Watch FIFA World Cup 2026™

LIVE, FREE and EXCLUSIVE

"ཝ་ཡེ་ཕོ་གསར་ང་ལ་དངུལ་སྤྲོད་ཤོག"ཟེར་བའི་དྲ་ཐོག་འཕྲིན་ཐུང་གིས་ཨོ་སི་ཊེ་ལི་ཡའི་ཕོ་གཞོན་ཚོར་འཕྲད་བཞིན་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་ཕྱིར་བསྒྲགས། News

hey bro 2.jpg
དྲྭ་ལམ་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་ཇུ་ལི་ཨིན་མན་གྷི་རན་ཊེ་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་ཁག་གིས་ལོ་ཆུང་ཚོ་བཀག་སྡོམ་གྱི་ཁྲིམས་ལ་བརྩི་སྲུང་བྱེད་ཀྱི་མེད་པར་བརྗོད། པར་ཁུངས། གྷི་ཊི་པར་རིས།

ཕོ་གཞོན་དང་བྱིས་པ་ཚོ་རང་གི་སྒེར་གྱི་པར་རིས་བགོ་འགྲེམས་བྱེད་དུ་འཇུག་པ་དང་དེ་ནས་ནག་ཚོང་དྲ་རྒྱ་ཁག་གིས་བསུན་གཙེར་བྱེད་ཀྱི་ཡོད།


Published

Updated

By Cheyne Anderson

Presented by Domnyershar Dadon

Source: SBS


Share this with family and friends


ཕོ་གཞོན་དང་བྱིས་པ་ཚོ་རང་གི་སྒེར་གྱི་པར་རིས་བགོ་འགྲེམས་བྱེད་དུ་འཇུག་པ་དང་དེ་ནས་ནག་ཚོང་དྲ་རྒྱ་ཁག་གིས་བསུན་གཙེར་བྱེད་ཀྱི་ཡོད།


གནས་བསྡུས།

  • དྲྭ་ལམ་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་གྱིས་ནག་ཚོང་དྲ་རྒྱ་ཁག་གིས་གསར་དུ་བྱུང་བའི་འཕྲུལ་ལས་ལག་རྩལ་བེད་སྤྱད་ནས་ཕོ་གཞོན་དང་བྱིས་པ་ཚོ་ལུས་འབྲེལ་གྱི་བསུན་གཙེར་བྱེད་ཀྱི་ཡོད་པར་གསུངས།།
  • ཇུ་ལི་ཨིན་མན་གྷི་རན་ཊེ་ལགས་ཀྱིས་ད་དུང་སྤྱི་ཚོགས་བརྒྱུད་ལམ་ཁག་གིས་གཞོན་སྐྱེས་ཚོར་འདང་ངེས་ཀྱི་བཀག་སྡོམ་ཀྱི་བྱེད་སྒོ་སྤེལ་གྱི་མེད་པར་གསུངས།

ཕོ་གཞོན་དང་བྱིས་པ་ཚོ་རང་གི་སྒེར་གྱི་བརྙན་རིས་དང་པར་རིས་སྤྱི་ཚོགས་བརྒྱུད་ལམ་དུ་བགོ་འགྲེམས་བྱེད་དུ་འཇུག་པ་དང་དེ་ནས་དངུལ་སྒོར་སྟོང་ཕྲག་མང་པོ་འཕྲོག་རྒྱུའི་བསུན་གཙེར་བྱེད་ཀྱི་ཡོད་པ་ནི་དྲ་ལམ་བདེ་འཇགས་ལས་ཁུངས་ཀྱི་སྐབས་གསུམ་པའི་སྙན་ཐོ་ཕྱི་གསལ་ནང་གསལ་ནང་བཀོད་ཡོད།

“ནག་ཚོང་དྲ་རྒྱ་ཁག་གིས་ཉིན་ལྟར་ཕོ་གཞོན་ཚོར་དམིགས་འབེན་དུ་བཟུང་ནས་ལུས་འབྲེལ་གྱི་བསུན་གཙེར་བྱེད་ཀྱི་ཡོད་པའི་གནས་སྟངས་ཚབས་ཆེན་ཞིག་ལ་སླེབས་འདུག” ཅེས་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་ཇུ་ལི་ཨིན་མན་གྷི་རན་ཊེ་ལགས་ཀྱིས་ཨེ་བྷི་སི་རླུང་འཕྲིན་ཁང་ལ་གསུངས་ཡོད།

