གཞིས་སྤོ་བའི་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་རྣམས་ཨོ་སི་ཏྲེ་ལི་ཡའི་སློབ་གྲྭའི་ནང་ཞི་བདེ་ལྷིང་འཇགས་ངང་གནས་ཐུབ་པར་རྒྱབ་སྐྱོར་གནང་ཚུལ།

Group of elementary school kids running at school Source: iStockphoto
ཁྱིམ་ཚང་ཞིག་ཨོ་སི་ཏྲེ་ལི་ཡར་སྲ་བརྟན་ཐོག་གཞིས་ཆགས་པར་ཁྱིམ་ཚང་དེའི་ཕྲུ་གུ་རྣམས་མུ་མཐུད་སློབ་གྲྭ་འགྲིམས་ཐུབ་པ་བྱེད་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན། ཕྱི་མི་གཞིས་སྤོ་བའི་ཕྲུ་གུ་རྣམས་སློབ་གྲྭའི་ཁོར་ཡུག་གསར་པའི་ནང་ཞི་བདེ་ལྷིང་འཇགས་ངང་གནས་ཐུབ་པར་ཕྲུ་གུ་གཞན་དང་མི་འདྲ་བ་ཁོང་ཚོར་འགོག་རྐྱེན་མང་པོ་འཕྲད་ཀྱི་ཡོད། དེར་བརྟེན་ཕྲུ་གུ་དེ་དག་གི་ཤེས་ཡོན་གོང་འཕེལ་ཆེད་ཕ་མ་རྣམས་ལ་དམིགས་བསལ་འགན་འཁྲི་ཆེན་པོ་ཡོད། བརྗོད་གཞི་འདི་དང་འབྲེལ་རིག་གནས་སྐྱེད་ཚལ་ཁང་གི་སློབ་སྤྱི་དང་། ཨོ་སི་ཏྲེ་ལི་ཡའི་ནང་ཡོད་པའི་བོད་ཕྲུག་ཚོར་དམིགས་པའི་བོད་ཡིག་ཀློག་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི། ཕྲུ་གུ་གཉིས་ཀྱི་ཕ་ར་ལོ་དོན་ལྡན་ལགས་སུ་བཅར་འདྲི་ཞུས་ཡོད།
Share