འོན་ཀྱང་ཨེན་གྷ་སི་ཊེ་ལར་གྱིས་ཁོང་གིས་འགོ་ཁྲིད་བྱེད་པའི་མཉམ་འབྲེལ་ཚོགས་པ་དེས་ "ཨོ་སི་ཊེ་ལི་ཡའི་འཚོ་བ་སྐྱེལ་ལུགས་ལ་དང་ལེན་མེད་མཁན་" ཚོ་མེད་པ་བཟོ་རྒྱུའི་ཁས་ལེན་དེ་ཇི་ལྟར་བསྒྲུབ་རྒྱུ་ཡིན་པའི་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་བྱས་པ་ཉུང་ཤས་རེད།
ཉེ་ཆར་རྙིང་ཞེན་ཚོགས་པ་གཞིས་སྤོ་བར་ངོ་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་གཅིག་གི་ཆབ་སྲིད་ཚོགས་པ་པར་འོས་ཤོར་བཞིན་པའི་སྐབས་དེར། སུ་སན་ལེ་རྐུབ་སྟེགས་ལས་ཕབ་སྟེ་གསར་དུ་འདེམས་བསྐོས་བྱས་པའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཨེན་གྷ་སི་ཊེ་ལར་གྱིས་ཁོང་གིས་འགོ་ཁྲིད་བྱེད་པའི་གུ་ཡངས་ཚོགས་པའི་འཆར་གཞི་བཏོན་ཡོད།
ཊེ་ལར་དང་ཁོང་གི་ལས་རོགས་གསར་པ་ཇེན་ཧུམ་གཉིས་ཀྱིས་ཁྲལ་ཆག་དང་། སྡོད་ཁང་གི་རིན་གོང་ལྷོད་དུ་གཏོང་རྒྱུ། དེ་བཞིན་གློག་སྣུམ་སོགས་ནུས་པའི་སྲིད་བྱུས་ནང་ནས་"རང་འབྱུང་སྐྱེ་དངོས་ཁོ་ནར་དམིགས་པའི་ལྟ་གྲུབ་"ཕྱིར་འདོན་རྒྱུ་ཡིན་པར་གང་མྱུར་གྱིས་དམ་བཅའ་བཞག་ཡོད།
དེ་དག་ལས་དམིགས་བསལ་གཞིས་སྤོ་བའི་གྲངས་འབོར་གཅོག་དགོས་ཟེར་བཞིན་གཞིས་སྤོ་བའི་སྐོར་ལ་གཏམ་བཤད་ཤུགས་ཆེན་བྱས་ཡོད།
ཊེ་ལར་གྱིས་གཟའ་ཉི་མར་སི་ཀ་ཡི་གསར་འགྱུར་ཁང་ལ་བརྗོད་དོན། གཞིས་སྤོ་བའི་ཆུ་ཚད་ཧ་ཅང་དམའ་བ་དང་གྲངས་འབོར་མང་དྲགས་པ། ང་ཚོའི་འཚོ་བའི་ལམ་སྲོལ་ལ་ངོས་ལེན་མི་བྱེད་མཁན་དང་། ང་ཚོའི་བཟང་སྤྱོད་ཀྱི་རིན་ཐང་ལ་ཡིད་ཆེས་མེད་མཁན་ཚོར་ཆེད་དུ་སྒོ་བརྒྱབ་པ་བྱུང་མེད་ཅེས་བརྗོད་ཡོད།
གཞིས་སྤོ་བ་མང་དྲགས་པས་སྡོད་ཁང་དང་རྨང་གཞིའི་ཆ་རྐྱེན་ལ་གནོན་ཤུགས་ཐེབས་ཡོད་པ་དང་། ཁོང་གིས་གསུངས་གསལ། མ་འོངས་པར་གསང་བའི་ལས་ཁུངས་དག་གིས་ཡུལ་འདིའི་མི་སེར་ཆགས་མཁན་ཚོར་བརྟག་ཞིབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པའི་བསམ་འཆར་བཏོན།