སྙན་ཐོ་ཕྱི་གསལ་ནང་གསལ་ཞེས་པ་དེ་ནི་དྲྭ་ལམ་བདེ་འཇགས་ལས་ཁུངས་ཀྱིས་ཕྱི་ལོ་༢༠༢༥ ཟླ་༧ ནས་༡༢ བར་དུ་ལུས་འབྲེལ་གྱི་བསུན་གཙེར་སྐོར་གྱི་ཞུ་གཏུག་གྲངས་༢༢༠༦ འབྱོར་བའི་ནང་ནས་དཀའ་ངལ་འཕྲད་མཁན་བརྒྱ་ཆ་༨༥ ནི་ཕོ་གཞོན་ཡིན་པ་དང་དེ་དག་མང་ཆེ་བ་ནི་ལོ་༡༨-༣༩ བར་ཡིན་པ་གསལ་ཡོད།

“དེས་མ་ཚད་ལོ་༡༥། ༡༦། ༡༧ བར་གྱི་བྱིས་པ་ཆུང་ཆུང་ཚོ་ཡང་ང་ཚོའི་སར་ཡོང་གི་ཡོད་པ་མཐོང་གི་འདུག” ཅེས་གསུངས།

“ང་ཚོར་འདས་ལོར་པར་རིས་ཀྱི་བསུན་གཙེར་སྐོར་གྱི་ཞུ་གཏུག་༨༠༠༠ འབྱོར་བྱུང་། དེ་ནི་མོས་མཐུན་མེད་པར་སྒེར་གྱི་པར་རིས་དང་བརྙན་རིས་བགོ་འགྲེམས་བྱས་པ་རེད། སྔོན་མ་ལོ་བརྒྱད་རིང་དེ་ལྟར་བྱས་པ་མང་ཆེ་བ་ནི་བུད་མེད་དང་བུ་མོ་ཚོར་དམིགས་འབེན་དུ་བཟུང་ཡོད།” ཅེས་དང་།

“ཞུ་གཏུག་དེ་དག་གི་བརྒྱ་ཆ་ལྔ་བཅུ་ནི་ཕོ་གཞོན་ཚོར་དངུལ་འཕྲོག་བཅོམ་གྱི་ཆེད་དུ་འཆལ་སྤྱོད་ཀྱི་བསུན་གཙེར་རེད།”

‘ཕོ་གསར་ང་ལ་དངུལ་སྤྲོད་ཤོག’ ཟེར་བའི་ཚིག་ངན།

དྲྭ་ལམ་བདེ་འཇགས་ལས་ཁུངས་ཀྱིས་བགོ་འགྲེམས་བྱས་པའི་གནས་ཚུལ་ཞིག་གི་ནང་དུ་ལོ་༡༦ ཅན་གྱི་སེམ་ཞེས་པའི་བུ་ཞིག་གིས་ཨིན་སི་ཊ་གྷ་རམ་ནང་འཁྲིག་སྤྱོད་དང་འབྲེལ་བའི་པར་རིས་བཙོག་པ་དུ་མ་གཤོམ་མཁན་གྱི་བུད་མེད་ཞིག་གི་པར་ལ་དགའ་རྟགས་བརྒྱབས་རྗེས་ཁོ་པ་ནག་ཚོང་གི་ནང་དུ་ཚུད་ཡོད་འདུག

‘ཇེ་སི་ཀ་’ ཞེས་པའི་བུད་མེད་དེས་སེམ་ལ་ལམ་སེངས་འཕྲིན་ཐུང་བཏང་ནས་འཁྲིག་སྤྱོད་དང་འབྲེལ་ནས་སྐྱིད་པོ་གཏོང་འདོད་ཡོད་མེད་དྲིས་པ་དང་།

ཕར་ཚུར་འཕྲིན་ཐུང་འགའ་ཤས་བཏང་རྗེས། སེམ་གྱིས་རང་གི་གཅེར་བུའི་པར་རིས་ཤིག་མོ་ལ་བཏང་ཡོད་འདུག།

‘ཇེ་སི་ཀ་’ ཡིས་དེ་དེ་མ་ཐག་སྐད་གདངས་བསྒྱུར་ནས་ཁོ་ལ་"ཕོ་གསར། མགྱོགས་པོ་ང་ལ་དངུལ་འཁྱེར་ཤོག་” ཞེས་བྲིས་ཡོད།

ཕོ་གསར་དེར་རང་གི་ཕ་མའི་འགྲམ་ནས་ཀུ་ཤུ་རྟགས་ཅན་གྱི་ཐོབ་ཤོག་གཅིག་རྐུ་དགོས་པ་དང་དེ་མིན་ཁོ་པའི་པར་དེ་གྲོགས་པོ་དང་ནང་མི་ཚོར་བགོ་འགྲེམས་བྱེད་རྒྱུ་ཡིན་པའི་སྡིགས་ར་བསྐུལ་ཡོད།

