Watch FIFA World Cup 2026™

LIVE, FREE and EXCLUSIVE

འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་ཉིན་རེའི་གསར་འགྱུར་གནད་བསྡུས། ༼སི་པན་གྱིས་འཛམ་གླིང་རྐང་རྩེད་སྤོ་ལོའི་ཡང་མཐའི་འགྲན་རྩེད་པའི་གོ་ས་བླངས།༽News

TX: FIFA World Cup 2026: Semi Finals: Spain vs France - World Cup Wrap
སི་པན་གྱི་པེ་ཏོ་རོ་པོ་རོ་ཡིས་ཧྤ་རན་སི་ཕམ་པར་བྱས་ཏེ་རྒྱལ་ཁའི་དགའ་སྟོན་བྱེད་བཞིན་པ། Source: SIPA USA / Cody Grubbs/Sipa USA/AAP Image

འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་སུམ་བཅུ་སོ་བཞི་པར་སེ་པན་གྱིས་སྤོ་ལོ་ ༢-༠ བྱས་ཏེ་ཧྤ་རན་སི་ནས་རྒྱལ་ཁ་བླངས་ཏེ་འཛམ་གླིང་རྐང་རྩེད་སྤོ་ལོའི་ཡང་མཐའི་འགྲན་རྩེད་པའི་གོ་ས་བླངས་ཡོད། ཧྤ་རན་སིའི་ལི་སི་བྷ་ལ་སི་ཡིས་དེ་སྔ་ལྟར་ཐེངས་གསུམ་པར་རྒྱལ་ཁའི་གསེར་བུམ་སྟེགས་རྒྱུའི་སྨི་ལམ་མེད་པར་གྱུར་དེ་ད་ཆ་ཁོང་ཚོའི་དམིགས་ཕྱོགས་དེ་རེས་གཟའ་སྤེན་པར་ཨང་རིམ་གསུམ་པའི་འགྲན་བསྡུར་ལ་བསྒྱུར་ཡོད།


Published

Updated

Presented by Domnyershar Dadon

Source: SBS



Share this with family and friends


འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་སུམ་བཅུ་སོ་བཞི་པར་སེ་པན་གྱིས་སྤོ་ལོ་ ༢-༠ བྱས་ཏེ་ཧྤ་རན་སི་ནས་རྒྱལ་ཁ་བླངས་ཏེ་འཛམ་གླིང་རྐང་རྩེད་སྤོ་ལོའི་ཡང་མཐའི་འགྲན་རྩེད་པའི་གོ་ས་བླངས་ཡོད། ཧྤ་རན་སིའི་ལི་སི་བྷ་ལ་སི་ཡིས་དེ་སྔ་ལྟར་ཐེངས་གསུམ་པར་རྒྱལ་ཁའི་གསེར་བུམ་སྟེགས་རྒྱུའི་སྨི་ལམ་མེད་པར་གྱུར་དེ་ད་ཆ་ཁོང་ཚོའི་དམིགས་ཕྱོགས་དེ་རེས་གཟའ་སྤེན་པར་ཨང་རིམ་གསུམ་པའི་འགྲན་བསྡུར་ལ་བསྒྱུར་ཡོད།


ཡོ་རོབ་ཀྱི་སྟོབས་ཤུགས་ཆེ་བའི་རུ་ཁག་གཉིས་ཀྱི་བར་གྱི་རེ་སྒུག་ཆེ་བའི་འགྲན་བསྡུར་དེ་ལྟད་མོ་བ་ ༧༠,༠༠༠ ལྷག་གི་མདུན་དུ་དངོས་འགྱུར་བྱུང་བ་དང་། སི་པན་གྱིས་ཧྥ་རན་སི་ལས་རྒྱལ་ཁ་བླངས་ནས་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་ཡང་མཐའི་འགྲན་ཞུགས་པར་གྱུར།