ཊེ་ལར་གྱིས་"དེ་ནི་གལ་ཆེན་པོ་ཡིན། གཞིས་སྤོ་བ་ཚོས་སྔོན་ཆད་ང་ཚོའི་འཚོ་བའི་ལམ་སྲོལ་ལ་ངོས་ལེན་མི་བྱེད་པའི་རྣམ་པ་སྟོན་ཡོད་མེད་དང་། ཡང་ན་ས་ཆ་གཞན་ནས་ཞེ་སྡང་དང་དྲག་སྤྱོད་མཉམ་ཁྱེར་བྱས་ཡོད་མེད་བརྟག་དཔྱད་བྱེད་དགོས་"ཞེས་བཤད།
གུ་ཡང་ཚོགས་པར་འབྱུང་འགྱུར་འཕྲད་རྒྱུའི་དཀའ་ངལ།
བསམ་ཚུལ་བསྡུ་ལེན་པ་ཀོ་ས་མ་ར་སི་ཡིས། "འགོ་ཁྲིད་གསར་པའི་ནུས་ཤུགས་བསྣན་ཡང་། ཚོགས་པ་འདི་དཀའ་ངལ་ཅན་གྱི་གནས་སྟངས་ཤིག་ཏུ་ཡོད་"ཅེས་ཟེར།
གུ་ཡངས་ཚོགས་པར་ལེ་ཡི་སྐབས་སུ་མངོན་པའི་འོས་འཕེན་མཁན་མང་ཆེ་བའི་རྒྱབ་སྐྱོར་ཤོར་བ་ལྟ་བུའི་དཀའ་ངལ་དེ་དག་མུ་མཐུད་དུ་འཕྲད་བཞིན་ཡོད་དེ།
ས་མ་ར་སི་ཡིས་"སྔོན་ཆད་གུ་ཡངས་ཚོགས་པར་འོས་འཕེན་མཁན་གྱི་ལོ་རབ་དྲུག་བཅུ་དང་བརྒྱད་བཅུའི་ནང་སྐྱེས་པའི་མི་རབས་དང་གཡས་ཕྱོགས་པའི་ཆབ་སྲིད་ཚོགས་པ་འགའ་ཞིག་ད་ཡོད་དབུས་གཡས་གཙོ་བོར་བྱས་པའི་ཆབ་སྲིད་ཚོགས་པ་དེར་ངོས་ལེན་མི་བྱེད་པར་འགྱུར་བཞིན་ཡོད་པ་དང་། ཡར་རྒྱས་ལ་ཕྱོགས་མཁན་དང་བུད་མེད་འོས་འཕེན་མཁན་དག་ཀྱང་རྒྱང་དུ་འགྲོ་བཞིན་ཡོད།
ཨེན་གྷ་སི་ཊེ་ལར་གྱིས་གནད་དོན་འགའ་ཞིག་གི་ཐོག་ལ་ཧ་ཅང་རྙིང་ཞེན་ཆེ་བའི་ལྟ་ཕྱོགས་འཛིན་བཞིན་དུ་ཡར་རྒྱས་ལ་ཕྱོགས་མཁན་གྱི་མེལ་བྷོན་དང་སི་ཌི་ནི་གྱི་ཡུལ་མི་ཚོར་གཏམ་བཤད་བྱེད་ནུས་པའི་ཚུལ་སྤྱོད་འཛིན་མི་ཐུབ། ཁོ་རང་ཡང་སུ་ཛེན་ལེ་བཞིན་བཙིར་རྒྱུ་ཡིན་ཉག་གཅིག་རེད།" ཅེས་ཨེཨེ་པི་ལ་བཤད།
གུ་ཡངས་སྲིད་དོན་ཚོགས་པའི་བུད་མེད་ཀྱི་འབྲེལ་མཐུད་དབུ་བརྙེས་མཁན་རྩ་དགོངས་ཞུས་པ།
