྱབས་བཅོལ་བ་ལ་དམིགས་པའི་ཆུ་རྐྱལ་གྱི་སློབ་འཁྲིད་ལས་གཞི།

Tibetan Swimming Program

Source: SBS Tibetan

འདི་ལོའི་ཕྱི་ཟླ་ ༡༠ པ་ནས་ ༡༡ བར་གྱི་རེས་གཟའ་སྤེན་པར་འཆར་ཅན་ལྟར་སི་ནིའི་བྱང་ཕྱོགས་མཚོ་མཐའི་ས་ཁུལ་ལ་གནས་གཞི་ཡོད་པའི་བོད་རིགས་སྐྱབས་བཅོལ་བ་རྣམས་ལ་དམིགས་པའི་ཆུ་རྐྱལ་རྒྱག་སྟངས་ཀྱི་སློབ་འཁྲིད་ལས་གཞི་དེ་སྤེལ་བཞིན་ཡོད་འདུག ལས་གཞི་འདི་ནི་གཞུང་འབྲེལ་མ་ཡིན་པའི་ཁེ་མེད་ཀྱི་ཚོགས་པ་ Water skills for life ཞེས་པའི་ལོ་ལྟར་གོ་སྒྲིག་གནང་གི་ཡོད་འདུག ལས་གཞི་འདི་ཐོག་མར་ ༢༠༡༢ ལོར་འགོ་བཙུགས་ཡོད་པ་དང་། དེ་ལོར་བོད་མི་དྲུག་ཅུ་ཙམ་གྱི་ལས་གཞི་འདིར་ཐོ་འགོད་བྱེད་ཡོད་འདུག དེ་ཡང་ལས་གཞི་དེའི་ཁྱད་ཆོས་གཙོ་བོ་ནི་བོད་མི་སྐྱབས་བཅོལ་བ་གསར་དུ་འབྱོར་མཁན་རྣམས་ལ་རིན་མེད་ཐོག་ཆུ་རྐྱལ་རྒྱག་སྟངས་སློབ་འཁྲིད་གནང་གི་ཡོད་པ་མ་ཟད། ལས་གཞི་དེའི་ནང་མཉམ་བཞུགས་བྱེད་པར་ལོ་ཚད་ཀྱི་འགོག་རྐྱེན་གང་ཡང་མེད་འདུག



Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
བོད་རིགས་སྐྱབས་བཅོལ་བ་ལ་དམིགས་པའི་ཆུ་རྐྱལ་གྱི་སློབ་འཁྲིད་ལས་གཞི། | SBS Tibetan