སེམ་གྱི་གནས་ཚུལ་དེ་ནི་འཁྲིག་སྤྱོད་ཀྱི་བསུན་གཙེར་ཇེ་མང་དུ་འཕེལ་བཞིན་པ་དང་ལོ་ཆུང་ཚོར་འཁྲིག་སྤྱོད་དང་འབྲེལ་བའི་བསུན་གཙེར་དང་གནོད་འཚེ་ཇི་ལྟར་ཕོགས་བཞིན་པའི་དཔེ་མཚོན་ཞིག་རེད། དེ་ནི་མེ་ཊ་ཡི་ཨིན་སི་ཊ་གྷ་རམ་ཐོག་ཏུ་བྱུང་བ་ཡིན་པ་དང་བདེ་འཇགས་ལས་ཁུངས་ཀྱིས་དེ་ནི་ཞུ་སྙན་༦༩༥ འབྱོར་བའི་གྱོད་གཞི་ཡིན་པ་བརྗོད་ཡོད།

བསུན་གཙེར་བྱེད་མཁན་ཚོས་ཨིན་སི་ཊ་གྷ་རམ་མམ་ཊིན་ཌར་ལྟ་བུའི་སྤྱི་ཚོགས་བརྒྱུད་ལམ་ཞིག་ནས་འགོ་བཙུགས་ཏེ་ཝ་ཚེ་ཨེབ་དང་ཊེ་ལི་གྷི་རམ་ལྟ་བུའི་གླེང་མོལ་བྱེད་སའི་སྟེགས་བུ་ཁག་ཏུ་སྤོ་བཞིན་ཡོད།

ཨིན་མན་གྷི་རན་ཊེ་ལགས་ཀྱིས་གསུངས་དོན་ལ། ནག་ཚོང་དྲ་རྒྱ་ཁག་གིས་ཕོ་གཞོན་ཚོར་དམིགས་འབེན་དུ་འཛིན་པར་འཕྲུལ་ཆས་ཀྱི་ལག་རྩལ་གསར་པ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་དེའི་ནང་དུ་“གསར་གཏོད་རིག་ནུས་བེད་སྤྱད་ནས་ཧ་ཅང་མཛེས་སྡུག་ལྡན་པའི་མི་སྣ་བཟོ་བ།” “ངོ་གདོང་བརྗེ་སྒྱུར་གྱི་ལག་རྩལ་བེད་སྤྱོད་བྱེད་པ།” དང་“སྐད་ངོ་བརྗེ་སྒྱུར་གྱི་ལག་རྩལ་བེད་སྤྱོད་བྱེད་པ།” བཅས་ཚུད་ཡོད།

“དེ་ལྟར་ཉེས་ཅན་པ་དེ་ཚོས་ཕོ་གཞོན་ཚོར་དམིགས་འབེན་དུ་འཛིན་པའི་ཐབས་ལམ་དེར་བྱངས་ཆུབ་པ་ཆགས་ཡོད།” ཅེས་གསུངས།

“དེ་ནི་གནོད་འཚེ་ཆེ་བའི་ནག་ཉེས་ཤིག་སྟེ་སེམས་ཁམས་ཀྱི་སྡུག་བསྔལ་ཚབས་ཆེན་དང་སྐབས་རེ་རང་ཤི་རྒྱག་པའི་མཐའ་འབྲས་སུ་འགྱུར་སྲིད།”

གཞོན་སྐྱེས་ཚོར་སྤྱི་ཚོགས་བརྒྱུད་ལམ་བཀག་སྡོམ་གྱི་སྒྲིག་གཞི་དེ་ལས་ཀ་བྱེད་ཀྱི་ཡོད་དམ།

དྲ་ལམ་བདེ་འཇགས་ལས་ཁུངས་ཏུ་འབྱོར་བའི་ཞུ་སྙན་ལ་གཞིགས་ན། ཊིག་ཊོག་ནི་བྱིས་པ་ཚོར་འཁྲིག་སྤྱོད་ཀྱི་བྱ་འགུལ་བརྙན་པར་སོགས་ཀྱི་དཀའ་ངལ་འཕྲད་སའི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་དེར་གྱུར་ཡོད།

ཕྱི་ལོ་༢༠༢༥ ལོར་ཨོ་སི་ཊེ་ལི་ཡའི་ཉེས་དོན་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་ཅིག་གི་ནང་དུ་ཨོ་སི་ཊེ་ལི་ཡའི་གཞོན་སྐྱེས་བཅུའི་ནང་ནས་གཅིག་ལ་འཁྲིག་སྤྱོད་ཀྱི་བྱ་འགུལ་དང་འབྲེལ་བའི་བསུན་གཙེར་བྱུང་ཡོད་པ་དང་ཁོང་ཚོའི་ཁྲོད་ནས་ཕྱེད་ཀ་ལས་མང་བར་དཀའ་ངལ་དེ་ཐེངས་དང་པོར་མྱོང་སྐབས་ལོ་ ༡༦ ཟིན་མེད་པ་བཀོད་ཡོད།