སི་པན་གྱིས་འགྲན་བསྡུར་གྱི་དུས་ཡུན་ཧྲིལ་པོར་དབང་སྒྱུར་བྱས་ཏེ། རང་ཉིད་ཀྱི་གོ་སྐབས་ཡོད་ཚད་བེད་སྤྱོད་བྱས་ནས་ཧྥ་རན་སི་ལ་མདུན་བསྐྱོད་ཀྱི་འགུལ་ཤུགས་ཡོངས་སུ་མེད་པར་བཟོས་

སྐར་མ་ཉི་ཤུ་རྩ་གཉིས་པའི་སྐབས་སི་པན་གྱི་སྤོ་ལོ་བླུགས་མཁན་མི་ཁལ་ཨོ་ཡལ་ཛི་བྷལ་གྱིས་སྤོ་ལོ་གཅིག་བླུགས་ནས་རུ་ཁག་གི་སྣེ་ཁྲིད་བྱས། དེའི་གོང་དུ་ལ་མ་ཡིན་ཡ་མལ་གྱིས་ཉེས་ཆད་སྤོ་ལོ་གཅིག་བླུགས་ཀྱང་སྒྲིག་གཞི་འགལ་འཇོལ་གྱིས་རྩི་མེད་བྱུང་རུང་། སྐར་མ་ལྔ་བཅུ་ང་བརྒྱད་ལ་སླེབས་སྐབས་པོ་ཏོ་རོ་པོར་རོ་ཡིས་སྤོ་ལོ་གཅིག་སླར་ཡར་བླུགས།

སི་པན་གྱི་སྒྲིག་གཞི་ལྡན་པའི་དཀྱིལ་རྩེད་པ་དང་འགོག་སྲུང་པའི་མཉམ་རུབ་ཀྱིས་གསེར་ལྷམ་གྱི་བདག་པར་འགྱུར་བའི་ཧྤ་རན་སིའི་ཨེམ་བྷ་བྷེ་ལ་ཡང་བྱ་ཐབས་ཟད་པར་གྱུར་ཡོད།

ཨེ་སི་བྷི་ཨེ་སི་རྐང་རྩེད་སྤོ་ལོའི་དཔྱད་བརྗོད་པ་དང་། སྔོན་ཆད་ཀྱི་གྷ་ན་ཡི་རྐང་སྤོལ་རྩེད་མཁན་ཁེ་ཝིན་-པི་རིན་སི་བྷོ་ཊེང་གིས་སྐབས་དེར་སེ་པན་གྱིས་འགྲན་རྩེད་སྤུད་དག་གཅིག་རྩེད་སོང་ཞེས་བརྗོད།

ད་ལྟ་སི་པན་གྱིས་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཡང་མཐའི་འགྲན་རྩེད་པའི་ནང་ཐེངས་གཉིས་པར་ཞུགས་ཐུབ་པ་བྱུང་ཡོད། དེ་ཡང་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༠ ལ་ལོ་རྒྱུས་ནང་ཐོག་མར་གོ་སྐབས་དེ་ཁོང་ཚོའི་ལག་ཏུ་གསོན་ཡོད།

ཕམ་ཉེས་འདིས་ཧྥ་རན་སི་ལ་མཚོན་ན་དུས་རབས་ཤིག་མཇུག་བསྒྲིལ་བ་མཚོན་གྱི་ཡོད་པ་དང་། སྤོ་ལོའི་དགེ་རྒན་གཙོ་བོའི་ལས་འགན་བཟུང་ནས་མི་ལོ་ ༡༤ ཡི་རྗེས་སུ་ཌི་ཌི་ཡར་ཌེ་་ཤམ་སི་ལས་གནས་ནས་དགོངས་པ་ཞུ་ཡི་ཡོད་པ་རེད།