ཕྱི་ལོ་ ༢༠༢༡ ལོར་ཆར་ལོ་ཊི་མོར་ཊི་ལོག་གིས་གུ་ཡངས་སྲིད་དོན་ཚོགས་པའི་ནང་བུད་མེད་ཀྱི་སྐུ་ཚབ་འཕེལ་རྒྱས་གཏོང་ཆེད་དུ་ཧིལ་མ་འབྲེལ་མཐུད་ཚོགས་པ་གསར་འཛུགས་གནང་ཡོད། འོན་ཀྱང་ཚོགས་པའི་བུད་མེད་འགོ་ཁྲིད་ཐོག་མ་དེ་ཆབ་སྲིད་ཚོགས་པའི་ནང་ཁུལ་ནས་གྲོས་མཐུན་གྱིས་ཕྱིར་འབུད་བྱས་པའི་ཉིན་གཉིས་རྗེས་ཁོ་མོས་ཚོགས་པ་དེ་དང་གུ་ཡངས་ཚོགས་པའི་ཚོགས་མི་ནས་རྩ་དགོངས་ཞུས་ཡོད།
མོར་ཊི་ལོག་གིས་ཚོགས་པའི་ནང་ཚོགས་མི་ཕོ་མོའི་གྲངས་ཚད་ལ་ཚད་བཀག་བཟོ་རྒྱུའི་གྲོས་འཆར་གྱི་ཐོག་ལ་ཕྱག་ལས་གནང་ཡོད་པ་དང་། དེ་ཉེ་ཆར་ནིའུ་སའོ་ཝེལ་སི་ཡི་ཡན་ལག་གིས་དོར་བ་རེད།
ཁོ་མོས"ཉེ་ཆར་གྱི་གནས་ཚུལ་ལ་བརྟེན་ནས་ངས་བུད་མེད་དང་ཨོ་སི་ཊེ་ལི་ཡར་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་གཞན་ཡོད་པ་ཐག་བཅད་པ་ཡིན།"
ངས་ཧིལ་མ་ཡི་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལས་གནས་ནས་གོམ་པ་སྤོ་རྒྱུའི་དུས་ལ་སླེབས་པ་ཐག་བཅད་པ་དང་། ངས་རང་ཉིད་ཀྱི་གུ་ཡངས་ཚོགས་པའི་ཚོགས་མིའི་ཐོབ་ཐང་ཡང་བློས་བཏང་བ་ཡིན།" ཅེས་བརྗོད་ཡོད།
ཊེ་ལར་གྱིས་འོས་ཤོག་གྲངས་ ༣༤ ཐོབ་པར་བྱས་ནས་ འོས་གྲངས་ ༡༧ ལོན་པའི་སུ་ཛིན་ལེ་ཕམ་པར་བྱས། ཁོ་མོ་ལས་ཡུན་ཟླ་བ་དགུ་ཙམ་ལས་མ་ཕྱིན་པར་མཇུག་བསྒྲིལ་བ་རེད།
འོས་ཤོག་ཕམ་མ་ཐག་ལེ་ཡིས་མོ་རང་གི་ས་ཁོངས་ནིའུ་སའོ་ཐི་ཝལ་སི་ཡི་ཧྥེ་རར་རུ་བདུན་ཕྲག་འགའི་རིང་སྡོད་རྒྱུ་དང་། དེ་ནས་གྲོས་ཚོགས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པ་བསྒྲགས་པ་རེད།
དེའི་རྗེས་སུ་ཧྤེ་རར་ས་ཁོངས་ཀྱི་འཐུས་མི་གསར་པ་འདེམས་རྒྱུའི་ཆེད་དུ་ཁ་གསབ་འོས་བསྡུ་ཞིག་དགོས་བྱ་དགོས་ཀྱི་ཡོད། དེ་ནི་ཊེ་ལར་ལ་སྔ་པོ་ནས་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་རེད།
ཁོ་པས་མཉམ་འབྲེལ་ཚོགས་པ་ལས་ལྷག་པའི་འོས་གྲངས་ཐོབ་བཞིན་པའི་རང་དབང་ཅན་གྱི་སྡེ་ཁག་དང་རྒྱལ་ཁབ་གཅིག་གི་ཚོགས་པ་གཉིས་ཀ་ལ་ཁ་གཏད་གཅོག་ཐུབ་པའི་ར་སྤྲོད་བྱེད་དགོས་ཀྱི་ཡོད།།





