འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་ཉི་ཤུ་པའི་སྐབས་སུ་ཕུལ་བྱུང་རྩེ་འགྲན་པ་ཨར་ལེན་ཧར་ལེན་ཌི་དང་ཨེམ་བྷ་པེ་གཉིས་པོས་སྤོ་ལོ་ཐེངས་གཉིས་རེ་བླུགས་ནས་ཧྤ་རན་སི་དང་ནོར་ཝེ་གཉིས་འགྲན་རྩོད་ལ་ནང་མུ་མཐུད་མདུན་འདྲེན་བྱས་སོང་།
གསན་མཁན་རྣམས་པ་ཨེ་སི་བྷི་ཨེ་སི་དམིགས་བསལ་ལས་རིམ་སྙན་སྒྲོན་ཞབས་ཞུ་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་ཉིན་རེའི་གསར་འགྱུར་གནད་བསྡུས་རྒྱང་སྒྲོག་ལ་འཚམས་འདྲི་ཞུ། གུས་མོ་འབྲོམ་གཉེར་ཤར་ཟླ་སྒྲོན་ཡིན།
རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་ཉི་ཤུར་ཌེ་ལ་སི་རུ་དངངས་ཚབ་ཆེ་བའི་མདོང་ཐུགས་སྐོར་༣༢ ཐོག་འགྲན་སྡུར་ནས་འགོ་བརྩམས་ཤིང་།
ནོར་ཝེ་ཡི་ཨན་ཋོ་ནིའོ་ནུ་ས་Antonio Nusaཡིས་དུས་ཕྱེད་དང་པོའི་སྐབས་སྤོ་ལོ་གཅིག་བླུགས་པ་དེར་ཁོ་ཊི་ཌི་ཝར་ Côte d'Ivoire གྱིས་དོ་མཉམ་བྱས།
འོན་ཀྱང་ཨ་ལིང་ཧཱ་ལན་གྱིས་དུས་ཕྱེད་གཉིས་པའི་མཐའ་མཚམས་སུ་སྤོ་ལོ་འཕར་མ་ཞིག་བླུགས་ནས་ཁོ་ཊི་ཌི་ཝར་ ༢-༡ གིས་ཕམ་པར་བྱས།
དེ་ནི་ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་ནོར་ཝེ་ལ་མཐའ་འཇུག་འགྲན་རྩོད་སྡེ་ཚན་ནང་ཞུགས་རྒྱུའི་གོ་སྐབས་དང་པོ་དེ་ཆགས་ཀྱི་ཡོད།
ད་ཅ་ནོར་ཝེ་འགྲན་རིམ་བཅུ་དྲུག་པའི་ནང་ཨང་དང་པོ་ལྔ་ཐོབ་མཁན་བྷི་རེ་ཛིལ་ལ་འགྲན་སྡུར་བྱེད་རྒྱུ་རེད།
ནིའུ་ཇྷར་སི་དུ་རུ་དཔོན་ཨེམ་བྷ་པེ་ཡིས་སྤོ་ལོ་ཐེངས་གཉིས་བླུགས་པ་དང་ལྷན་དུ་ཧྥ་རན་སིའི་རུ་ཁག་གིས་༣-༠ བྱས་ཏེ་སི་ཝི་ཌན་ལས་རྒྱལ་ཁ་བླངས་ནས་འགྲན་རྩོད་རིམ་པ་བཅུ་དྲུག་པའི་ནང་གོ་གནས་གཏན་འཁེལ་བྱས།
ཧྥ་རན་སིས་སྤོ་ལོ་ཐོག་མ་བླུགས་ནས་འགྲན་བསྡུར་ལ་ཁ་ལོ་སྒྱུར་བའི་རྗེས་སུ། མཇུག་མཐར་བར་མཚམས་མ་བཞག་གོང་སླར་ཡང་ཨེམ་བྷ་པེ་Mbappé ཡིས་སྤོ་ལོ་གཅིག་བླུགས་ཏེ་སྣེ་ཁྲིད་ཀྱི་ཤུགས་ཇི་ཆེར་བཏང་ནས་གསེར་ལྷམ་མམ་སྤོ་ལོ་མང་ཤོས་བླུགས་མཁན་གྱི་འགྲན་བསྡུར་ནང་ཞུགས།
ཁོ་ཚོས་ད་ལྟ་ཇར་མ་ནིའི་རུ་ཁག་ཕྱིར་ཕུད་ཀྱིས་རྩེད་འགྲན་གྱི་གནས་བབ་ལ་འཕོ་བསྒྱུར་ཆེ་ཤོས་གཏོང་མཁན་པེ་ར་གྷུ་ཡེ་དང་འགྲན་རྩེད་བྱེད་རྒྱུ་རེད།