ཁོང་གི་འགོ་ཁྲིད་འོག་ཏུ། ཧྥ་རན་སི་འཛམ་གླིང་རྐང་སྤོལ་གྱི་མཐའ་མའི་འགྲན་བསྡུར་གྱི་རིམ་པ་བཞི་པ་ལ་སླེབས་ཡོད་པ་ནི། ༢༠༡༤ ལོར་རིམ་པ་བཞི་པ། ༢༠༡༨ ལོར་རྒྱལ་ཁ་ཐོབ་པ། ༢༠༢༢ ལོར་ཨང་གཉིས་པ། ༢༠༢༦ ལོར་ཕྱེད་མཐའ་མའི་འགྲན་བསྡུར་བཅས་ལ་སླེབས་ཡོད།

ལེ་སི་བྷུ་ལུ་རྣམས་ཀྱིས་ད་ལྟ་རེས་གཟའ་སྤེན་པའི་ཨང་གསུམ་པའི་རྩེད་འགྲན་ལ་དོ་སྣང་བྱེད་དགོས་པ་དང་། དེ་ནི་ཁོང་ཚོའི་རྒྱལ་ཁ་ཞིག་གི་ནང་ལས་འགན་མཇུག་བསྒྲིལ་བའི་གོ་སྐབས་མཐའ་མ་དེ་ཡིན།

སང་ཉིན་ཡང་བསྐྱར་ལྟད་མོ་ཆེན་པོ་ཞིག་ཡོད་པ་ནི་ཨར་ཇེན་ཊི་ན་དང་ཨིང་ལེན་ཌི་གཉིས་ཀྱིས་མཐའ་མའི་འགྲན་བསྡུར་གཉིས་པ་རྩེད་རྒྱུ་རེད།

ཨར་ཇེན་ཊི་ན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་གཏོད་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། ཨི་ཊ་ལི་དང་བྷ་རེ་ཛིལ་གཉིས་ལྟར་འཛམ་གླིང་རྐང་རྩེད་སྤོ་ལོའི་རྒྱལ་ཁ་ཚར་གཉིས་པ་མུ་མཐུད་ལེན་ཐུབ་པའི་རྒྱལ་ཁབ་གསུམ་པ་དེ་ཆགས་རྒྱུའི་དམིགས་ཡུལ་བཟུང་ཡོད།

ཕྱོགས་གཞན་དེར་ཨིང་ལན་ཌི་ནི་ཕྱི་ལོ་ ༡༩༦༦ ལོར་རྒྱལ་ཁ་ཐོབ་པ་ནས་བཟུང་དུས་ཡུན་ལོ་ ༦༠ རྗེས་གཞི་ནས་རྐང་སྤོལ་གྱི་གསེར་བུམ་ལེན་རྒྱུའི་འབད་བརྩོད་བྱེད་རྒྱུ་རེད། རྩེད་ཐང་ཐོག་གི་སེང་ཆེན་དེ་དག་གསུམ་པོ་དུས་གཅིག་ཏུ་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་ཡང་མཐའི་འགྲན་བསྡུར་ནང་ཞུགས་པ་དེ་ ༡༩༩༠ དང་ ༢༠༡༨ ལོ་ཡིན།

འགྲན་རྩེད་དེ་དག་གི་ཐད་གཏོང་བརྙན་སྒྲོག་ཁག་ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུའི་ཉིན་སྔ་དྲོའི་ཆུ་ཚོད་ ༤ ཐོག་ཨེ་སི་བྷི་ཨེ་སི་ཨོན་ཌི་མན་ཌི་ལ་གཟིགས་རྒྱུ་ཡོད།

ཁྱེད་རང་གིས་གསན་བཞིན་པ་ནི་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་སུམ་བཅུ་སོ་བཞི་པའི་ཉིན་རེའི་གསར་འགྱུར་གནད་བསྡུས་ཡིན། རྩེད་འགྲན་ཆེན་མོ་དེའི་སྐར་ཆ་རེ་རེའི་གནས་ཚུལ་ཆེད་ཨེ་སི་བྷི་ཨེ་སི་ཨོན་ཌི་མན་ཌི་ལ་གཟིགས་རོགས།།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now