ཨིན་མན་གྷ་རན་ཊི་ལགས་ཀྱིས་ཨོ་སི་ཊེ་ལི་ཡའི་ནང་དུ་ལོ་ཆུང་ཚོར་སྤྱི་ཚོགས་བརྒྱུད་ལམ་བཀག་སྡོམ་བྱས་ནས་ཟླ་བ་དྲུག་ལྷག་ཙམ་འགྲོ་བཞིན་ཡོད་ཀྱང་། ཕན་ནུས་ཆེན་པོ་ཐོན་མེད་པར་གསུངས་ཡོད།

དྲྭ་ལམ་བདེ་འཇགས་ལས་ཁུངས་ཀྱི་གསལ་བཤད་བྱས་པ་ལྟར་ན། ལོ་ན་༡༦ མན་གྱི་མི་རྣམས་ལ་སྤྱི་ཚོགས་བརྒྱུད་ལམ་གྱི་ངོ་བྱང་ཡོད་མེད་ལ་བརྟག་དཔྱད་བྱས་པར་ལོ་ཆུང་ཚོའི་སྤྱི་ཚོགས་བརྒྱུད་ལམ་ངོ་བྱང་ཡོད་པས་བདག་པོ་བརྒྱ་ཆ་༣༧ ཙམ་ཉུང་དུ་ཕྱིན་ཡོད།

ཁོང་གིས་ “སྤྱི་ཚོགས་བརྒྱུད་ལམ་བཟོ་བསྐྲུན་ཁང་ཁག་གིས་བཀག་སྡོམ་དེ་ལག་བསྟར་བྱེད་ཀྱི་མི་འདུག” ཅེས་གསུངས།

བཀག་སྡོམ་དེར་གཞིགས་ན་མེ་ཊ་ཡི་ཨིན་སི་ཊ་གྷ་རམ་དང་ངོ་དེབ་དང་། ཡུ་ཊུབ། སི་ནེབ་ཆ་ཊེ། ཝ་ཚེ་ཨེབ་ལྟ་བུའི་སྟེགས་བུ་ཁག་གིས་ལོ་ན་༡༦ མན་གྱི་མི་རྣམས་ལ་ངོ་བྱང་མེད་པ་ཡོང་རྒྱུར་“རན་ཚོད་ཀྱི་བཀག་སྡོམ་བྱེད་པའི་ཐབས་ལམ་”ལག་བསྟར་བྱེད་དགོས་ཀྱི་ཡོད།

འདས་ལོར་ཞིབ་འཇུག་པ་ཚོགས་པ་ཞིག་གིས་ལོ་ཆུང་ཚོའི་སྤྱི་ཚོགས་བརྒྱུད་ལམ་བཀག་སྡོམ་རྗེས་སུ་བཀོལ་སྤྱོད་བྱས་པའི་ལོ་ཚོད་ངེས་བརྟན་བྱེད་པའི་མཉེན་ཆས་ལ་ཚོད་ལྟ་བྱས་ཡོད། ཁོ་ཚོས་བེད་སྤྱོད་གཏོང་མཁན་ཚོས་རང་གི་ལོ་ན་༡༦ ཡིན་པར་བཤད་སྐབས། དྲྭ་སྟེགས་བཅུའི་ནང་ནས་དགུ་ཡིས་ལོ་ཚོད་ར་སྤྲོད་བྱེད་པའི་དཔང་རྟགས་དེ་ལས་ལྷག་པ་དགོས་འདུན་གཏོན་མེད་པ་ཤེས་ཡོད།

རྙེད་དོན་དེས་ལོ་ཚོད་བརྟག་དཔྱད་བྱེད་པའི་ཐད་ལ་བར་སྟོང་ཞིག་ཡོད་པ་བསྟན་ཡོད།

“ང་ཚོས་ཁོ་ཚོའི་ལག་བསྟར་བྱེད་སྟངས་ཞན་པོ་དེ་ཚོར་སྐྱོན་བརྗོད་བྱེད་ཀྱི་ཡོད།” ཅེས་ཨིན་མན་གྷི་རན་ཊེ་ལགས་ཀྱིས་གསུངས།

སྙན་ཐོ་དེ་ནི་ཕྱི་ལོ་ ༢༠༢༧ ལོའི་དཔྱིད་ཀ་ནས་བཟུང་ཨིན་ཇི་རྒྱལ་ཁབ་ཀྱིས་གཞོན་སྐྱེས་ཚོར་སྤྱི་ཚོགས་བརྒྱུད་ལམ་ལ་འཛུལ་ཞུགས་བྱེད་པ་ལ་བཀག་སྡོམ་ནན་པོ་བྱེད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པ་དང་དུས་མཚུངས་ཐོན་ཡོད།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now