ཨི་རན་དམག་འཁྲུག་གི་རྐྱེན་པས་ཨོ་སི་ཊེ་ལི་ཡ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་རྡོ་སྣུམ་དང་ནུས་རྫས་ཀྱི་རིན་གོང་ལ་ཤུགས་རྐྱེན་ཐེབས་ཚུལ། NACA Feature

SYDNEY FUEL PRICES

རེ་གཟའ་མིག་དམར་ཉིན་སི་ཌི་ནི་གྱི་སྣུམ་ཁང་ཞིག་ཏུ་མེ་ཋོལ་གྱི་གོང་ཚད་སྟོན་པའི་པར་རིས། Source: AAP / སཱ་ར་ཝིལ་སན། ཨེ་པི་པི་པར་རིས།

འཛམ་གླིང་ཁྱོན་ཡོངས་ཀྱི་རྡོ་སྣུམ་གྱི་རིན་གོང་དེ་ལྡབ་འགྱུར་གྱི་འཕར་བའི་ཚད་ལ་སླེབས་ཡོད། དེ་ནི་ཨི་རན་དམག་འཁྲུག་གི་འགལ་ཟླ་དེ་བཞིན་ཁུལ་དེའི་ཡུལ་ལུང་ལ་རྒྱ་སྐྱེད་འགྲོ་བཞིན་ཡོད་པས་རེད། ལྷག་པར་དུ་ཧོར་མུ་ཛུ་མཚོ་འགག་བརྒྱུད་ནས་དངོས་ཟོག་སྐྱེལ་འདྲེན་སྒོ་རྒྱག་གི་ཡོད་པས་དམག་འཁྲུག་རྒྱུན་རིང་བྱུང་བ་ཡིན་ན་ནུས་རྗས་མཁོ་སྤྲོད་ཀྱི་བརྒྱུད་རིམ་ལ་ཉེན་ཁ་བྱུང་སྲིད་པ་རེད།


དཔྱད་ཞིབ་པ་ཚོས་ཤུགས་རྐྱེན་དེ་ད་ལྟ་ནས་ཚོར་ཐུབ་པ་དང་། དེས་འཛམ་གླིང་གི་དཔལ་འབྱོར་གྱི་མདུན་ལྗོངས་དང་ཚོང་ཟོག་གི་རིན་གོང་འཕར་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལུགས་བརྗོད་ཡོད།

འདི་ནི་འཛམ་གླིང་གི་རྡོ་སྣུམ་རྫས་སྐྱེལ་ལམ་ཁ་བྲེལ་ཟིང་ཆེ་ཤོས་དེ་ཡིན་ཞིང་། མཚོ་ཐོག་སྐྱེལ་འདྲེན་བྱེད་པའི་རྡོ་སྣུམ་གྱི་བརྒྱ་ཆ་ ༣༡ ཡི་དོད་དམ། ཉིན་རེར་རྡོ་སྣུམ་ཟོམ་ས་ཡ་ ༡༣ གྱི་ཚད་ཡིན།

ཨ་རི་དང་ཨི་སི་རལ་གྱིས་ཨི་རན་ལ་གཞུས་པའི་གཏོར་རྒོལ་རྗེས་ཨོ་མན་དང་ཨི་རན་གཉིས་ཀྱི་བར་དུ་གནས་པའི་རྡོ་སྣུམ་གྱི་གྷལ་ཧྤི་ཁུལ་གྱི་ཧོར་མུ་ཛུ་མཚོ་འགག་སྒོ་བརྒྱབ་ཡོད།

གྲུ་གཟིངས་རྣམས་ཀྱི་འགྲོ་བསྐྱོད་རྗེས་དྲངས་བྱེད་མཁན་མཚོ་འགྲུལ་ཟེར་བའི་བརྒྱུད་ལམ་དེས་ད་ཆ་མཚོ་འགག་དེ་བརྒྱུད་འགྲོ་མཁན་གྱི་གྲུ་གཟིངས་ཀྱི་འགྲུལ་བཞུད་བརྒྱ་ཆ་ ༧༠ ཉུང་དུ་ཕྱིན་པ་བསྟན་ཡོད། དེ་ནི་གྲུ་གཟིངས་ཁག་འགག་པ་དང་། ཡང་ན་ལམ་ཁ་གཞན་ཞིག་བླངས་པའི་རྒྱུ་མཚན་གྱིས་ཡིན་པ་རེད།།

ཨི་རན་གྱིས་རྡོ་སྣུམ་སྐྱེལ་འདྲེན་གྲུ་གཟིངས་གང་འདྲ་ཞིག་ཧོར་མུ་ཛུ་མཚོ་འགག་བརྒྱུད་ནས་འགྲོ་ཐབས་བྱས་ན་"མེ་སྤར་"རྒྱུ་ཡིན་ཞེས་བཤད་ཡོད་ཀྱང་། དེ་ལག་བསྟར་བྱེད་པར་དམག་དོན་གྱི་ཐོན་ཁུངས་རྣམས་དགོས་མཁོ་གཞན་ལ་བློས་གཏོང་བྱེད་དགོས་ཀྱི་ཡོད།

གནད་དོན་དེའི་རྐྱེན་གྱིས་འཛམ་གླིང་ཁྲོམ་རའི་ནང་རྡོ་སྣུམ་གྱི་རིན་གོང་བརྒྱ་ཆ་ ༨ ཡིས་ཉུང་མཐར་འཕར་ཡོད། རྒྱལ་སྤྱིའི་སྣུམ་གྱི་ཚད་གཞི་བྷ་རེན་ཊེ་ཁུ་རུ་ཌི་ནི་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༧ ནས་བཟུང་གཟའ་མིག་དམར་ཉིན་སྟེ་ ༣ ཚེས་ ༣ ཉིན་ཐེངས་དང་པོར་ཨ་སྒོར་ ༨༥ བརྒལ་ཡོད།