ཆར་ཤུགས་ཆེ་ལ་གློག་དམར་གྱིས་འཁྱུག་འགྲོས་ཀྱིས་ཆུ་ཚོད་གཅིག་འགོར་འགྱངས་བྱས་རྗེས། མེག་སི་ཀོ་ཡིས་ཨི་ཝེ་ཌོར་ལ་འགྲན་སྡུར་བྱས།
རང་ཡུལ་དུ་དགའ་ཞེན་ཅན་གྱི་ཡུལ་མི་༨༠,༠༠༠ ཙམ་ནི་ཁྲོད་དུ་རྩེད་འགྲན་གྱི་དུས་ཕྱེད་ཐོག་མ་ནས་སྤོ་ལོ་གཉིས་ཙམ་བླུགས་ནས་འགྲན་བསྡུར་གྱི་སྣེ་ཁྲིད་བྱས། Julián Quiñones དང་ Raúl Jiménez ཧུ་ལེ་ཡན་ཀི་ནོ་ནེ་ཛི་དང་རོལ་ཧེ་མི་ནི་ཛི་ཡིས་སྤོ་ལོ་གཉིས་བླུགས་ཏེ་ལོ་ངོ་ ༤༠ རྗེ་མེག་སི་ཀོ་འགྲན་རྩོད་མཐའ་མའི་སྡེ་ཚན་གྱི་ཁོངས་སུ་བཞུད། འགྲན་བསྡུར་དེའི་གྲུབ་འབྲས་ཀྱིས་རྒྱལ་ཁ་༡༢་བསྟུས་མར་ལེན་མཁན་དུ་གྱུར་ནས་ད་ཆ་རྒྱལ་ཁ་ལོན་མཁན་ཨིང་ལན་ཌི་དང་ཀོང་ཁོ་ལ་རིམ་པ་ ༡༦པའི་ནང་འགྲན་བསྡུར་བྱེད་རྒྱུ་རེད།
དེ་ནས་སོ་ཁར་རུ་སི་ཡི་སྐོར་ལ་བརྗོད་ན། གཟའ་འཁོར་འདིའི་སྡེ་ཚན་༣༢ པའི་ནང་ཨེ་ཅིབ་དང་འགྲན་སྡུར་བྱེད་ཕྱིར་སྔོན་ཚུད་ནས་ཌལ་ལ་སི་ལ་འབྱོར་ཡོད།
ཨོ་སི་ཊེ་ལི་ཡར་མཚོན་ན་མཐའ་མའི་སྡེ་ཚན་ནང་དེ་སྔ་ཕྱི་ལོ་ ༢༠༠༦ ལོར་ཨི་ཊ་ལི་དང་། ༢༠༢༢ ལོར་ཨང་དང་པོ་ཨ་ཇྷིན་ཊི་ན་ལ་ཤོར་བའི་རྗེས་སླར་ཡང་ད་ཐེངས་འགྲན་ཞུགས་བྱེད་རྒྱུའི་གོ་སྐབས་བླངས་ཡོད།
དཀྱིལ་རྩེད་པ་Ajdin Hrustic ཨ་ཡི་ཌིན་ཧུ་རུ་སི་ཊི་ཆ་ཡིས་ང་ཚོས་ཨ་རི་ལས་༢-༠ གྱི་ཕམ་ཁ་ལོན་རྗེས་བསླབ་བྱ་རྩ་ཆེན་ཞིག་བླངས་ཡོད། ད་ཆ་ང་ཚོ་མདུན་བསྐྱོད་བྱེད་རྒྱུར་གྲྭ་སྒྲིག་ཡིན། ཞེས་བརྗོད།
རེས་གཟའ་སྤེན་པའི་སྔ་དྲོར་སི་ཁར་རུ་སི་ཡིས་ཨེ་ཅིབ་དང་འགྲན་སྡུར་བྱེད་རྒྱུ་ཡིན་པ་དང་། འགྲན་རྩེད་དེ་སྔ་དྲོའི་ཆུ་ཚོད་ ༣ ནས་ཨེ་སི་བྷི་ཨེ་སི་དང་ཨོན་ཌི་མན་ཌི་ཐོག་ཐད་གཏོང་བྱེད་ཀྱི་ཡོད།
དེ་རྗེས་རེས་གཟའ་ཕུར་པོའི་ཉིན་ཨིང་ལན་ཌི་དང་ཀོང་ཁོ། བྷེལ་ཇྷམ་དང་སི་ནི་གྷལ་བཅས་རུ་ཁག་རྩེ་ཕུད་གསུམ་པའི་སྡེ་ཚན་གྱི་འགྲན་བསྡུར་ཡོད།
དེ་དང་ལྷན་དུ་འགྲན་རྩེད་གོ་སྒྲིག་རྒྱལ་ཁབ་ཨ་རིས་བྷོ་ཛི་ནི་ཡ་ཧར་ཛ་གྷོ་ཝི་ན་དང་ལྷན་དུ་འགྲན་བསྡུར་བྱེད་རྒྱུ་རེད།
རྣམ་པ་ཚོས་གསན་བཞིན་པ་ནི་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་ཉི་ཤུ་པའི་ཉིན་རེའི་གསར་འགྱུར་གནད་བསྡུས་ཡིན། རྩེད་འགྲན་ཆེན་མོ་དེའི་སྐར་ཆ་རེ་རེའི་གནས་ཚུལ་ཆེད་ཨེ་སི་བྷི་ཨེ་སི་ཨོན་ཌི་མན་ཌི་ལ་གཟིགས་རོགས།།