Strait of Hormuz - Iran Conflict
ཆེ་ཤེལ་འོག་ཧོར་མུ་ཛུ་མཚོ་འགག་གི་ས་ཁྲ། Source: SIPA USA / ཇྷོ་ན་ཐན་རཱ། ཨེ་པི་པི་པར་རིས།

འཛམ་གླིང་ཡོངས་སུ་དཔལ་འབྱོར་གྱི་ཁྲོམ་ར་གང་སར་ཉམས་རྒུད་ཕྱིན་ཡོད། མ་འཇོག་བྱེད་མཁན་ཚོས་མ་འོངས་པའི་དཔལ་འབྱོར་གྱི་ཤུགས་རྐྱེན་ལ་བསམ་གཞིག་བྱེད་བཞིན་ཡོད།

སུ་སན་ནཱ་སི་ཊེ་ཊར་(Sunsanah Streeter)ནི་ཝེལ་ཐི་ཁ་ལབ་བམ་དཔལ་འབྱོར་སྐྱིད་སྡུག་གི་མ་འཇོག་གི་ཐབས་ཇུས་པ་གཙོ་བོ་ཡིན།

ཊྲོམ་གྱིས་འགལ་ཟླ་དེ་བདུན་ཕྲག་བཞི་ཙམ་མམ་ཡང་ན་དེ་ལས་ཀྱང་རིང་བ་གནས་སྲིད་པར་བརྗོད་ཡོད།

ལྷག་པར་དུ་ཟས་སོང་དང་རྡོ་སྣུམ་གྱི་རིན་གོང་དང་འབྲེལ་བ་ཡོད་པར་བརྟེན། འགལ་ཟིང་དེ་དངོས་ཟོག་ཉེར་སྤྱོད་བྱེད་མཁན་ཚོར་འབྱུང་འགྱུར་གནས་སྟངས་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ཐད་སེམས་ཁྲལ་སྐྱེ་གཞི་ཆགས་ཡོད། །

བློ་འཚབ་དེ་དག་ལ་གསལ་སྟོན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊྲམ་གྱིས་གསར་འགོད་པ་ཚོར་དམག་འཁྲུག་དེ་མཇུག་བསྒྲིལ་རྗེས་རྡོ་སྣུམ་གྱི་རིན་གོང་ཆག་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ལུགས་བརྗོད་ཡོད།

རྒྱལ་ཁབ་གཉིས་པོ་ཕན་ཚུན་གྲོས་མོལ་བྱས་རྗེས། འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མར་ཛི་(Friedrich Merz)ཡིས་གོ་ལ་ཡོངས་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པ་དེ་ཉུང་དུ་གཏོང་དགོས་ཞེས་གསུངས་ཡོད།

ཨོ་སི་ཊེ་རེ་ལི་ཡའི་ནང་། རྡོ་སྣུམ་ཚོང་ཁང་དུ་སྒུག་སྡོད་མཁན་གྱི་མི་ཚོགས་ཇེ་མང་དུ་འགྲོ་བཞིན་པ་ལ་བརྟེན་ནས་ནུས་ཤུགས་བཀའ་བློན་ཁི་རི་སི་བོ་ཝེན་(Chris Bowen)གྱིས་མི་མང་ལ་ཉེན་བརྡ་བཏང་དོན།

ཁྲལ་མཛོད་པ་ཇིམ་ཆལ་མར་(Jim Chalmers)གྱིས་ཨོ་སི་ཊེ་ལི་ཡའི་འགྲན་རྩོད་དང་ཉེར་སྤྱོད་པའི་ལྷན་ཁང་ལ་རྡོ་སྣུམ་གྱི་རིན་གོང་ལ་ལྟ་རྟོག་བྱེད་པ་དང་། རིན་གོང་འཕར་མ་སྤར་བའི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བཏང།

དབུས་གཞུང་དངུལ་ཁང་གི་སྤྱི་ཁྱབ་མི་ཆེ་ལེ་བྷུ་ལོག་(Michele Bullock)གིས་རྗེས་མ་ག་རེ་འབྱུང་མིན་ལ་ངེས་གཏན་མེད་ཅེས་བརྗོད་ཡོད།

རེ་གཟའ་མིག་དམར་ཉིན་སི་ཌི་ནི་རུ་ཚོགས་པའི་ཨོ་སི་ཊེ་ལི་ཡའི་དཔལ་འབྱོར་བསྐྱར་ཞིབ་ཚོང་ལས་ཚོགས་འདུ་ལ་གཏམ་བཤད་བྱེད་སྐབས། ཁོ་མོས་དབུས་དངུལ་ཁང་གིས་ནུས་ཤུགས་ཀྱི་རིན་གོང་དང་དེས་ཨོ་སི་ཊེ་ལི་ཡའི་དཔལ་འབྱོར་དང་ཡུལ་ཐང་འཕར་ཆ་ལ་ཤུགས་རྐྱེན་ཐེབས་པའི་གནས་སྟངས་སྣ་ཚོགས་ལ་ཚོད་དཔག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།

ནུས་ཤུགས་དཔྱད་ཞིབ་པ་ཇེ་སི་རལ་སི་ཊོན་(Jess Ralston)གྱིས་རྒྱལ་ཁབ་ཁག་གིས་ད་ཆ་རྡོ་སྣུམ་ལ་བརྟེན་ཤུགས་ཉུང་དུ་གཏོང་རྒྱུར་བསམ་གཞིག་གང་གཟབ་བྱེད་དགོས་པར་གསུངས་ཡོད།


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now